མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་མཚོན་གྱིས་ལས་ཀ་བྱ་རྒྱུ་དེ་འགྲིག་སོང་ཟེར་བའི་མཚམས་ལ་བསླེབས་ཡོད།

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་ཨ་རིའི་མོན་མའོ་ཐ་གཙུག་ལག་སློབ་ཆེན་ (Monmouth University) གྱི་དགེ་ལས་རྣམས་དང་ལྷན་དུ་མ་འོངས་པར་འཕྲོད་བསྟེན་དང་བདེ་སྐྱིད་རྒྱུན་གནས་ཐུབ་ཐབས་ཀྱི་སྐོར་ལ་བཀའ་སློབ་གནང་སོང་།

ཐོག་མར་༧གོང་ས་མཆོག་གིས། དེ་རིང་ཁྱེད་རང་ཚོས་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་བརྗོད་བྱ་གཙོ་བོ་ནི་བདེ་སྐྱིད་དང་འཕྲོད་བསྟེན་སྐོར་ཡིན་ཙང་འདིའི་སྐོར་བཀའ་མོལ་ཞུ་རྒྱུའི་གྲ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ང་ཚོ་སེམས་ཅན་སྲོག་ལྡན་གང་འདྲ་ཞིག་ཡིན་རུང་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་རེད། སེམས་ཅན་གཟུགས་པོ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་སྡུག་བསྔལ་རྩ་བ་ཉིད་ནས་མི་འདོད་པ་དང་བདེ་བ་འདོད་པ་གཅིག་གྱུར་རེད། དཔེར་ན་འབུ་གྲོག་མ་ཞིག་ཡིན་རུང་སྲོག་ལ་ཉེན་ཁ་ཡོད་པའི་གནོད་སྐྱོན་དེ་འདྲ་མཐོང་ཡོང་དུས་བྲོས་འགྲོ་རྒྱུའི་ཐབས་ཤེས་བྱེད་ཀྱི་རེད། ལྷག་པར་དུ་ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་སེམས་ཅན་གཞན་ལས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་གཅིག་མིའི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་དང་འབྲེལ་བའི་ཀླད་པ་ཡོད་རེད། དེར་བརྟེན་དཀའ་ངལ་ལ་གདོང་ལེན་བྱ་རྒྱུ་དང་དཀའ་ངལ་ལས་གཡོལ་ཐབས་བྱ་རྒྱུའི་རྣམ་དཔྱོད་རྒྱ་ཆེ་བ་ཡོད་པས། རྒྱ་ཆེ་ས་ནས་བསམ་བློ་གཏང་ཐུབ་རྒྱུ་དང་ད་ལྟའི་དུས་ཚོད་ཙམ་མིན་པར་མ་འོངས་པར་འབྱུང་འགྱུར་གྱི་གནས་ཚུལ་སྐོར་ལའང་ང་ཚོས་བསམ་བློ་གཏང་ཐུབ་ཀྱི་ཡོད་པ་རེད། མི་མ་ཡིན་པའི་སེམས་ཅན་གཞན་དུད་འགྲོ་ལ་སོགས་པའི་བདེ་སྡུག་བསྒྲུབ་རྒྱུའི་མིག་རྒྱང་ཐུང་ཐུང་རེད། འདས་པའི་ལོ་རྒྱུས་ལ་ཕྱིར་ལོག་བལྟས་ན། འཛམ་གླིང་འདིའི་ནང་དཀའ་ངལ་བཟོ་མཁན་ཤུགས་ཆེ་ཤོས་འདི་མི་ཆགས་ཀྱི་ཡོད་པ་རེད། དཔེར་ན་ལོ་ངོ་སྟོང་ཕྲག་གོང་ནས་མི་ལ་གནོད་པ་བྱ་རྒྱུའི་གོ་མཚོན་དེ་མིས་བཟོས་པ་རེད། སྐབས་རེར་ཞི་བདེའི་བསྐྲུན་རྒྱུའི་གོ་མཚོན་ཟེར་ནས་ཐ་སྙད་ཡོད་རེད་དེ། གོ་མཚོན་གྱི་བྱ་བ་གཙོ་བོ་དེ་གཞན་གྱི་སྲོག་གཅོད་རྒྱུ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་འདས་པའི་མིའི་བྱུང་རབས་ནང་དུ་གོ་མཚོན་མེད་ན། འཛམ་གླིང་འདི་གང་ཙམ་གྱིས་ཞི་བདེ་ཅན་དུ་འགྱུར་གྱི་རེད་བསམ་གྱི་ཡོད། འོན་ཀྱང་གོ་མཚོན་བཟོ་བའི་དོན་དུ་དཔལ་འབྱོར་དང་ནུས་པ་རྩལ་དུ་སྟོན་ནས་བཟོས་པ་རེད། དེས་ན། ཞི་བདེ་ལ་ཁ་གཡར་ནས་གོ་མཚོན་མང་པོ་བཟོས་པ་ཡིན་ནའང་གོ་མཚོན་གྱིས་ཞི་བདེ་སྒྲུབ་རྒྱུར་ཕན་གྱི་མ་རེད། གོ་མཚོན་ནི་གཞན་ལ་འཚེ་བ་བྱ་རྒྱུའི་དངོས་པོ་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་བཀའ་སློབ་ལམ་སྟོན་གནང་སོང་།

ཡང་༧གོང་ས་མཆོག་གིས། ང་ཚོའི་ད་ལྟའི་འཛམ་གླིང་ཆ་བཞག་ན། གླིང་ཕྲན་ཕན་ཚུན་དང་ཤར་ནུབ་ཡིན་རུང་འདས་པའི་དུས་ཚོད་ལ་བལྟས་ན་དེང་སང་ལྟོས་ཐབས་ཆེན་པོ་ཞེ་དྲགས་རེད། འདས་པའི་དུས་སུ་སོ་སོའི་གླིང་ཕྲན་ནང་སོ་སོའི་རྒྱལ་ཁབ། སོ་སོའི་ཁོར་ཡུག་ཙམ་མ་གཏོགས་འབྲེལ་བ་ཤུགས་ཆེན་པོ་ཆགས་ཀྱི་ཡོད་མ་རེད། དེང་སང་འཛམ་གླིང་གི་ཚ་དྲོད་གོང་འཕེལ་དང་འབྲེལ་བའི་དཀའ་ངལ་འདི་རྒྱལ་ཁབ་གཅིག་གཉིས་ཀྱི་དཀའ་ངལ་མ་རེད། དེ་བཞིན་དཔལ་འབྱོར་དང་ཁོར་ཡུག་ལ་སོགས་པ་གནས་ཚུལ་གང་འདྲ་ཡིན་རུང་འཛམ་གླིང་སྤྱིའི་ཁྱད་ཕན་དང་འབྲེལ་བ་ཡོད་རེད། དཔལ་འབྱོར་ལྟ་བུ་ཆ་བཞག་ན་དེང་སང་ང་ཚོ་ (Global) ཟེར་ནས་རྒྱལ་སྤྱིའི་དཔལ་འབྱོར་ཟེར་ནས་ཐ་སྙད་སྦྱར་རྒྱུ་ཆགས་ཡོད་པ་རེད། དེར་བརྟེན་གོ་མཚོན་གྱི་བྱ་བ་གཙོ་བོ་ནི་གནོད་འཚེ་བྱ་རྒྱུ་ཡིན་ཙང་བྱ་བ་དེ་སྒྲུབ་ཟིན་པ་ལྟ་བུ་རེད། ཚང་མས་ཤེས་གསལ་ལྟར་གོ་མཚོན་གྱིས་སྲོག་མང་པོ་བཅད་ཡོད་རེད། དེས་ན་གོ་མཚོན་གྱི་ལས་ཀ་བྱ་རྒྱུ་དེ་འགྲིག་སོང་ཟེར་བའི་མཚམས་ལ་བསླེབས་ཡོད་པ་རེད། ཁ་ཡོད་ལག་ཡོད་ཀྱིས་གོ་མཚོན་དང་མ་འབྲེལ་བའི་ཐོག་ནས་ཞི་བདེ་བསྐྲུན་རྒྱུའི་ཐབས་ཤེས་ངེས་པར་དུ་བྱ་དགོས་རེད། གལ་སྲིད་གོ་མཚོན་དགོས་ཀྱི་ཡོད་ན་ལག་པས་ཁུ་ཚུར་གཞུས་ནས་གནོད་པ་བྱ་རྒྱུའི་ཆེད་དུ་བེད་སྤྱོད་གཏོང་ན་མ་གཏོགས། གཞན་རྡུལ་ཕྲན་མཚོན་ཆ་ལ་སོགས་པའི་གོ་མཚོན་དེ་དག་རྩ་བ་ཉིད་ནས་མེད་པ་བྱ་དགོས་རེད། ཁུ་ཚུར་གཞུས་པའི་གོ་མཚོན་དེ་དག་དེ་འདྲའི་གནོད་པ་ཆེན་པོ་ཡོད་མ་རེད། ཆུང་དུས་འཁྲུག་པ་བརྒྱག་པའི་སྐབས་སུ་སེན་མོ་བེད་སྤྱོད་བྱེད་ཀྱི་ཡོད་རེད། ངོས་རང་གི་གཅེན་པོ་ད་ལྟ་ཁོང་སྐུ་ཚེ་མ་ཟིན་པ་རེད། ཁོང་གི་མཚན་ལ་ཇོ་ལགས་བློ་བཟང་བསམ་གཏན་ཞུས་ཀྱི་ཡོད། ཆུང་བྱིས་པའི་དུས་སུ་ལོ་མང་པོའི་རིང་ཕན་ཚུན་རྩེད་མོ་རྩེ་ནས་སྐྱིད་པོ་ཞེ་དྲགས་ཡོང་གི་ཡོད། སྐབས་རེར་སྐབས་རེར་འཁྲུག་པ་ཤོར་བའི་སྐབས་སུ་ངོས་རང་གི་སེན་མོ་དེ་ཁོང་མཉམ་དུ་འཐབ་རྩོད་བྱ་རྒྱུའི་ལག་ཆ་གཙོ་བོ་ཆགས་ཡོང་དུས། ཆུང་བའི་དུས་སུ་ཁོང་གི་ཞལ་རས་ལ་ངོས་རང་གིས་སྦར་ཤད་རྒྱག་པའི་རྟགས་ཏོག་ཙམ་ཡོད་རེད། དེར་བརྟེན་ངོས་རང་གི་བསམ་པ་ལ་ང་ཚོ་ཚང་མ་རང་གཞན་གཉིས་ཀ་ཞི་བདེ་དང་འཆམ་མཐུན་དགོས་ཀྱི་ཡོད་ཙང་འཛམ་གླིང་གོ་ལ་འདིའི་ནང་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་ཤིག་བཅངས་དགོས་རྒྱུ་གལ་ཆེན་པོ་རེད། གཅིག་གྱུར་གྱི་འདུ་ཤེས་དེ་འདྲའི་གོང་འཕེལ་ཡོང་བར་ཞི་བདེ་དང་བག་ཕེབས། འཆམ་མཐུན་ཡོང་བར་གོ་མཚོན་གྱིས་ཕན་གྱི་མ་རེད། གླིང་ཕྲན་སོགས་ལ་གོ་མཚོན་གྱིས་ཕན་ཚུན་ཕན་ཐོགས་ཐུབ་ཀྱི་མ་རེད། གལ་སྲིད་རྒྱལ་ཁབ་ཆེ་ས་དང་གླིང་ཕྲན་ཆེ་ཁག་འདི་གས་གོ་མཚོན་བཟོས་ཀྱི་མེད་ན་རྒྱལ་ཁབ་ཆུང་ཆུང་གིས་གོ་མཚོན་ཉོ་ས་རྙེད་ཀྱི་མ་རེད། དེར་བརྟེན་གོ་མཚོན་མེད་པ་བཟོས་པར་འབད་བརྩོན་རིམ་པས་བརྩམས་ནས་མཐར་གོ་མཚོན་བཟོ་མཁན་གྱི་བཟོ་གྲྭ་རྩ་བ་ཉིད་ནས་མེད་པར་བཟོ་རྒྱུའི་དམིགས་ཡུལ་བཅངས་ཐུབ་ན། འདིས་སྒྲུབ་འོས་པ་གཅིག་དང་སྒྲུབ་ཐུབ་རྒྱུ་གཅིག་རེད། ང་རང་ཚོས་ཞི་བདེ་ཟེར་བ་དེ་གཙོ་བོ་ནང་བསམ་པའི་སྒོ་ནས་སེམས་པ་གཏིང་ནས་ཡོང་དགོས་རྒྱུ་གཅིག་རེད། ཁོང་ཁྲོ་དང་ཕྲག་དོག  དེ་བཞིན་སེམས་ནང་སུན་སྣང་འདི་གས་ལ་བརྟེན་ནས་འཚེ་བ་དང་གཞན་ལ་གནོད་འཚེ་ཡོང་གི་ཡོད་པ་རེད། འདིའི་འགལ་ཟླ་ལ་འགྲོ་བ་མི་ལ་རང་ཤེས་སུ་ཡོད་པའི་བཟང་པོའི་ཡོན་ཏན། དཔེར་ན་སེམས་བཟང་པོ་ལྟ་བུ་ངེས་པར་དུ་བསྐྱེད་པར་འབད་བརྩོན་བྱ་དགོས་ཀྱི་ཡོད་རེད། ང་ཚོ་འགྲོ་བ་མི་དེ་དག་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་ཙང་། སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་ཕྱིན་ཆད་ལ་རང་གང་ལ་བརྟེན་སའི་སྤྱི་ཚོགས་ནང་དུ་རྟོགས་པའི་སེམས་ཅན་གཞན་ལ་སེམས་ཁུར་གྱི་རྣམ་པ་ཡོད་ཡོད་པ་རེད། སྔར་ཡིན་ན་སོ་སོའི་རྒྱལ་ཁབ་དང་སོ་སོའི་སྤྱི་ཚོགས་ཆུང་ཆུང་། སོ་སོའི་ནང་མི་ཆུང་ཆུང་གི་བསམ་བློའི་སྟེང་དུ་རྩལ་དུ་དོན་གྱི་ཡོད་རེད། དེང་སང་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པའི་སེམས་ཁུར་བཅངས་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དེ་ནས་བཀའ་འདྲི་བཀའ་ལན་གྱི་ལས་རིམ་ནང་། སློབ་ཕྲུག་ (Jacob) གིས་གོ་ལ་འདིའི་ནང་གནམ་གཤིས་འགྱུར་ལྡོག་གིས་ང་ཚོའི་མ་འོངས་པར་ཤུགས་རྐྱེན་གང་འདྲ་ཡོང་གི་ཡོད་སྐོར་དང་གནམ་གཤིས་འགྱུར་ལྡོག་སྔོན་འགོག་བྱེད་པར་ང་ཚོས་བྱ་དགོས་པ་ག་རེ་ཡོད་སྐོར་སོགས་དྲིས་པར་༧གོང་ས་མཆོག་གིས།ང་ཚོའི་འཛམ་གླིང་གྲུབ་པའི་སྐབས་གཅིག་བྱུང་ཡོད་རེད། དེར་བརྟེན་ག་ལེར་འཇིག་འགྲོ་བའི་དུས་ཚོད་ཡོང་གི་རེད། ཚན་རིག་པ་འགས་ཉི་མའི་ཚ་དྲོད་ཆེ་རུ་འགྲོ་བའི་ཉེན་ཁ་ཡོད་རེད། དེ་འདྲ་བྱུང་ན་ང་ཚོའི་འཛམ་གླིང་གི་གནམ་གཤིས་དང་ཁོར་ཡུག་ལ་འགྱུར་བ་ཤུགས་ཆེན་པོ་འགྲོ་ཡི་རེད་གསུངས་ཀྱི་འདུག དེ་འདྲ་ང་ཚོའི་དངོས་སུ་མཐོང་ཆོས་སུ་འདུག དེར་བརྟེན་འཛམ་གླིང་གི་བྱང་རྩེ་དང་ལྷོ་རྩེ་ལྟ་བུར་ཆ་བཞག་ན། ས་ཆ་འདི་གཉིས་ནང་གངས་ཤུགས་ཆེན་པོ་བཞུར་ཡོང་གི་འདུག འདི་ནི་ང་ཚོས་བྱེད་ཐབས་མེད་པ་ལྟ་བུ་རེད། དེས་ན་ལོ་བརྒྱ་ཕྲག་ཁ་ཤས་རིང་ལ་ང་ཚོའི་འཛམ་གླིང་གི་གནམ་གཤིས་འདི་འགྱུར་ལྡོག་མ་ཆགས་པའི་རེ་བ་བརྒྱག་རྒྱུ་ཡོད་པ་རེད། དེ་ནི་ང་རང་ཚོའི་བྱ་སྤྱོད་ལ་རག་ལས་ཡོད་པ་རེད། ལོ་བཅུ་ཕྲག་ཁ་ཤས་ཤིག་གི་རིང་ལ་ང་རང་ཚོས་འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་ལ་འབད་བརྩོན་གནང་དགོས་རྒྱུ་གལ་ཆེན་པོ་རེད། ཧ་ལམ་ཨེ་ཤ་ཡ་ཆ་ཚང་འདྲ་བོའི་ཆུ་བོ་ཆེ་ཁག་འབྱུང་སའི་ས་ཆ་བོད་ཡིན་པ་དང་། ལྷག་པར་དུ་རྒྱ་གར་དང་རྒྱ་ནག པ་ཀི་སི་ཐན་སོགས་ལ་རྒྱུག་འགྲོ་བའི་ཆུ་བོ་འབྱུང་ས་དེ་བོད་ཆགས་བསྡད་ཡོད་པ་རེད། དེར་བརྟེན་བོད་ནང་གི་ལྗོན་ཤིང་དང་ནགས་ཚལ་དེ་ཚོས་སྲུང་སྐྱོབ་བྱ་དགོས་རྒྱུ་དེ་ཞེ་དྲགས་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། བོད་ཀྱི་ཆུ་བོ་ཆེན་པོ་དེ་ཚོས་འཕྲོ་བརླག་མ་འགྲོ་བའི་ཐོག་ལ་འབད་བརྩོན་གནང་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དེར་བརྟེན་ལོ་བརྒྱ་ཕྲག་གསུམ་ཙམ་རིང་ལ་ཡག་པོ་ཡོད་རེད་དྲན་གྱི་འདུག དེའི་རྗེས་ལ་སུ་ཡིན་རུང་ཚོད་དཔག་བྱས་ནས་ཞུ་ཐུབ་རྒྱུ་ཁག་པོ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་ན་ (Allah) ལ་གསོལ་བ་བཏབ་པ་དང་ཡང་འཇིག་རྟེན་བཀོད་པ་པོ་ཡེ་ཤུ་དཀོན་མཆོག་ལ་གསོལ་བ་འདེབས་རྒྱུ་ཡོང་གི་རེད། དཀོན་མཆོག་གིས་ང་ཚོའི་གནམ་གཤིས་ཀྱི་འགྱུར་ལྡོག་ལ་སྟངས་འཛིན་ག་ཚོད་གནང་གི་ཡོད་མེད་ང་ཚོས་ཞུ་ཐུབ་རྒྱུ་ཁག་པོ་རེད། དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་ཁས་ལེན་མཁན་དང་མི་ལེན་མཁན་གང་ཡིན་རུང་དཀོན་མཆོག་ལ་གསོལ་འདེབས་རྒྱུ་མ་གཏོགས་མེད་པ་ལྟ་བུ་རེད། ཅེས་བཀའ་ལན་སྩལ་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese