མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་སྔོན་འགོག་གི་ལས་དོན་སྤེལ་ཏེ་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དགུང་གྲངས་ ༧༡ ཕེབས་པའི་འཁྲུངས་སྐར་དང་བསྟུན་དྷ་ས་བོད་ཁྱིམ་ཉིན་སློབ་ཏུ་བོད་མི་གཙོ་བོར་གྱུར་བའི་རྒྱ་གར་ཡུལ་མི་བཅས་ལ་ཏོག་དབྱིབས་འགོག་ཁབ་རྒྱག་པ་དང་བརྟག་དཔྱད་བྱེད་བཞིན་འདུག་ལ་དེ་རིང་ཉིན་རྒྱབ་བར་ཏོག་དབྱིབས་འགོས་མཁན་གསུམ་ཤེས་རྟོགས་བྱུང་ཡོད་འདུག

དེ་རིང་རྒྱ་གར་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་དང་བསྟུན།  དྷ་ས་བོད་ཁྱིམ་ཉིན་སློབ་ཏུ་བདེ་ལེགས་སྨན་ཁང་གིས་གཙོ་འགན་བླངས་ཏེ། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་དང་རོ་ཊ་རི་(Rotary Club)། ཧིན་བོད་མཛད་འབྲེལ་ཚོགས་པ། ཀུན་ཕན་བདེ་རྩ་བཅས་མཉམ་རུབ་ཀྱིས། བོད་མི་དང་རྒྱ་གར་ཡུལ་མིར་ཏོག་དབྱིབས་འགོག་ཁབ་དང་། ཏོག་དབྱིབས་བརྟག་དཔྱད་གནང་གི་འདུག་ལ། འཁྲུངས་སྐར་སྲུང་གཙིའི་ཐོག་ཀང་ར་རྫོང་གི་རྫོང་དཔོན་གཞོན་པ་སྐུ་ཞབས་རཱ་ཧུལ་ཀུ་མར་ (Rahul Kumar )ལགས་དང་སྨན་པ་ཆེན་མོ་སོགས་ཕེབས་འདུག

དེ་རིང་ཉིན་བརྒྱབ་ཆུ་ཚོད་ ༣ མ་ཟིན་ཙམ་ལ་བདེ་ལེགས་སྨན་ཁང་གི་སྨན་པ་བརྩོན་འགྲུས་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་པ་ལྟར་ན། རིན་མེད་ཐོག་མི་གྲངས་ ༥༠༠ ལྷག་ལ་ཏོག་དབྱིབས་འགོག་ཁབ་བརྒྱག་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད་ལ།  དེ་རིང་ཞོགས་པ་ནས་ད་ལྟ་བར་མི་གྲངས་ ༣༢ ལ་འགོག་ཁབ་བརྒྱབ་ཟིན་པ་དང་། མི་གྲངས་ ༢༢ ལ་ནད་གཞི་བརྟག་དཔྱད་བྱས་པའི་ཁྲོད། མི་ ༣ ལ་ཏོག་དབྱིབས་འགོས་ཡོད་འདུག  ད་ལྟ་མུ་མཐུད་འགོག་ཁབ་རྒྱག་པ་དང་བརྟག་དཔྱད་གནང་མུས་ཡིན་འདུག

 ཞོགས་པའི་མཛད་སྒོའི་ཐོག་སྐུ་ཞབས་རཱ་ཧུལ་ཀུ་མར་ (Rahul Kumar )  ལགས་ཀྱིས། དེ་རིང་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དགུང་གྲངས་ ༧༡ ཕེབས་པའི་འཁྲུངས་སྐར་དང་བསྟུན་ང་རང་འདིར་བཅར་བ་ཡིན་ལ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ཅིག་གིས་སྨན་བཅོས་ལྟ་སྐྱོང་གི་ས་ཚུགས་བཙུགས་ཏེ། མི་མང་ལ་འགོག་ཁབ་རྒྱག་གིན་ཡོད་སྟབས། ངས་ཁོང་ཅག་གི་བྱ་བ་ལམ་ལྷོངས་ཡོང་བའི་རེ་བ་ཡོད། གལ་ཏེ་རྡ་སའི་ཁུལ་དུ་ཏོག་དབྱིབས་འགོག་ཁབ་ཀྱི་དཀའ་ཁག་རིགས་བྱུང་ཚེ། ང་ཚོའི་མཐུན་འགྱུར་རོགས་རམ་གནང་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

ཡང་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས། བོད་མི་རྣམས་ཀྱི་སྐད་ཡག་པོ་མི་ཤེས་པ་དང་། ས་གནས་སོགས་ལ་རྒྱུས་མངའ་མེད་སྟབས་དཀའ་ངལ་འཕྲད་མུས་ཡིན་པ་ལྟར། དགོན་པ་གྲྭ་ཚང་སོགས་ལ་བཅར་ནས་འགོག་ཁབ་བརྒྱབ་ཡོད་པ་དང་། དྷ་ས་ཁུལ་གྱི་ཁ་འཐོར་མི་མང་ལའང་འགོག་ཁབ་རྒྱག་མུས་ཡིན་པ་རེད། དེ་རིང་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་དང་བསྟུན་ནས། བོད་མི་གཙོས་རྒྱ་གར་ཡུལ་མི་རྣམས་ལ་རིན་མེད་ཐོག་འགོག་ཁབ་རྒྱག་གི་ཡོད། རྒྱ་གར་གཞུང་མང་གཉིས་ཀ་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་པ་ལྟར། ཁོང་ཅག་ལ་སྲི་ཞུ་དང་རོགས་རམ་མཚོན་ཆེན་དུའང་ཡིན་སྐོར་སོགས་གསུངས་སོང་།

རྒྱ་གར་ནང་གི་ས་གནས་གང་སར་ཏོག་དབྱིབས་རིམས་ནད་ཀྱི་འགོག་ཁབ་རྒྱག་མུས་ཡིན་པ་ལྟར། བདེ་ལེགས་སྨན་ཁང་ནས་ཀྱང་སྨན་ཁབ་མཁོ་སྒྲུབ་ཀྱིས་བོད་མི་གཙོ་བོར་གྱུར་བའི་རྒྱ་གར་ཡུལ་མི་བཅས་ལ་འགོག་ཁབ་རྒྱག་མུས་ཡིན་པ་བཞིན། བདེ་ལེགས་སྨན་ཁང་ནས་ད་བར་དུ་ཏོག་དབྱིབས་འགོག་ཁབ་ ༦༢༣༢ བརྒྱབ་ཟིན་པའི་ཁྲོད།   མི་གྲངས ༤༢༧༦ ལ་འགོག་ཁབ་དང་པོ་ཐོབ་ཡོད་པ་དང་། མི་གྲངས་ ༡༨༤༠ ལ་འགོག་ཁབ་གཉིས་ཀ་ཐོབ་ཡོད་པ་རེད།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

སྐར་མ ༥ སྔོན་ལ།
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese