མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་མུ་མཐུད་བོད་དང་ཡུ་གུར་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱབ་སྐྱོར་འོག་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཡུ་གུར་བར་དྲག་གནོན་མཚོན་པའི་པར་རིས་འགྲེམས་སྟོན་བྱས་པ་དང་བསྟུན་ཨ་རིས་བོད་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

The display at a United States-backed Uighur photo exhibit of dozens of people who are missing or alleged to be held in Chinese-run camps in Xinjiang, China in front of the United Nations in Geneva, Switzerland, September 16, 2021.
Reuters/Denis Balibouse

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཡུ་རོབ་རྒྱལ་ཁབ་སིད་སིའི་ནང་ཤིན་ཅང་ཁུལ་དུ་གར་སོང་ཆ་མེད་དུ་གྱུར་བ་དང་སློབ་གསོ་སྒྱུར་བཀོད་ཁང་ཟེར་བའི་ནང་བཀག་ཉར་བྱས་ཡོད་པའི་ཡུ་གུར་བའི་གནས་སྟངས་མཚོན་པའི་འགྲེམས་སྟོན་ཞིག་བྱས་ཡོད་པ་དང་། སྐབས་དེར་ཨ་རིའི་གཞུང་ཚབ་མི་སྣས། ཨ་རིས་མུ་མཐུད་རྒྱ་ནག་གི་དྲག་གནོན་སྲིད་ཇུས་འོག་རྡོག་རོལ་ཐེབས་བཞིན་པའི་བོད་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་འགྲོ་བ་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

དེ་འབྲེལ་ཐད་ཨ་རིའི་སྐུ་ཚབ་མི་སྣ་བྷན་ཇཱ་མེན་ (Benjamin Moeling) ལགས་ཀྱིས། ང་ཚོས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ཀྱི་ཡང་སྙིང་གཙོ་བོ་ནི་འགྲོ་བ་མིའི་ཐོབ་ཐང་ཆགས་ཀྱི་ཡོད། ང་ཚོས་མུ་མཐུད་རྒྱ་ནག་གིས་རྒྱ་ནག་རྒྱལ་ཡོངས་དང་། བོད་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནས་སྟངས་ཡོངས་བསྒྲགས་བྱེད་ཀྱི་ཡིན། ཞེས་བརྗོད་ཡོད་པ་རེད།

ཐེངས་འདིའི་འགྲེམས་སྟོན་གྱི་ཁ་བྱང་ལ་ ༼ཡུ་གུར་བའི་འབོད་སྒྲ། འགྲོ་བ་མིའི་ཐོབ་ཐང་གི་འགྲེམས་སྟོན་༽ཞེས་བཏགས་ཡོད་ཅིང་། འགྲེམས་སྟོན་དེའི་སྟེང་རྒྱ་ནག་གི་བཙན་གནོན་འོག་གར་སོང་ཆ་མེད་དུ་གྱུར་བ་དང་འཛིན་བཟུང་བཀག་ཉར་བྱས་པ། དེ་བཞིན། ཤིན་ཅང་ཁུལ་གྱི་ངལ་སྩོལ་དང་སློབ་གསོ་སྒྱུར་བཀོད་ཁང་ནས་བྲོས་ཐར་བྱུང་ཞིང་། སྐྱེ་སྒོ་འགོག་ཐབས་ཀྱི་སྡུག་སྦྱོང་གི་མནར་གཅོད་མྱོང་མཁན་ལ་ཡིག་བརྙན་གཉིས་ཀྱི་ཐོག་ནས་བཅར་འདྲི་བྱས་པ་སོགས་འགྲེམས་སྤེལ་བྱས་ཡོད་འདུག

གནད་དོན་དེའི་ཐད་སུད་སིར་ཡོད་པའི་རྒྱ་ནག་གི་སྐུ་ཚབ་ཇི་ཨན་ཏཱོན་ (Jiang Duan) ཟེར་བས། ཨ་རིས་རང་གི་སྟོབས་ཤུགས་གཞིར་བཟུང་ཨ་རི་བའི་བདེ་སྡུག་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ལེགས་སུ་གཏོང་དགོས་པ་མ་གཏོགས།  རྒྱལ་ཁབ་གཞན་གྱི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་ཆབ་སྲིད་ཀྱི་གཡོ་ཇུས་བཤམ་རྒྱུ་མེད། ཅེས་ལན་འདེབས་བྱས་ཡོད་འདུག

Zumretay Arkin, Program and Advocacy Manager at the World Uighur Congress, in front of the exhibit outside the United Nations.
Reuters/Denis Balibouse

འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་དྲིལ་བསྒྲགས་དང་ལས་གཞིའི་འགན་འཛིན་ ( Zumretay Arkin) ལགས་ཀྱིས། ང་ཚོས་ཡུ་གུར་བའི་གནས་སྟངས་འགྲེམས་སྟོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། མི་མང་པོ་ཞིག་གིས་རྒྱ་ནག་གི་དྲག་གནོན་འོག་གནས་པའི་ཡུ་གུར་བའི་གྲངས་འབོར་དྲན་པ་བརྗེད་སླ་སྲིད་ཀྱང་། ཁོ་ཚོས་འགྲེམས་སྟོན་ལས་མི་དེ་དག་གི་ངོ་གདོང་མཐོང་བ་བརྒྱུད། ཡུ་གུར་བའི་གནས་སྟངས་ཛ་དྲག་ཡིན་པ་ཚོར་ཐུབ་པའི་རེ་བ་ཡོད། ཅེས་བརྗོད་ཡོད་པ་དང་། ཡུ་གུར་བའི་འགྲེམས་སྟོན་དེར་ཨ་རིས་འགྲོ་གྲོན་གཏོང་གི་ཡོད་ཅིང་། ཡུ་རོབ་རྒྱལ་ཁབ་སྦེལ་འཇམ་དང་འཇར་མན་སོགས་སུ་མུ་མཐུད་འགྲེམས་སྟོན་བྱེད་རྩིས་ཡོད་འདུག

ཤིན་ཅང་ཁུལ་གྱི་ཡུ་གུར་མི་མང་གི་དྲག་གནོན་གནས་སྟངས་མཚོན་པའི་འགྲེམས་སྟོན་དེ་ནི། ད་ལྟ་སིད་སིའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་ ༦༧ པ་འཚོགས་བཞིན་པའི་སྐབས་དང་བསྟུན། གྲོང་ཁྱེར་ཇི་ནེ་བའི་རྒྱལ་ཚོགས་ཀྱི་མདུན་ཐང་དུ་འགྲེམས་སྟོན་བྱས་ཡོད་ཅིང་། ད་ལྟ་སིད་སིའི་གྲོང་ཁྱེར་ཇི་ནེ་བའི་ནང་བོད་མི་རིགས་གཙོ་བྱས་པའི་རྒྱ་ནག་གི་དྲག་གནོན་དབང་སྒྱུར་འོག་གནས་པའི་མི་རིགས་ཁག་གི་ཚབ་མཚོན་ཚོགས་སྡེ་ཁག་དང་རྒྱབ་སྐྱོར་བ་སོགས་ནས་རྒྱ་ནག་བཙན་གནོན་དབང་སྒྱུར་ལ་ངོ་རྒོལ་དང་རྒྱལ་ཚོགས་ནང་དྲང་བདེན་ལ་རྒྱབ་སྐྱོར་ཡོང་སླད་ཞུ་གཏུག་གི་ལས་འགུལ་སྤེལ་མཁན་མང་པོ་འབྱུང་གི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese