མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༧༨ པ་སྤེལ།

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཏོག་དབྱིབས་ནད་རླབས་གསུམ་པ་སླེབ་ཀྱི་ཡོད་མེད་ལ་མ་ལྟོས་པར་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་དང་ས་གནས་ས་ཐོག་ལ་ཡོད་མཁན་གྱི་སྨན་ཞབས་དང་སྨན་པ་ཚོར་དེང་དུས་དང་མཐུན་པའི་ནད་རིགས་སྔོན་འགོག་གི་གྱོན་ཆས་ཆ་ཚང་ཕུལ་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ཛྲ་དྲག་ལས་དོན་ཚོགས་ཆུང་གིས་གསུངས་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ ཙམ་ལ་བོད་མིའི་སྒྲིག་འཛུགས་ཛ་དྲག་ལས་དོན་ཚོགས་ཆུང་གིས་བོད་ཀྱི་བརྙན་འཕྲིན་(Tibet TV)བརྒྱུད་དྲ་ཐོག་ནས་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གསུམ་པ་སླེབས་ན་གྲ་སྒྲིག་ཇི་དགེ་ཡོད་པའི་སྐོར་གསལ་བསྒྲགས་ཤིག་སྤེལ་གནང་སོང་བ་དང་། དེའི་ནང་ད་བར་ཛ་དྲག་ལས་དོན་ཚོགས་ཆུང་གི་རུ་ཁག་གཅིག་ནས་རྒྱ་གར་བྱང་ཤར་གྱི་ཁུལ་དང་རྒྱ་གར་དབུས་ཀྱི་གཞིས་ཆགས་ཁག་གསུམ། དེ་བཞིན་ལྡི་ལི་དང་། རུ་ཁག་གཅིག་གིས་ཧི་མ་ཅལ་ཡོངས་ཀྱི་སློབ་གྲྭ་དང་དགོན་སྡེ། གཞིས་ཆགས་ཆ་ཚང་། རུ་ཁག་གཞན་གྱིས་ལྷོ་ཕྱོགས་གཞིས་ཆགས་ལྔ་ལ་སྐོར་བ་བསྐྱོན་ཡོད་པ་མ་ཟད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་ལས་བྱེད་ཁག་ཅིག་གིས་ལ་དྭགས་ཁུལ་དུ་སྐོར་སྐྱོད་དང་བསྟུན་གཟིགས་ཞིབ་གནང་ཡོད་པ་དང་། ས་ཁུལ་ཆུང་ཚགས་ཁ་ཤས་ལྷག་ཡོད་པ་རྣམས་ལ་གང་མྱུར་རུ་ཁག་གཏང་རྒྱུའི་གོ་བསྡུར་ཞུ་བཞིན་ཡོད་ཚུལ་འགྲེལ་བརྗོད་གནང་སོང་།

ཐོག་མར་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དོན་གྲུབ་ལགས་ཀྱིས། འདི་ག་དབུས་ནས་ཕྱི་ཟླ་ ༥ ཚེས་ ༢༨ དང་ཕྱི་ཟླ་ ༧ ཚེས་ ༢༤ ཉིན་ལམ་སྟོན་གནང་བ་ལྟར། ས་གནས་སོ་སོའི་ཏོག་དབྱིབས་གཉན་རིམས་ ༡༩ ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ས་གནས་མགོ་འཛིན་དང་སྨན་ཁང་འགན་འཛིན། སྨན་ལས་པ། སྨན་ཞབས་པ་ཚང་མས་ས་གནས་ཀྱི་མི་འབོར་ལ་དཔག་པའི་གང་དགོས་འདི་གར་ཐོ་གཞུང་འབྱོར་ཟིན་ཡོད། ས་གནས་ས་ཐོག་ལ་སྐོར་སྐྱོད་སྐབས་དགོས་མཁོའི་མཐུན་རྐྱེན་དེ་དག་མ་འདང་བའི་དཀའ་ངལ་མེད་པ་ལྟར་མཐོང་སོང་།  འོན་ཀྱང་ས་གནས་ཁ་ཤས་ནང་སྨན་ཞབས་པ་ཁ་ཤས་ལ་ནང་མི་དང་སྤུན་མཆེད་ཚོས་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་ལ་ལག་པ་མ་འཆང་ཟེར་ནས་བསླབ་བྱ་བརྒྱབས་འདུག་པ་དང་། དེ་འདྲའི་བསླབ་བྱ་བརྒྱབས་པའི་ཉེར་ལེན་ལ་བརྟེན་ནས་ས་ཁུལ་ཆུང་ཚགས་ཁ་ཤས་ལ་ཏོག་དབྱིབས་ནད་རླབས་གཉིས་པའི་སྐབས་སྨན་ཞབས་པས་མདུན་ལ་མ་འདོན་པའི་གནས་སྟངས་ཁ་ཤས་ཀྱང་བྱུང་ཡོད་ཚུལ་འདུག ནད་རླབས་གསུམ་པ་སླེབ་ཀྱི་ཡོད་མེད་ལ་མ་ལྟོས་པར་ས་གནས་ས་ཐོག་ལ་ཡོད་མཁན་གྱི་སྨན་ཞབས་དང་སྨན་པ་མདུན་ལ་ཐོན་ནས་ཕྱག་ལས་གནང་མཁན་ཚོར་དེང་དུས་དང་མཐུན་པའི་ནད་རིགས་སྔོན་འགོག་གི་གྱོན་ཆས་ཆ་ཚང་ཕུལ་ཡོད། སོགས་འགྲེལ་བརྗོད་གནང་སོང་།

ཡང་ཁོང་གིས། འདས་པའི་ཕྱི་ཟླ་ ༩ ཚེས་ ༡༡ ནང་བལ་ཡུལ་དང་རྒྱ་གར་གཉིས་ལ་ཏོག་དབྱིབས་ནད་པ་ ༥༠ ལྷག་ཙམ་ཡོད་པ་རེད། ཟླ་འདིའི་ཚེས་ ༡༥ ནས་ད་ལྟ་བར་དུ་ནད་གྲངས་འཕར་གྱི་འདུག  དེ་རིང་གི་ཉིན་བར་དུ་རྒྱ་གར་དང་བལ་ཡུལ་ནང་མི་ ༡༥༠ ལ་ནད་རྟགས་ཐོན་འདུག དེའི་ནང་ནས་མི་ ༨༨ རྡ་རམ་ས་ལ་ནས་ཡིན་པ་དང་། ནད་རྟགས་ཐོན་པ་རྣམས་སྣེ་ལས་ཁང་དུ་སྐྱེལ་གྱི་ཡོད། དེ་རིང་བར་དུ་སྣེ་ལས་ཁང་དུ་ནད་པ་ ༤༠ ལྷག་ཡོད་པ་དང་། ཁོང་ཚོར་བདེ་ལེགས་སྨན་ཁང་ནས་ཞལ་ལག་དང་སྨན་པ། དེ་བཞིན་སྨན་གྱི་མཐུན་རྐྱེན་ཆ་ཚང་སྦྱར་ཡོད། ད་དུང་སྨན་རྩིས་ཁང་གིས་བོད་སྨན་གྱི་ཨེམ་འཆི་དང་ (Ambulance) ལ་སོགས་པའི་མཐུན་རྐྱེན་ཆ་ཚང་སྦྱར་ཡོད། ནད་རྟགས་ཐོན་པའི་ནང་ལོ་ ༡༧ མན་ཆད་ཀྱི་ཕྲུ་གུ་གྲངས་མང་བ་འདུག  ཅེས་འགྲེལ་བརྗོད་གནང་སོང་།

དེ་ནས་སྨན་པ་མཚམས་གཅོད་ལགས་ཀྱིས། ཏོག་དབྱིབས་ནད་ཡམས་ཕོགས་ཏེ་འདས་པའི་བདུན་ཕྲག་ནང་རྒྱ་གར་གྱི་བོད་མིའི་སྡོད་གནས་ ༩ དང་བལ་ཡུལ་ནང་གི་ས་གནས་ ༢ བཅས་ནས་རང་ཁྱིམ་དུ་ཟུར་བཀག་སྡོད་མཁན་མི་གྲངས་ ༡༩༥ དང་ཚོགས་སྡེའི་ཟུར་བཀག་ནང་སྡོད་མཁན་མི་གྲངས་ ༣༤༡ བྱུང་འདུག ད་ལྟའི་ཆར་རྒྱ་གར་ནང་བོད་མི་སྔོན་འགོག་སྨན་ཁབ་ཐུན་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབས་ཟིན་པའི་མི་གྲངས་ ༣༦༩༩༩ དང་། བལ་ཡུལ་ནང་མི་གྲངས་ ༣༡༩༡ བྱུང་འདུག ཅེས་འགྲེལ་བརྗོད་གནང་སོང་།

ཉེ་བའི་ཆར་དྷ་རམ་ས་ལའི་ཁུལ་དུ་ནད་གཞི་གསར་པ་ཕོག་པའི་གྲངས་མང་དུ་ཕྱིན་ཏེ་གནས་སྟངས་ཏོག་ཙམ་ཛ་དྲག་ཆགས་ཡོད་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་རྣམས་ལ་ཏོག་དབྱིབས་ནད་ཡམས་ཕོགས་ཡོད་མེད་བརྟག་དཔྱད་བྱས་ཡོད་འདུག

 

གསར་འགོད་པ། བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist