མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱལ་ཚོཊ་ནང་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་རྣམས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་གནང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་པ་བཞི་ཡིས་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པའི་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་ཐད་སེམས་འཚབ་བསྟན་པ་དང་འབྲེལ་རྒྱ་ནག་གཞུང་ནས་ཁོང་ཚོ་གང་མགྱོགས་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བཏང་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གང་བྱུང་འཛིན་བཟུང་ (Arbitrary Detention) དང་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་ (Involuntary Enforced Disappearances)། དེ་བཞིན་གྲངས་ཉུང་མི་རིགས་དང་ཆོས་དད་རང་དབང་གི་གནད་དོན་ཐད་ཀྱི་དམིགས་བསལ་སྐུ་ཚབ་བཅས་ཚོགས་པ་བཞི་ཟུང་འབྲེལ་གྱིས།  རྒྱ་ནག་གཞུང་གིས་གང་བྱུང་འཛིན་བཟུང་བཙན་འཁྲིད་དང་གར་སོང་ཆ་མེད་དུ་གྱུར་བའི་གཞིས་བཞུགས་རྩོམ་པ་པོ་སྒོ་ཤེར་རབ་རྒྱ་མཚོ་ལགས་དང་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་གཉིས་ཀྱི་གནད་དོན་ཐད་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་པ་རྒྱ་ནག་གཞུང་དང་ལྷན་དུ་གླེང་སློང་བྱས་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཚོགས་པ་བཞི་ཡི་བློ་འཚབ་སྐྱེས་དགོས་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་མི་འཛིན་བཟུང་བྱས་པ་ཁོ་ན་ཙམ་མ་ཡིན་པར། གང་བྱུང་འཛིན་བཟུང་དང་འབྲེལ་མཐུད་མེད་པའི་བཀག་སྡོམ། ཉེས་མེད་ཉེས་འཛུགས་ཀྱི་ཁྲིམས་ཆད་དང་གསང་བའི་ཁྲིམས་གཤེར་སོགས་བྱེད་བཞིན་པ་ནི་ཧ་ཅང་སེམས་འཚབ་སྐྱེ་ཡུལ་ཞིག་ཡིན་པ་དང་། མ་ཚད་བོད་མི་ཁག་ཅིག་བཙན་གནོན་གྱི་གནས་སྟངས་འོག་གར་སོང་ཆ་མེད་དུ་གྱུར་འགྲོ་ཡི་ཡོད་སྐོར་སོགས་བརྗོད་ཡོད་འདུག

དེ་འབྲེལ་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་ཚོགས་ནང་ཁྲིམས་དོན་ཞུ་གཏུག་གི་འགན་འཛིན་སྐུ་ཞབས་ (Kai Mueller) ལགས་ཀྱིས། ད་རེས་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་རྒྱ་གཞུང་དང་ལྷན་དུ་བོད་དོན་གླེང་བར་དགའ་བསུ་ཞུ་ཡི་ཡོད།  གྲྭ་རིན་ཆེན་ཚུལ་ཁྲིམས་དང་སྒོ་ཤེར་རབ་རྒྱ་མཚོ་གཉིས་ཀྱི་གནད་དོན་གྱིས་བོད་ནང་སྨྲ་བརྗོད་དང་བསམ་བློའི་རང་དབང་མེད་པར་དྲག་གནོན་བྱེད་ཀྱི་ཡོད་པ་མངོན་གྱི་ཡོད།  གྲྭ་རིན་ཆེན་ཚུལ་ཁྲིམས་དང་སྒོ་ཤེར་རབ་རྒྱ་མཚོ་གཉིས་ནས་རང་དབང་གིས་སྐད་ཆ་བཤད་པའི་ རྒྱུ་མཚན་གྱིས་འཛིན་བཟུང་བཀག་ཉར་བྱས་ཡོད་སྟབས།  རྒྱ་ནག་གཞུང་གིས་ཁོང་གཉིས་ངེས་པར་དུ་མགྱོགས་མྱུར་ཀློད་གྲོལ་གཏོང་དགོས་ཀྱི་ཡོད།

དུས་ཡུན་རིང་པོར་འབྲེལ་ལམ་མཐུད་མ་ཐུབ་པར་འཛིན་བཟུང་བཀག་ཉར་བྱས་པ་ནི་སེམས་འཚབ་སྐྱེ་དགོས་པ་ཞིག་རེད།  རྒྱུ་མཚན་ནི་ཁོ་ཚོ་བཙོན་མའི་གྲས་སུ་ཐོ་འགོད་བྱས་མེད་པས་སྡུག་སྦྱོང་ཚད་མེད་བཏང་བའི་ཉེན་ཁ་ཡོད་པ་དང་། འདི་ལོའི་ལོ་མགོར་བོད་མི་གཉིས་འཛིན་བཟུང་བཀག་ཉར་གྱིས་རྨས་སྐྱོན་ཚབས་ཆེན་ཕོག་པའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད། དེར་བརྟེན། ང་ཚོས་གནད་དོན་དེ་དག་ཛ་དྲག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་མ་ཟད། ང་ཚོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གཞུང་། གྲོས་ཚོགས་སོགས་ནས་རྒྱ་ནག་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་དང་སྒོ་ཤེས་རབ་རྒྱ་མཚོ། དེ་བཞིན་བོད་དོན་གྱི་གནད་དོན་ཐད་ལ་གླེང་སློང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད།  བོད་ལ་ད་ལྟའང་འགྱུར་བ་གང་ཡང་ཕྱིན་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཉམས་རྒུད་མི་འགྲོ་བའི་སླད་དུ་རྒྱལ་ཁབ་ཚང་མས་གནད་དོན་འདི་གླེང་སློང་དགོས་ཀྱི་ཡོད  ཅེས་བརྗོད་ཡོད་འདུག

གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ནི་ཁཱ་ཤུལ་སྡེ་བའི་གཉེར་བ་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ད་ལྟ་རང་ལོ་ ༢༩ ཡིན་པ་དང་ཁོང་དགུང་ལོ་དྲུག་ཙམ་ནས་རྔ་ཡུལ་གྱི་བོན་དགོན་ཆེ་ཤོས་སྣང་ཞིག་དགོན་པར་ཆོས་ཞུགས་བྱས་ཏེ་སྔགས་ཀྱི་འཛིན་གྲྭར་ཐོན་ཡོད་འདུག ཁོང་གི་ཕ་མིང་ལ་བཀྲ་ཤིས་དོན་གྲུབ་དང་ལོ་ ༦༨ ཡིན་ཞིང་། མ་མིང་ལ་མཚོ་མོ་ཟེར་ཞིང་ལོ ༥༧ ཡིན་འདུག ཁོང་ལ་ཀུན་བཟང་སྒྲོལ་མ་ཚུད་པའི་ཕ་མ་གཅིག་གི་སྤུན་མཆེད་ ༥ ཡོད་འདུག  ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ ཉིན་རྔ་བ་རྫོང་ཁོངས་ཀོར་མདོ་ས་ཚིགས་ནས་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་ཤིང་། རྔ་བ་ཁུལ་གྱི་བོན་དགོན་ཆེ་ཤོས་སྣང་ཞིག་དགོན་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སུ་ཁྲི་ཏུན་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་གིས་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་འདུག  འདི་ལོའི་ཕྱི་ཟླ་ ༩ ནང་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ལ་ནང་མི་སྤུན་མཆེད་སུ་ཡིན་རུང་དངོས་སུ་ཐུག་འཕྲད་བྱས་མི་ཐུབ་པ་དང་བཙོན་ཁང་དུ་ཡོད་པའི་རིང་དྲ་ལམ་དུའང་ཐུག་འཕྲད་བྱས་ཐུབ་མི་འདུག  དེར་བརྟེན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ཀྱི་གནས་སྟངས་ཐོག་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་དང་ཁོང་གི་ནང་མི་རྣམས་ལ་ཐུག་འཕྲད་ཀྱི་མཐུན་རྐྱེན་མེད་པས་དེའི་སྐོར་གླེང་སློང་ཤུགས་ཆེན་བྱེད་ཀྱི་ཡོད།

སྒོ་ཤེར་རབ་རྒྱ་མཚོ་ནི་བོད་མི་ནང་པའི་ཤེས་ཡོན་ཅན་སྙན་གྲགས་ཅན་ཞིག་ཡིན་པ་དང་། རང་ལོ་ ༤༦ ཡིན་ཞིང་། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིིན་ (Chengdu, Sichuan) ལ་འཛིན་བཟུང་བཀག་ཉར་བྱས་འདུག  འོན་ཀྱང་ཁོང་འཛིན་བཟུང་བྱས་པའི་རྒྱུ་མཚན་དང་གནས་ཚུལ། ད་ལྟ་ཁོ་རང་གང་དུ་ཡོད་པའི་སྐོར་གང་ཡང་མེད་པ་རེད་འདུག  དེར་བརྟེན་ཁོང་འཛིན་བཟུང་བཀག་ཉར་བྱས་པའི་རྒྱུ་མཚན་གསལ་པོ་མི་འདུག  ཁོང་ནི་ (Prolific Writer) རིགས་རྒྱུན་སྤེལ་ཤུགས་ཆེ་བའི་རྩོམ་པ་པོ་ཡིན་པ་དང་ཁོང་གིས་ (Tibetan Buddhist Philosophy) དང་རྒྱུན་སྲོལ་གོམས་གཤིས། རིག་གཞུང་གི་སྐོར་ལ་དེབ་ཁ་ཤས་པར་འགྲེམས་བྱས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༡༣ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

མཆན། 1

  1. བརྩོན་རྒྱམ། says:
    ལོ་ 2 སྔོན།

    འདི་ནི་ཧ་ཀྱང་གི་གལ་ཆེན་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist