མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་ནང་བོད་དོན་དྲིལ་བསྒྲགས་ཀྱི་འགྲེམས་སྟོན་གཤོམ་གྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་རྒྱ་ནག་གཞུང་གི་སྡུག་རྩུབ་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་པ་དང་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་སོགས་ཀྱི་པར་རིས་འགྲེམས་སྟོན་བཤམས་ཏེ་བོད་དོན་དྲིལ་བསྒྲགས་བྱེད་ཀྱི་འདུག

Taiwan Democratic Progressive Party legislator Fan Yun (third from left), Taipei City Councillor Wu Peiyi (second from left), Dalai Lama representative to Taiwan Gesangjian (first from right), Chenglai Gyatso Geshe (third from right) Tibet Taiwan Human Rights Zhaxi Ciren (first from left), chairman of the online connection, attended Dong Jingrong (second from right)’s first solo exhibition. (Photo by reporter Li Zonghan)

དེ་རིང་ཐའེ་ཝན་གྱི་ཐའེ་པེ་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཁང་དང་ཐའེ་ཝན་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་མཚོན་པའི་པར་རིས་འགྲེམས་སྟོན་ཞིག་མགོ་འཛུགས་བྱས་ཡོད་འདུག

འགྲེམས་སྟོན་གྱི་པར་རིས་སྒྱུ་རྩལ་ཁྲོད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་ཞིང་གཤེགས་དམ་པ་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། ཨ་མ་ཨ་བདེ་ལགས་དང་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས། གྲྭ་བསྟན་འཛིན་ཉི་མ་ལགས། བོད་ཀྱི་སྐད་ཡིག་རང་དབང་གི་ཐོབ་ཐང་བརྩོན་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་སོགས་ཡོད་ཅིང་། དམིགས་བསལ་འགྲེམས་སྟེང་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། བཙན་བྱོལ་ནང་གི་བོད་ཁྱིམ་སློབ་མ་བོད་དོན་འཐབ་རྩོད་པ་སོགས་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་མཚོན་པར་བྱས་ཏེ་མི་རིགས་ཤིག་གི་སྐྱོ་གར་གྱི་གནས་སྟངས་མངོན་པར་བྱས་ཡོད་པ་དང་། པར་རིས་འགྲེམས་སྟོན་དེ་ནི་ཐའེ་ཝན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ (董靜蓉) ལགས་ཀྱི་སྒྱུ་རྩལ་བརྩམས་ཆོས་གཙོ་སྒྲུབ་ཞུས་པ་ཞིག་ཡིན་པ་དང་། ཁོང་མོ་ནི་ཡུན་རིང་ཐའེ་ཝན་གྱི་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་འདུག

ཐའེ་ཝན་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། འགྲེམས་སྟོན་གྱི་ལམ་ནས་སྒྱུ་རྩལ་བ་ཁོང་གིས་བོད་དོན་དྲིལ་བསྒྲགས་གནང་བར་བཀའ་དྲིན་ཞུས་པ་དང་འབྲེལ། བོད་ནང་གི་བོད་མི་ཚོས་བོད་སྐད་བཤད་པ་དང་༧གོང་ས་མཆོག་གི་སྐུ་པར་ཉར་བ་ཙམ་གྱིས་བཙོན་འཇུག་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་བོད་ནང་གི་སློབ་གྲྭ་ཁག་བརྒྱབ་སྟེ་བོད་རིགས་གཞོན་སྐྱེས་ཚོར་རང་མི་རིགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་སོགས་ཤེས་རྟོགས་འབྱུང་རྒྱུར་བཀག་འགོག་དང་། བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གྱི་དྲག་གནོན་སོགས་བྱས་ཏེ། བོད་མི་རིགས་རྩ་མེད་གཏོང་གི་ཡོད། ཅེས་བརྗོད་ཡོད་འདུག

བོད་དོན་དྲིལ་བསྒྲགས་ཀྱི་འགྲེམས་སྟོན་དེའི་སྟེང་ཐའེ་ཝན་མང་གཙོ་འཕེལ་རྒྱས་ཚོགས་པའི་གྲོས་ཚོགས་འཐུས་མི་ཧྥན་ཡོན་ (Fan Yun) ལགས་དང་རྒྱལ་ས་ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཝོ་པེ་ཡེ་ (Wu Peiyi) ལགས་གཉིས་ཀྱི་གཙོས་ཐའེ་པེ་གྲོང་ཁྱེར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་མི་མང་། དེ་བཞིན། ཐའེ་ཝན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱི་གཙོས་དགེ་བཤེས་འཕྲིན་ལས་རྒྱ་མཚོ་ལགས། བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་བཅས་ཞུགས་ཡོད་འདུག་ལ། འགྲེམས་སྟོན་དེ་ཟླ་རྗེས་མའི་ཚེས་ ༩ བར་གཤོམ་གྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese