མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་བུ་མོ་ཨ་མཚོ་མེར་སྲེག་གཏོང་མཁན་རྒྱ་རྒན་དེར་ཁྲིམས་ཐག་ད་དུང་བཅད་མི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་བུ་མོ་ཨ་མཚོ་མེར་སྲེག་གཏོང་མཁན་རྒྱ་རྒན་དེར་ད་དུང་ཁྲིམས་ཐག་གང་ཡང་བཅད་མེད་འདུག

ཟླ་འདིའི་ཕྱི་ཚེས་༡༤ཉིན་རྒྱ་ནག་པེ་ཅིན་གྲོང་ཁྱེར་དུ་རྟེན་གཞི་བྱས་ཡོད་པའི་ཧོང་ཀོང་(凤凰网)ཞེས་པའི་རྒྱ་ཡིག་གསར་ཁང་ཞིག་གིས་གནས་ཚུལ་སྤེལ་བ་ལྟར་ན། སྔར་ལོའི་ཕྱི་ཟླ་༩་ཚེས་༡༤་ཉིན་གྱི་དགོང་མོར། བོད་ཀྱི་རྒྱལ་རོང་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་དུ་མུ་ས་ཆ་ནས་ཡིན་པའི་བོད་རིགས་བུ་མོ་ཨ་མཚོ་ལགས། སྔར་གྱི་ཁོ་མོའི་བཟའ་ཟླ་རྒྱ་རིགས་སྐྱེས་པ་དེས་ཡ་ང་སྙིང་རྗེ་མེད་པར་མེར་སྲེག་བཏང་ཡོད་པ་དང་། དོན་རྐྱེན་དེ་བྱུང་ནས་ལོ་གཅིག་འགྲོ་བཞིན་ཡོད་ཀྱང་། ད་དུང་ཁྲིམས་ཁང་གིས་ཉེས་དོན་དེར་ཁྲིམས་བཤེར་་བྱས་ཏེ་ལག་དམར་ལ་ཁྲིམས་ཐག་གང་ཡང་བཅད་མེད་སྟབས། འདས་མོ་ཨ་མཚོའི་སྤུན་མཆེད་སྒྲོལ་མས་ངུ་ངག་དང་བཅས་གསར་འགོད་པར་ཁོ་མོས་མུ་མཐུད་ཁྲིམས་ཁང་གིས་ཁྲིམས་ཞིབ་བྱེད་པར་སྒུག་ནས་ཡོད་ལ། ཁྲིམས་ཁང་གིས་ཁྲིམས་ཞིབ་དེ་དྲང་བདེན་ཞིག་ཡོང་བའི་རེ་བ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

དེ་འབྲེལ་གྱི་བརྙན་ཐུང་ཞིག་བཏང་ཡོད་པའི་ནང་། འདི་ལོའི་ཕྱི་ཟླ་༩ཚེས་༡༤་ཉིན་ནང་མི་ཚོས་ཨ་མཚོ་དམར་གསོད་བཏང་ནས་ལོ་གཅིག་འཁོར་བའི་འདས་མཆོད་ཡིན་པ་དང་། བུ་མོ་སྒྲོལ་མས་ཨ་མཚོའི་དོན་རྐྱེན་ཐད་ཁྲིམས་བཤེར་གནད་དོན་ཐག་གཅོད་ཅིག་བྱུང་རྗེས། ཨ་ཕ་དང་ང་གཉིས་ཀྱིས་ཨ་མཚོའི་རུས་ཐལ་ཁུར་ནས་ཨ་མཚོའི་མི་ཚེའི་ནང་གི་རེ་འདུན་སྐོང་ཐབས་སུ་བོད་ཀྱི་རྒྱལ་ས་ལྷ་སར་མཇལ་སྐོར་ཆེད་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། གསར་ཁང་དེས་བྲིས་པའི་གནས་ཚུལ་ནང་ཨ་མཚོ་འདས་གྲོངས་སུ་སོང་བ་ནས་སྒྲོལ་མ་དང་ནང་མི་ཚོ་ཁྱིམ་མེད་མགོན་མེད་ལྟ་བུའི་གནས་སུ་ལྷུང་ཡོད་པ་མ་ཟད། སྒྲོལ་མས་སེམས་ཁམས་ཀྱང་བདེ་ཐང་མེད་པ་ཞིག་ཏུ་ཆགས་ཀྱི་ཡོད་སྐོར་སོགས་བཀོད་འདུག

ལག་དམར་རྒྱ་རྒན་དེར་ཁྲིམས་བཤེར་མི་བྱས་པའི་རྒྱུ་མཚན་དང་། ཁྲིམས་ཁང་གང་ཞིག་ཏུ་ཞུ་གཏུགས་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་ཀྱང་། གསར་འགྱུར་དེའི་འོག་ཏུ་མཆན་བཀོད་མཁན་ཚོས་ཨ་མཚོའི་ཁྲིམས་བཤེར་ལ་དྲང་བདེན་ཡོང་དགོས། ཁོ་མོ་དམར་གསོད་གཏོང་མཁན་སྐྱེས་པ་དེ་སྔར་བཞིན་བདེ་མོ་བྱས་བསྡད་ཡོད་པ་དང་། དེ་འདྲའི་དམར་གསོད་ཀྱི་དོན་རྐྱེན་ཆེན་པོ་ཞིག་ལ་ད་དུང་ཁྲིམས་ཐག་མི་གཅོད་པའི་རྒྱུ་མཚན་ག་རེ་ཡིན་སོགས་ཀྱི་འདྲི་རྩད་དང་སྐྱོན་བརྗོད་བྱེད་ཀྱི་འདུག་ལ། སྒྲོལ་མས་ཨ་མཚོ་འདས་གྲོངས་སུ་ཕྱིན་པ་ནས་དེ་སྔ་བདེ་སྐྱིད་ལྡན་པའི་ང་ཚོའི་ཁྱིམ་ཚང་དེ་ད་ལྟ་སྙིང་བོ་གང་ཡང་མེད་པ་ཆགས་སོང་། ང་རང་རྒྱུན་པར་ཨ་མཚོའི་འདྲ་པར་མདུན་དུ་བསྡད་དེ་ད་ལྟ་ཁོ་མོ་བདེ་ཐང་གི་ས་ཆ་གཞན་ཞིག་ནས། འཚེ་བ་དང་གནོད་འཚེ་བྱེད་མཁན་མེད་པའི་སྨོན་ལམ་བརྒྱབ་བཞིན་ཡོད་སྐོར་བརྗོད་འདུག

བོད་རིགས་བུ་མོ་ཨ་མཚོ་ནི་རྒྱལ་རོང་ཁྲོ་སྐྱབས་ཀྱི་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་གི་བུ་མོ་ཡིན་པ་དང་།ཁོ་མོ་དེ་སྔ་རྒྱ་རིགས་སྐྱེས་པ་ཞིག་དང་གཉེན་སྒྲིག་བྱས་རྗེས་བུ་ཕྲུག་གཉིས་སྐྱེས་ཡོད་ན་ཡང་།རྗེས་སུ་སྐྱེས་པ་དེས་ཁོ་མོར་གནར་སྡུག་དང་བཅར་བརྡུང་སོགས་རིམ་པར་བྱས་རྐྱེན།ཁོ་མོ་རྒྱ་རིགས་སྐྱེས་པ་དེ་དང་བཟའ་མཐོར་གྱིས་ཕྱིར་ནང་དུ་ལོག་ཡོད་ན་ཡང་།རྒྱ་རིགས་སྐྱེས་པ་དེས་ཁོ་མོའི་ནང་ཡོང་སྟེ་ཁོ་མོས་སྤྱི་ཚོགས་དྲ་ལམ་བརྒྱུད་ཐད་གཏོང་བྱེད་བཞིན་པའི་བར་བརླགས་ནས་ལུས་པོར་ སྣུམ་བླུགས་ནས་མེར་སྲེག་བཏང་ཡོད་པ་རེད་ལ། དེ་མ་ཐག་འབར་ཁམས་སྨན་ཁང་དུ་འཁུར་ནས་མྱུར་སྐྱོབ་བྱས་ཡོད་ཀྱང་ཕྱི་ཟླ་༡༠་ཚེས་༡་ཉིན་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

ཨ་མཚོ་ལགས་ནི་ཕྱི་ལོ་༡༩༩༠ལོ་སྐྱེས་ཤིང་། ཁོ་མོའི་དྲྭ་མིང་ལ་བུ་མོ་ནག་པོའམ་ལྷ་མོ་དང་། ཁོ་མོས་ཐུགས་རྗེ་ཆེན་པོའི་ལྕགས་ཟམ་ཁར་མོ་རང་གིས་ཚོང་ཁང་ཆུང་ཆུང་ཞིག་ཕྱེ་ནས་ཚོང་ལས་ལ་གཉེར་ཞོར་དུ་དབྱར་ཁར་རི་འགོར་བུད་ནས་སྤྲུ་ནག་དང་ལྕུམ་རྩ།དབྱར་རྩྭ། ད་དུང་རྩྭ་སྨན་དང་སྔོ་སྨན་གྱི་རིགས་སོགས་འདྲ་མིན་བརྐོས་ནས་ཞོར་ལས་བྱེད་ཞོར། ཁོ་མོའི་དངོས་ཡོད་འཚོ་བ་དང་འབྲེལ་བའི་རིགས་དྲ་ལམ་ཁག་ཏུ་ཐད་གཏོང་བྱས་པས། ཁོ་མོར་དྲ་ལམ་ཐད་གཏོང་ནང་ལྟ་མཁན་མི་གྲངས་༩༠ཙམ་ཡོད་པ་དང་། ཨ་མཚོ་ལགས་མེར་སྲེག་གཏོང་སྐབས་དྲ་ལམ་མི་གྲངས་ཁྲི་སྟོང་མང་པོས་རང་འགུལ་ཁོ་མོའི་སྨན་བཅོས་ཆེད་ཞལ་འདེབས་ཕུལ་ཡོད་པ་རེད་ལ།རྗེས་སུ་དྲ་ལམ་ཁག་ཏུ་ཁོ་མོའི་དོན་རྐྱེན་ལ་དྲང་བདེན་དགོས་པ་སོགས་བརྒྱུད་སྤེལ་བྱེད་མཁན་ཤུགས་ཆེར་བྱུང་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

སྐར་མ ༣ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese