མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོབས་ཆེན་རྒྱལ་ཁབ་གསུམ་གྱི་མཉམ་འབྲེལ་ཐད་ཧྥ་རན་སི་བློ་ཕམ་བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རི་དང་ཨོ་གླིང་། དབྱིན་ཡུལ་བཅས་ཀྱི་མཉམ་འབྲེལ་གྱི་རྐྱེན་པས་ཧྥ་རན་སི་དང་ཨོ་གླིང་བར་གྱི་ཚོང་འབྲེལ་གྲོས་ཆོད་རྩིས་མེད་དུ་ཕྱིན་ཡོད་སྟབས། ཧྥ་རན་སིས་རྒྱལ་ཁབ་དེ་དག་ནས་གཞུང་ཚབ་པ་ཕྱིར་བསྡུ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག

Photo Source: GlobalVillageSpace

ཉེ་ཆར་ཨ་རིའི་སྲིད་འཛིན་བྷའེ་ཌན་མཆོག་དང་དབྱིན་ཡུལ་སྲིད་བློན་ཇོ་སན་བྷོ་རེ་སི་མཆོག དེ་བཞིན་ཨོ་གླིང་སྲིད་བློན་སི་ཁོ་ཊི་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་ཚོ་ཁ་པར་བརྒྱུད་གྲོས་མོལ་བྱས་ཏེ། ཨ་རི་དང་དབྱིན་ཡུལ་གཉིས་ནས་ཨོ་གླིང་གཞུང་ལ་རྡུལ་མཚོན་བྱིངས་གྲུ་བཟོ་བསྐྲུན་ཐད་རམ་འདེགས་བྱས་ཏེ། རྒྱལ་ཁབ་གསུམ་མཉམ་འབྲེལ་གྱིས་ཞི་བདེ་རྒྱ་མཚོའི་ཁུལ་སྲུང་སྐྱོབ་ཀྱི་གཙོས་རྒྱ་ནག་ལ་ཁ་གཏད་གཅོག་འཆར་གྱི་བདེ་སྲུང་གྲོས་མཐུན་ཞིག་བཞག་ཡོད་པའི་ཐད། ཧྥ་རན་སི་ཡིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་སྟོན་གྱིན་འདུག

དེ་འབྲེལ་ཐད་ཁ་སང་ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་ (Jean-Yves Le Drian) ལགས་ཀྱིས་གསར་འགོད་སྒྲོག་གཏམ་ཞིག་སྤེལ་བའི་སྟེང་། ཨ་རི་དང་ཨོ་གླིང་། དབྱིན་ཡུལ་བཅས་ཀྱི་བདེ་སྲུང་གྲོས་མཐུན་དེ་ནི། ཧྥ་རན་སིའི་མཐུན་གྲོགས་རྒྱལ་ཁབ་ཁག་དང་མཉམ་ལས་ཚོང་རོགས་ཁག་བར་གྱི་འབྲེལ་ལམ་སྤྱི་དང་དམིགས་བསལ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཡུ་རོབ་ཀྱི་གལ་གནད་སོགས་ལ་སྣང་མེད་བཏང་སྟེ།  ཆེད་དུ་ཧྥ་རན་སིའི་ཨོང་མགོར་གྲི་བཙུགས་པ་ལྟ་བུ་ཞིག་ཆགས་ཡོད་པའི་སྐྱོན་བརྗོད་དང་འབྲེལ། རྒྱལ་ཁབ་དེ་དག་ནང་གི་ཧྥ་རན་སིའི་གཞུང་ཚབ་པ་ཕྱིར་བསྡུ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

ད་རེས་ཧྥ་རན་སིས་ཨ་རི་དང་དབྱིན་ཡུལ་ནས་གཞུང་ཚབ་པ་ཕྱིར་བསྡུ་བྱས་པ་ཐོག་མ་དེ་ཡིན་ཞིང་། འཛམ་གླིང་གི་མཐུན་གྲོགས་རྒྱལ་ཁབ་ཕན་ཚུན་བར་གཞུང་ཚབ་པ་ཕྱིར་བསྡུ་བྱེད་པ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་པ་ཙམ་མ་ཟད། ཧྥ་རན་སི་ནི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་རྙིང་ཤོས་དེ་ཡིན་པ་རེད། ད་རེས་ཧྥ་རན་སི་རླུང་ལངས་དོན་གཙོ་བོ་ནི། ཕྱི་ལོ་ ༢༠༡༦ ལོར་ཧྥ་རན་སི་དང་ཨོ་གླིང་བར་ཨ་སྒོར་དུང་ཕྱུར་ ༣༧ ཚོང་འབྲེལ་གན་རྒྱ་བཞག་སྟེ་ཨོ་གླིང་ལ་རྡུལ་མཚོན་གྱི་བྱིངས་གྲུ་བདུན་བཟོ་སྐྲུན་བྱེད་རྩིས་ཡོད་པ་མཚམས་འཇོག་བྱས་བས་ཡིན་པ་དང་། ཁ་སང་ནས་ཨ་རིར་ཡོད་པའི་ཧྥ་རན་སིའི་གཞུང་ཚབ་པ་རྒྱལ་ས་ཝང་ཤིན་ཏོན་གྱི་གཞུང་འབྲེལ་ལས་རིམ་སོགས་ཀྱི་སྟེང་མཉམ་ཞུགས་མ་བྱས་པར་ཨ་རིར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་པ་རེད།

Photo Source: BBC

ཡང་ཨ་རི་དང་ཨོ་གླིང་ངོས་ནས་གནད་དོན་དེའི་ཐད། ཨ་རིའི་ཕོ་བྲང་དཀར་པོས་ད་ལན་གྱི་བདེ་སྲུང་གྲོས་མཐུན་བཞག་པ་དེས་ཧྥ་རན་སིར་ཤུགས་རྐྱེན་ཐེབས་པར་བློ་གྱོད་སྐྱེས་ཡོད་པ་དང་མགྱོགས་མྱུར་ཧྥ་རན་སི་དང་འབྲེལ་འདྲིས་ཀྱིས། དཀའ་རྙོག་སེལ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཨོ་གླིང་ཕྱི་སྲིད་བློན་ཆེན་པའེ་ནེ་ལགས་ཀྱིས། ང་ཚོས་ཧྥ་རན་སི་བློ་ཕམ་བྱུང་ཡོད་པ་རྟོགས་ཐུབ་ཀྱི་འདུག འོན་ཀྱང་། ཧྥ་རན་སིས་ང་ཚོའི་བདེ་སྲུང་གྲོས་མཐུན་གྱི་མཉམ་ལས་དེའི་རིན་ཐང་རྟོགས་ཐུབ་པར་རེ་བ་བྱེད་ཀྱི་ཡོད།  ཅེས་བརྗོད་ཡོད་འདུག

ད་རེས་རྒྱལ་ཁབ་གསུམ་གྱི་བདེ་སྲུང་གྲོས་མཐུན་ལས། གཙོ་བོ་ཨོ་གླིང་གིས་ཧྥ་རན་སི་དང་ཨོ་གླིང་བར་གྱི་ཚོང་འབྲེལ་གྲོས་ཆོད་རྩིས་མེད་དུ་བཏང་སྟེ་ཧྥ་རན་སིར་ཁྲལ་མེད་བྱས་ཡོད་ཅིང་། ཧྥ་རན་སིས་རྒྱལ་ཁབ་གསུམ་གྱི་བདེ་སྲུང་གྲོས་མཐུན་གྱི་སྐོར་དེ་གསལ་བསྒྲགས་བྱེད་ལ་ཉེ་བའི་ཆུ་ཚོད་འགའི་གོང་ཙམ་ལ་མ་གཏོགས་ཤེས་རྟོགས་ཐུབ་མེད་པ་དང་། དཔྱད་བརྗོད་པས། ཧྥ་རན་སི་ནི་ཨ་རིའི་མཐུན་གྲོགས་རྙིང་ཤོས་ཡིན་པ་དང་ཨ་རི་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་དང་མཉམ་ལས་བྱ་རྒྱུའི་ཁས་ལེན་དམ་བཅའ་དང་འགལ་ཡོད་པས། ཨ་རིའི་འཛིན་སྐྱོང་ཞིག་གི་ངོས་ནས་གནད་དོན་དེ་འདྲ་ཞིག་ངོས་འཛིན་མ་ཐུབ་པར་ངོ་ཚ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར་བརྗོད་འདུག

ཕྱི་ཚེས་ ༡༥ ཉིན་གྱི་བདེ་སྲུང་གྲོས་མཐུན་དེའི་མིང་ལ་ (Aukus) ཞེས་བཏགས་ཡོད་ཅིང་། གྲོས་མཐུན་དེ་ནི་ཨོ་གླིང་གཞུང་ལ་རྡུལ་མཚོན་གྱི་བྱིངས་གྲུ་བཟོ་བསྐྲུན་བྱས་ཏེ། ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་དང་རྒྱ་ནག་གི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཐབས་མ་ཟད། རྒྱ་ནག་གཞུང་ནས་ཞི་བདེ་རྒྱ་མཚོའི་ཁུལ་དུ་སྟོབས་ཤུགས་རྒྱ་སྐྱེད་གཏོང་བཞིན་པའི་དམག་ཤུགས་དང་དེའི་འགྲོ་གྲོན་སོགས་ལ་ཤུགས་རྐྱེན་སྤྲོད་ཐབས་བྱེད་ཀྱི་ཡོད་འདུག་ལ། གྲོས་མཐུན་དེ་བརྒྱུད་ཨོ་གླིང་རྡུལ་མཚོན་གྱི་བྱིངས་གྲུ་ལྡན་པའི་འཛམ་གླིང་རྒྱལ་ཁབ་ཨང་བདུན་པ་དེ་ཆགས་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་མཉམ་འབྲེལ་བདེ་སྲུང་གྲོས་མཐུན་བཞག་པ་དང་ཨ་རི་དང་དབྱིན་ཡུལ། ཨོ་གླིང་བཅས་ལ་ངོ་རྒོལ་གྱི་ལན་འདེབས་བྱས་པའི་ནང་། རྒྱལ་ཁབ་གསུམ་གྱི་མཉམ་འབྲེལ་གྲོས་མཐུན་དེ་ནི་གྲང་དམག་སློང་འདོད་པ་དང་། ཞི་བདེ་རྒྱ་མཚོའི་ཁུལ་གྱི་བརྟན་བརླིང་ལ་གཏོར་སྐྱོན་དང་གོ་མཚོན་གྱི་འགྲན་རྩོད་སློང་གི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

 

འབྲེལ་ཡོད་གསར་འགྱུར།

མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

སྐར་མ ༥༦ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

ཆུ་ཚོད་ ༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

༢༠༢༦/༠༨/༢༩
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese