མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་ཅིག་གིས་སྦེལ་ཇམ་མཛངས་མ་ཆེན་མོ་འགྲན་བསྡུར་གྱི་རྒྱལ་ཁ་བླངས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༡ ལོའི་སྦེལ་ཇམ་མཛངས་མ་ཆེན་པོའི་འགྲན་བསྡུར་ནང་བོད་ཀྱི་བུད་མེད་བསྟན་འཛིན་འཛོམས་སྐྱིད་ལགས་ཀྱིས་མཉམ་ཞུགས་བྱས་ཏེ་རྟིང་རྩོད་འགྲན་བསྡུར་ཁྲོད་རྩེ་ཕུད་ཀྱི་རྒྱལ་ཁ་ཐོབ་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཡུ་རོབ་སྦེལ་ཇེམ་ (Belgium) རྒྱལ་ཁབ་ཏུ་ཕྱི་ལོ་ ༢༠༢༡ ལོའི་སྦེལ་ཇམ་གྱི་མཛངས་མ་ཆེན་མོ་ (Miss Grand Belgium) ཞེས་པའི་བུད་མེད་མཛངས་མའི་འགྲན་བསྡུར་དེ་ཚོགས་ཡོད་པ་་དང་། འགྲན་བསྡུར་དེའི་ནང་བོད་ཀྱི་བུད་མེད་བསྟན་འཛིན་འཛོམས་སྐྱིད་ལགས་ཀྱིས་མཉམ་ཞུགས་བྱས་ཏེ་ཁོང་མོར་མཛངས་མ་རྩེ་ཕུད་ཀྱི་རྒྱལ་ཁ་ཐོབ་ཡོད་འདུག

སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་ཕྱི་ནང་གི་བོད་མི་གཙོས་མི་མང་པོ་ཞིག་གིས་ཁོང་ལ་དགའ་བསུ་ཞུ་བཞིན་འདུག ཁོང་མོས་རང་ཉིད་ཀྱི་སྤྱི་ཚོགས་དྲ་ལམ་ (Instagram) དུ་གསལ་བསྒྲགས་སྤེལ་བའི་ནང་། ཁོ་མོས་ཐེངས་འདིར་རྒྱལ་ཁ་ཐོབ་པ་འདི་ཁོ་མོར་རྒྱབ་སྐྱོར་བྱེད་མཁན་ཚོའི་བཀའ་དྲིན་ཡིན་པ་དང་། མཛངས་མའི་འགྲན་བསྡུར་གྱི་ཨང་རིམ་དང་པོ་ཐོབ་པ་ལས་ལྷག་པ་ནི། རྒྱབ་སྐྱོར་གནང་མཁན་གྱི་ཡིད་ཆེས་དང་རང་ཉིད་ཀྱི་ཕུགས་བསམ་ལ་ཡིད་ཆེས་བརྟན་པོ་རྙེད་པ་དེ་ཡིན་སྐོར་བརྗོད་འདུག་པ་མ་ཟད། རྗེས་སུ་ཏོག་དབྱིབས་གཉན་རིམས་ཀྱི་ནད་ཡམས་མེད་པ་ཆགས་ན། བོད་ཀྱི་མཛངས་མའི་འགྲན་བསྡུར་ (Miss Tibet) ནང་མཉམ་ཞུགས་བྱ་འདོད་ཡོད། ཅེས་བརྗོད་འདུག

ཡང་འཛོམས་སྐྱིད་ལགས་ཀྱིས། རང་ལོ་ ༡༥ སྐབས་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་བྱས་མྱོང་ཡོད་ཀྱང་། སྐབས་དེར་རྒྱལ་ཁ་ལས་ཕམ་ཁའི་ཚོར་སྣང་མང་དུ་བྱུང་། འོན་ཀྱང་ཡིད་ཆེས་དང་གདེང་ཚོད་མ་བརླག་པར་མུ་མཐུད་མདུན་བསྐྱོད་བྱས་སྟབས། ཐེངས་འདིའི་རྒྱལ་ཁ་དེ་ནི་ལོ་ལྔའི་རིང་དཀའ་ལས་བརྒྱབས་པའི་འབྲས་བུ་ཡིན་སྐོར་ཡང་བརྗོད་འདུག

བསྟན་འཛིན་འཛོམས་སྐྱིད་ལགས་ནི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་འཚར་ལོངས་བྱུང་ཞིང་ད་ལྟའི་ཆར་སྦེལ་ཇམ་ནང་གནས་སྡོད་བྱེད་ཀྱི་ཡོད་འདུག  ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ ནང་སྦེལ་ཇམ་གྱི་བུད་མེད་སྒེག་ཉམས་ངོམ་སྟོན་རྩེ་ཕུད་ (Belgium Top Model) འགྲན་བསྡུར་ཞིག་གི་ནང་དུའང་མཉམ་ཞུགས་བྱས་མྱོང་ཡོད་པ་དང་། སྒེག་ཉམས་འགྲན་བསྡུར་དེའི་ཁྲོད་མཉམ་ཞུགས་པ་བུད་མེད་ ༤༠༠ ཡོད་པའི་ནང་ནས། དངོས་གཞིའི་འགྲན་བསྡུར་ཁྲོད་བུད་མེད་ ༦༥ འདེམས་སྒྲུག་བྱས་པའི་ནང་དུ་ཁོང་མོ་ཡང་ཚུད་ཡོད་འདུག

སྤྱིར་སྦེལ་ཇམ་མཛངས་མ་ཆེན་མོ་ཞེས་པའི་འགྲན་བསྡུར་དེ་ནི་རྒྱལ་སྤྱིའི་མཛངས་མ་ཆེན་མོ་ (Miss Grand International)ཞེས་པའི་ཚོགས་པའི་ཆ་ཤས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་མཛངས་མའི་འགྲན་བསྡུར་ནང་དུ་རྒྱལ་ཁབ་སོ་སོ་ནས་རྒྱལ་ཁ་ཐོབ་པའི་མཛངས་མ་ཚོས་སོ་སོའི་རྒྱལ་ཁབ་ཀྱི་ངོ་ཚབ་བྱས་ཏེ་འགྲན་བསྡུར་ནང་མཉམ་ཞུགས་ཆོག་པ་ཡིན། འགྲན་བསྡུར་ཆེན་མོ་དེ་ཉིད་ཐོག་མར་ཕྱི་ལོ་ ༢༠༡༣ ལོར་ཐའེ་ལན་ཌ་ (Thailand) རྒྱལ་ཁབ་ནང་ནས་མགོ་བཙུགས་ཡོད་པ་དང་། འདི་ལོའི་འགྲན་བསྡུར་ཕྱི་ཟླ་ ༡༢ ནང་ཐའེ་ལན་ཌའི་གྲགས་ཅན་གླིང་ཕྲན་ཕུ་ཀེཏ་ (Phuket) ཞེས་པའི་ནང་གོ་སྒྲིག་ཞུ་འཆར་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

སྐར་མ ༦ སྔོན་ལ།
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese