མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དྷ་རམ་ས་ལ་སོགས་ས་གནས་ཁ་ཤས་ནང་ཏོག་དབྱིབས་ནད་པ་ཇེ་མང་དུ་འགྲོ་ཡི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་བདུན་ཕྲག་གཅིག་རིང་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་ ༣༦ ལ་ཏོག་དབྱིབས་ན་ཚ་ཕོག་ཡོད་པ་དང་བོད་མི་འདུས་སྡོད་ཀྱི་ས་གནས་ཁ་ཤས་ནང་ཏོག་དབྱིབས་ནད་པ་ཇེ་མང་དུ་འགྲོ་ཡི་ཡོད་པས་ཚང་མས་ཡིད་གཟབ་དགོས་པའི་འབོད་སྐུལ་གནང་འདུག

 དེ་རིང་ཉིན་རྒྱབ་ཆུ་ཚོད་ ༤ ཙམ་གྱི་སྟེང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༧༧ སྤེལ་བ་ལྟར་ན། འདས་པའི་བདུན་གཅིག་ནང་རྒྱ་གར་གྱི་ས་གནས་ ༡༣ དང་བལ་ཡུལ་གྱི་ས་གནས་ ༥ ཡི་ནང་རང་ཁྱིམ་ལ་ཟུར་བཀག་ཏུ་སྡོད་མཁན་བོད་མི་ ༥༠༤ དང་ཚོགས་སྡེའི་ཟུར་བཀག་ཁང་དུ་མི་ ༤༦༥ བཅས་ཁྱོན་བསྡོམས་མི་གྲངས་ ༩༦༩ ཟུར་བཀག་འོག་ཡོད་པ་དང་། རྒྱ་གར་ནང་ཏོག་དབྱིབས་ནད་གཞི་གསར་དུ་འཕོག་མཁན་བོད་མི་ ༣༦ བྱུང་བའི་ཁྲོད་ནས་ལོ་ན་མཐོ་ཤོས་ ༨༣ དང་ལོ་ན་ཆུང་ཤོས་བྱིས་པ་ལོ་གཉིས་ཅན་ཞིག་ཡིན་འདུག

གསར་འགོད་གསལ་བསྒྲགས་སྐབས་སྨན་པ་མཚམས་གཅོད་ལགས་ཀྱིས། རྡ་ས་ཁུལ་དང་གཞིས་ཆགས་ཁ་ཤས་སུ་ཏོག་དབྱིབས་རིམས་ནད་འཕོག་མཁན་ཇེ་མང་དུ་འགྲོ་མུས་ཡིན་པས། ཏོག་དབྱིབས་རིམས་ནད་ཀྱི་དུས་སུ་ཟས་བཅུད་ཚད་ལྡན་ལ་བསྟེན་དགོས་པ་དང་། ཉིན་རེའི་ཀུན་སྤྱོད་སོགས་ལ་ཡིད་འཇོག་བྱ་དགོས་པ་ལྟར། བོད་མི་ཚོས་སྤྱི་ཚོགས་རྒྱང་སྐྱེད་ཀྱི་ཐོག་ནས་མི་དང་མིའི་བར་ལ་བར་ཐག་འཇོག་དགོས་པ་དང་། ཁ་རས་སྤུས་ལེགས་རིགས་གྱོན་དགོས་ཤིང། ལྷག་པར་མང་ཚོགས་ཀྱི་ཁྲོད་དུ་འགྲིམ་འགྲུལ་བྱ་དགོས་ཁེལ་ཚེ་ཁ་རས་ཉིས་རྩེག་གྱོན་དགོས། དེ་བཞིན་རིམས་ནད་འགོས་མཁན་ཡོད་ཚེ། ས་གནས་སོ་སོའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་ཚོགས་ཆུང་ལ་འབྲེལ་བ་བྱས་ནས་བོད་ལུགས་དང་ཕྱི་ལུགས་ཀྱི་སྨན་སོགས་བསྟེན་དགོས་པ་དང་། གནམ་གཤིས་སོགས་འགྱུར་ལྡོག་འགྲོ་མུས་ཡིན་པས་ཆམ་ནད་རིགས་ཕོག་སླ་སྟབས། སོ་སོའི་ལུས་ཕུང་ལ་བདག་གཅེས་བགྱིས་ནས་འཚོ་བཅུད་ལ་བསྟེན་དགོས་པ་དང། སེམས་ཞུམ་མི་ཉན་པར་ནད་ཡམས་མ་འགོས་གོང་ནས་དོགས་ཟོན་བྱ་དགོས་སྐོར་གྱི་ལམ་སྟོན་སོགས་གནང་འདུག

ཡང་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། རྒྱལ་སྤྱིའི་ཆེད་མཁས་པ་རྣམས་ཀྱིས་ཟླ་བ་ ༡༠ པའི་ནང་རྒྱ་གར་དུ་ཏོག་དབྱིབས་རིམས་ནད་ཀྱི་ནད་རླབས་གསུམ་པ་ཡོང་ཉེན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་ལྟར། རྒྱ་གར་གྱི་ས་གནས་ཁ་ཤས་སུ་ནད་པ་མང་དུ་འགྲོ་མུས་ཡིན་པ་དང་། བོད་པའི་གཞིས་ཆགས་ཁ་ཤས་ཀྱི་ནང་དུའང་ནད་པ་མང་དུ་འགྲོ་མུས་ཡིན་པས། ཚང་མས་སོ་སོའི་འཕྲོད་བསྟེན་ལ་བདག་གཅེས་ཀྱིས་སྔོན་འགོག་སྨན་ཁབ་བརྒྱག་དགོས་སྐོར་གྱི་ལམ་སྟོན་སོགས་གནང་འདུག

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་བར་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་ཐེངས་གཉིས་བརྒྱབ་ཟིན་པའི་མི་གྲངས་  ༣༣༢༠༦  དང་ཐེངས་དང་པོ་བརྒྱབ་ཟིན་པའི་གྲངས་འབོར་ཁྱོན་ ༡༧༠༤༦  ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པ་མི་  ༣༡༩༡ དང་འགོག་ཁབ་ཚར་དང་པོ་ཐོབ་མཁན་མི་གྲངས་ ༥༣༣ ཆགས་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ནས་བཟུང་རྒྱ་ནག་ཝུའུ་ཧན་གྱི་ཏོག་དབྱིབས་གཉན་རིམས་དེ་འཛམ་གླིང་གང་སར་ཁྱབ་པའི་མགོ་བརྩམས་ཡོད་པ་དང་། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་ ༦༣༡༠ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༦༡༠༥ དང་། འདས་གྲོངས་སུ་ཕྱིན་པ་ ༡༥༠། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པ་བོད་མི་ ༥༥ ཡོད་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྩམ་པ་རང་གིས་བཟས་ནས་ལག་པ་གཞན་ལ་ཕྱིས།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་བཅུགས་ཟིན་པ།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

༢༠༢༣/༠༩/༣༠
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

༢༠༢༣/༠༩/༣༠
Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

༢༠༢༣/༠༩/༢༩
Mobile App

སྲིད་སྐྱོང་མཆོག་ནས་བོད་ཀྱི་བདེན་མཐའ་གསལ་ན་བོད་ཀྱིས་རྒྱ་དཀར་ནག་བར་གྱི་ཟམ་པ་ལྟ་བུ་བྱེད་ཐུབ་སྐོར་གསུངས།

༢༠༢༣/༠༩/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist