མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་འགུལ་ལ་ཁ་གཡར་ནས་ལུང་སྐྱ་དགོན་གཏོར་བཤིག་གཏོང་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྨ་སྟོད་རྫོང་ལ་ས་ཡོམ་གྱི་གནོད་སྐྱོན་ཐེབས་པར་འཛུགས་སྐྲུན་ལས་གཞི་ལ་ཁ་གཡར་ནས་གྲྭ་བཙུན་ཚོར་འདོད་པ་ཡོད་མེད་ལ་མ་ལྟོས་པར་མགོ་ལོག་ལུང་སྐྱ་དགོན་དང་བཙུན་དགོན་གྱི་གྲྭ་ཤག་གཏོར་བཤིག་གིས་ཤུལ་དུ་ལྕགས་ཤོག་གི་སྡོད་ཁང་རེ་གསར་བཟོ་བྱེད་བཞིན་ཡོད་འདུག

དེ་རིང་འདི་ག་གསར་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་རྨ་སྟོད་རྫོང་གི་ས་ཡོམ་གནོད་ཐེབས་ལས་གཞི་འཛུགས་སྐྲུན་བྱེད་ཀྱི་ཡིན་སྐོར་བརྗོད་དེ། གྲྭ་བཙུན་ཚོར་འདོད་པ་ཡོད་མེད་ལ་མ་ལྟོས་པར་མགོ་ལོག་ལུང་སྐྱ་དགོན་དང་བཙུན་མའི་དགོན་པ་ཞིག་གི་གྲྭ་བཙུན་ཚོའི་གྲྭ་ཤག་གཏོར་བཤིག་བཏང་བ་དང་། ཤུལ་དུ་ལྕགས་ཤོག་གི་སྡོད་ཁང་རེ་གསར་བཟོ་བྱས་ཡོད་པ་མ་ཟད། འཛུགས་སྐྲུན་ལས་གཞི་དེ་ཉིད་ལོ་གཉིས་ནས་གསུམ་བར་འགྲོ་དགོས་སྟབས། གྲྭ་བཙུན་ཚོ་དེའི་རིང་ལྕགས་ཤོག་ཁང་པའི་ནང་སྡོད་དགོས་ལུགས་རྗོད་བཞིན་ཡོད་ཀྱང་། གྲྭ་བཙུན་ཚོས་ལས་གཞི་དེ་ཡོངས་སུ་བསྒྲུབས་རྗེས་དགོན་པ་དེ་དག་བསྐྱར་གསོ་འདོད་པ་ཁེངས་པ་ཞིག་བྱེད་ཀྱི་ཡོད་མེད་ཐད་བློ་ཚབས་ཡོད་འདུག

འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས། ད་ལྟའི་ཆར་གྲྭ་ཤག་ཁག་བཤིག་ནས་ཟླ་བ་གཅིག་ཙམ་སོང་ཡོད་པ་དང་། རྒྱ་ནག་གཞུང་གིས་སླར་ཡང་དགོན་པ་གྲྭ་ཤག་དང་འདུ་ཁང་སོགས་སྲ་ཚུགས་ཐུབ་པ་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ན་ཡང་། འཛུགས་སྐྲུན་ཡོངས་སུ་ལེགས་འགྲུབ་ནམ་འབྱུང་མིན་སོགས་གསལ་ཁ་གང་ཡང་མེད་སྟབས། ལྕགས་ཤོག་ཁང་པའི་ནང་དགུན་ཟླ་ཧྲིལ་པོར་བསྡད་དགོས་ཚེ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་མ་ཟད། གྲྭ་བ་མང་པོ་ཞིག་གི་བློའི་ནང་རྗེས་སུ་དགོན་པའི་འཛུགས་སྐྲུན་སོགས་དེ་སྔ་ལྟ་བུ་ཡོང་མིན་ཐད་རང་བཞིན་གྱིས་དོགས་གཞི་ཆེན་པོ་ཞིག་ཏུ་ཆགས་བསྡད་ཡོད་སྐོར་བརྗོད་བྱུང་།

ཡང་ཁོས་གིས། སྤྱིར་འཛུགས་སྐྲུན་གྱི་ལས་གཞི་དེ་ཉིད་དགོན་པ་ཁག་ཁོ་ན་ལ་མ་ཡིན་པར། གྲོང་སྡེ་ཁག་གི་སྡོད་ཁང་རྣམས་ལའང་དེ་བཞིན་ས་ཡོམ་གྱི་གནོད་འཚེ་ཕོགས་ཡོད་མེད་ལ་མ་ལྟོས་པར་གཏོར་བཤིག་བྱེད་བཞིན་འདུག ས་འགུལ་གྱི་གནོད་འཚེ་མ་ཕོགས་ཀྱང་ཁང་ཁྱིམ་གཏོར་བཤིག་བྱེད་པར་ཡུལ་མི་མང་པོ་ཞིག་ལ་འདོད་མོས་མེད་ཀྱང་། རྒྱ་གཞུང་གིས་སྤྱི་ཡོངས་ནས་ས་ཡོམ་གནོད་པ་བསྐྱར་གསོ་ཞེས་པའི་མིང་བྱང་གི་འོག་ནས་ཁང་ཁྱིམ་གཏོར་བཤིག་གི་ལས་འགུལ་མུ་མཐུད་མཇུག་སྐྱོང་བྱེད་བཞིན་ཡོད་པ་མ་ཟད། ས་ཡོམ་གྱི་བསྐྱར་གསོའི་ལས་འགུལ་དེ་ལམ་ལྷོངས་ཡོང་ཆེད། སྤྱི་ཚོགས་དྲ་ལམ་ཁག་ཏུ་པར་རིས་དང་བརྙན་རིགས་གང་བྱུང་སྤེལ་མི་ཆོག་བརྗོད་དེ་ཡུལ་མི་ཚོར་དམ་དྲགས་ཤུགས་ཆེན་བྱེད་བཞིན་ཡོད་ལུགས་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་ཚད་རིམ་ ༧་༤ ཅན་གྱི་ས་ཡོམ་བརྒྱབས་རྗེས། འདི་གའི་གསར་ཁང་ལ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་རིམ་པ་འབྱོར་བ་དང་། མགོ་ལོག་ཁུལ་གྱི་ས་འགུལ་དེ་མགོ་ལོག་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་། པདྨ་རྫོང་། དགའ་བདེ་རྫོང་། དར་ལག་རྫོང་། ཆུ་དམར་ལེབ་རྫོང་། ཁྲི་འདུ་རྫོང་བཅས་རྫོང་བདུན་དང་ཡུལ་འཚོ་བཞི་བཅུ་བཅས་ཀྱི་ནང་བྱུང་སྟེ། ཁྱོན་མི་གྲངས་ཁྲི་བདུན་དང་ལྔ་སྟོང་ལྷག་ལ་གནོད་སྐྱོན་ཐེབས་ཡོད་པ་རེད་ལ། སྐབས་དེར་རྒྱ་ནག་གཞུང་གིས་ས་ཡོམ་གྱི་གནས་ཚུལ་སྐོར་ལ་དམ་དྲག་དང་སྦས་གསང་སོགས་ཤུགས་ཆེར་བྱས་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༦/༡༠/༢༣
ས་ཡོམ་ཁྲོད་གས་ཆག་ཤོར་བའི་ཁང་པ་ཞིག པར་དྲ་ལམ་ནས་བླངས།
Mobile App

བོད་ནག་ཆུ་ཁུལ་དུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་འདུག

༢༠༢༦/༡༠/༢༣
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

༢༠༢༦/༡༠/༢༢
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

༢༠༢༦/༡༠/༢༢
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

༢༠༢༦/༡༠/༢༡
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

༢༠༢༦/༡༠/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese