མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ན་གཞོན་གསུམ་གྱིས་བོད་ཀྱི་ཆེད་དུ་ཞི་བའི་རྒྱང་སྐྱོད་བང་རྒྱུག་ལས་འགུལ་མགོ་བརྩམས།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌའི་ནང་ཡོད་པའི་བོད་རིགས་ན་གཞོན་གསུམ་གྱིས་བོད་ཀྱི་ཆེད་དུ་ཞི་བའི་རྒྱང་སྐྱོད་བང་རྒྱུག་ཞེས་པའི་ལས་འགུལ་ཞིག་མགོ་བརྩམས་འདུག

ཁེ་ན་ཌ་རྒྱལ་ཁབ་ནང་རྟེན་གཞི་བྱེད་པའི་བོད་ཀྱི་ན་གཞོན་གསུམ་ནས་མོན་ཏི་རུལ་གྲོང་འཁྱེར་གྱི་རྒྱ་ནག་གཞུང་ཚབ་ཁང་ནས་མགོ་བརྩམས་ཏེ་ཏོ་རོན་ཏོ་གྲོང་འཁྱེར་གྱི་རྒྱ་ནག་གཞུང་ཚབ་ཁང་བར་དུ་རྒྱལ་སྤྱི་དང་ཁེ་ན་ཌ་གཞུང་ལ་དགོས་འདུན་གཙོ་བོ་བཞི་བཏོན་ཏེ་རྒྱང་སྐྱོད་བང་རྒྱུག་གི་ལས་འགུལ་ཞིག་སྤེལ་གྱིན་འདུག

ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ཁེ་ན་ཌ་རྒྱལ་ཁབ་ནང་རྟེན་གཞི་བྱེད་པའི་བོད་ཀྱི་ན་གཞོན་པདྨ་ཀུན་དགའ་དང་བསྟན་འཛིན་ཤེས་སྒྲུབ། དེ་བཞིན་བདེ་ཆེན་དབང་འདུས་ལགས་བཅས་གསུམ་གྱིས་ཁེ་ན་ཌའི་གྲོང་འཁྱེར་མོན་ཊི་རུལ་(Montreal)གྱི་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འགྲམ་ནས་བོད་ཀྱི་ཆེད་དུ་ཞི་བའི་རྒྱང་སྐྱོད་བང་རྒྱུག་གི་ལས་འགུལ་ཞིག་མགོ་བརྩམས་ཡོད་པ་དང་། (Ottawa)ཨོ་ཏོ་བ་གྲོང་འཁྱེར་གྱི་རྒྱ་ནག་གཞུང་ཚབ་བརྒྱུད་མཐར་ཊོ་རོན་ཏོ་(Toronto)གྲོང་འཁྱེར་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཐང་ནས་ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་ལས་འགུལ་དེ་ཉིད་མཇུག་སྒྲིལ་རྒྱུ་ཡིན་འདུག

བོད་ཀྱི་ན་གཞོན་ཁོང་གསུམ་གྱིས་རྒྱལ་སྤྱི་དང་ཁེ་ན་ཌའི་གཞུང་ལ་བོད་ཀྱི་ཆེད་དུ་ཞི་བའི་རྒྱང་སྐྱོད་བང་རྒྱུག་ལས་འགུལ་སྤེལ་བར་དགོས་འདུན་དམིགས་བསལ་བཞི་བཏོན་གནང་འདུག དེ་ཡང་བོད་རྒྱ་གཉིས་ཀྱི་གྲོས་མོལ་ལ་རྒྱབ་སྐྱོར་གནང་དགོས་པ། ཕྱི་ལོ་ ༢༠༢༢ ནང་རྒྱ་ནག་ཏུ་ཚོགས་འཆར་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་ཆེན་མོར་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་དགོས་པ། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ལ་རྒྱབ་སྐྱོར་དགོས་པ། མའེ་ཀལ་(Miechael)མིང་ཅན་གཉིས་གང་མྱུར་ཀློད་གྲོལ་གཏོང་དགོས་པ་བཅས་ཡིན་འདུག

འདི་ག་གསར་ཁང་ནས་ན་གཞོན་རྒྱང་སྐྱོད་བང་རྒྱུག་པ་གསུམ་གྱི་འབྲེལ་མཐུད་པ་བསྟན་འཛིན་དོན་འགྲུབ་ལགས་སུ་ཁ་པར་བརྒྱུད་འབྲེལ་བ་བྱས་པར་ཁོང་གིས། བོད་ཀྱི་ཆེད་དུ་ཞི་བའི་རྒྱང་སྐྱོད་བང་རྒྱུག་ལས་འགུལ་དང་འབྲེལ་ཡོད་མི་སྣ་བདུན་ཡོད། བང་རྒྱུག་པ་གསུམ་དང་ཁོང་རྣམ་པར་རོགས་སྐྱོར་གནང་མཁན་བཞི་སྟེ། བང་རྒྱུག་གི་འགྲོ་ལམ་སྟོན་མཁན་མི་གཉིས། འབྲེལ་མཐུད་པ་མི་གཅིག དེ་བཞིན་ཁ་ལོ་བ་གཅིག་བཅས་བདུན་ཡོད། སྤྱིར་བཏང་ང་ཚོའི་ལས་འགུལ་འདི་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་ནས་མོན་ཏི་རུལ་རྒྱ་ནག་གཞུང་ཚབ་ནས་མགོ་བརྩམས་ཏེ་ཕྱི་ཚེས་ ༡༢ ཉིན་ཏོ་རོན་ཏོ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཐང་ནས་མཇུག་བསྒྲིལ་ཞུ་རྒྱུ་ཡིན་ན་ཡང་། མོན་ཏི་རུལ་ནང་ཡུ་གུར་དང་ཧོང་ཀོང་བ་རྣམས་ཀྱིས་ལས་འགུལ་ཞིག་གོ་སྒྲིག་ཞུས་འདུག་པས། དེ་རིང་ང་ཚོ་སླར་ཡར་མོན་ཏི་རུལ་དུ་ལས་འགུལ་དེར་མཉམ་ཞུགས་བྱེད་ཆེད་ལོག་འགྲོ་གི་ཡོད། ལས་འགུལ་དེ་མཇུག་བསྒྲིལ་རྗེས་ཡང་བསྐྱར་ང་ཚོའི་ལས་འགུལ་མུ་མཐུད་སྤེལ་གྱི་ཡིན། ང་ཚོའི་ལས་འགུལ་འདིར་དམིགས་ཡུལ་ལམ་དགོས་འདུན་གཙོ་བོ་བཞི་ཡོད། དགོས་འདུན་བཞི་པ་མའེ་ཀལ་མིང་ཅན་གྱི་མི་གཉིས་གང་མྱུར་ཀློད་གྲོལ་གཏོང་དགོས་ཞེས་པ་དེ་ནི། ཉེ་ལམ་རྒྱ་གཞུང་གིས་ཁེ་ན་ཌའི་མི་སེར་མའེ་ཀལ་བརྗོད་པའི་མི་གཉིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད། འོན་ཀྱང་མི་དེ་གཉིས་ཕྱི་ ༢༠༢༡ ཟླ་ ༩ ཚེས་ ༢༤ ཉིན་ཀློད་གྲོལ་བཏང་ཟིན་པ་རེད། ང་ཚོའི་ལས་འགུལ་དེ་འཆར་གཞི་ཡུན་རིང་ནས་བསྒྲིགས་ཡོད་པ་རེད། བྱས་ཙང་ཁོང་གཉིས་ཀྱི་མིང་འཁོད་ཡོད་པ་དེ་རྦད་དེ་མ་བསུབ་པར་དེའི་སྟེང་དམར་ཐིག་འཐེན་བཞག་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་ཆེད་དུ་ཞི་བའི་བང་རྒྱུག་ལས་འགུལ་གྱི་ན་གཞོན་གསུམ་ནི་རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་མེའོ་གཞིས་ཆགས་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་ཞིག་ཡིན་འདུག་པ་དང་། ལོ་ཤས་གོང་ཨ་རུ་ན་ཅལ་མངའ་སྡེ་ནས་བོད་མི་ཆིག་སྟོང་ཁེ་ཎ་ཌ་རྒྱལ་ཁབ་ཏུ་གཞིས་སྤོས་ལས་གཞིའི་ཁོངས་ནས་ཁེ་ན་ཌ་འབྱོར་འདུག་པ་མ་ཟད། པདྨ་ཀུན་དགའ་ལགས་ལ་མཚོན་ན་ཐེངས་འདིའི་བོད་དོན་ཆེད་དུ་རྒྱང་སྐྱོད་བང་རྒྱུག་གནང་བ་ཐེངས་མ་གཉིས་པ་ཆགས་ཡོད་འདུག

ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist