མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་ཁང་ནང་དུ་མཁན་པོ་མུན་སེལ་རིན་པོ་ཆེར་མཇལ་བ། བཞི་པ།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན་ཧེ་རུ་ཀའམ་སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་ཀྱིས་དབྱིན་ཡིག་ནས་བསྒྱུར།

དེ་ནི་མཁན་པོ་མུན་སེལ་གྱིས་ང་ལ་གནང་བའི་བསླབ་བྱ་ཐོག་མ་དེ་རེད། འདི་ནི་ཧ་ཅང་གཏིང་ཟབ་མོ་ཞིག་ཡིན། བླ་མ་གཞན་པ་ཚོས་འགྲེལ་བཤད་འདི་ལྟར་བསྐྱོན་མ་བྱུང་།

“གལ་སྲིད་ཁྱོད་ཀྱིས་གཞན་གྱི་སྡུག་བསྔལ་ལེན་པ་དང་རང་གི་བདེ་སྐྱིད་གཞན་ལ་གཏོང་བའི་དུས་སུ་གཏོང་ལེན་དེ་སྐབས་དོན་སྤྱིར་བཏང་བ་ཞིག་ཏུ་མཐོང་བ་ཡིན་ན། དེ་དུས་ད་དུང་རང་དང་གཞན་གྱི་འཛིན་པ་དེ་མཁྲེགས་པོར་གནས་ཡོད། དེ་རུ་ད་དུང་ཁྱོད་ཅེས་པ་གཏོང་མཁན་དང་ལེན་མཁན་ཞིག་ཡོད་པ་རེད། དེ་ནས་དེ་རུ་མི་གཞན་ཞིག་གི་སྡུག་བསྔལ་ཞེས་པ་ཞིག་ཁྱོད་ཀྱིས་ལེན་རྒྱུ་ཡོད་པ་དང་། ཁྱོད་ཅེས་པ་ཞིག་གི་བདེ་སྐྱིད་གཏོང་རྒྱུ་ཞིག་ཡོད་པ་རེད། ཁྱོད་ཀྱིས་གཏོང་ལེན་འདི་ལྟར་ཉམས་ལེན་མ་བྱེད།” མཁན་པོ་མུན་སེལ་གྱིས་དེ་ལྟར་གསུངས།

“ཡིན་ན་ཡང་། གལ་སྲིད་ཁྱོད་ཀྱིས་ང་ཚོའི་སེམས་ཀྱི་གནས་ལུགས་གཅིག་པ་ཡིན་པ་སྟེ། ཁྱོད་ཀྱི་སེམས་ཀྱི་གནས་ལུགས་དང་མི་གཞན་པའི་སེམས་ཀྱི་གནས་ལུགས་དེ་གཅིག་པ་ཡིན་པ་དེ་རྟོགས་པ་ཡིན་ན། དེ་ནས་ཁྱོད་ཀྱིས་དོན་དམ་པའི་ལྟ་བ་དེ་རྟོགས་ཐུབ། ཁྱོད་ཀྱིས་གཏོང་ལེན་དེ་དོན་དམ་པའི་ལྟ་བ་དང་སྦྱར་ནས་ཉམས་ལེན་བྱེད་དགོས།” མཁན་པོ་མུན་སེལ་གྱིས་དེ་ལྟར་གསལ་བསྒྲགས་གནང་བྱུང་།

“ཁ་གསང་ནས་བཤད་ན།” ཁོང་གིས་ང་ལ་འགྲེལ་བཤད་འདི་ལྟར་བསྐྱོན་བྱུང་། “སྡུག་བསྔལ་ལ་མི་འདྲ་བ་མང་པོ་ཞིག་ཡོད་ན་ཡང་། དོན་དངོས་སུ་སྡུག་བསྔལ་ཞེས་པ་གཅིག་ལས་མེད། ཁྱོད་ཀྱིས་སྡུག་བསྔལ་དྲག་པོ་ཞིག་མྱོང་དུས། ཁྱོད་ཀྱིས་ཁྱོད་རང་གི་སེམས་ཀྱི་གནས་ལུགས་དང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་གནས་ལུགས་གཅིག་མཚུངས་ཡིན་ལུགས་བསམ་དགོས། དེ་རུ་སེམས་གཅིག་ཙམ་མ་གཏོགས་མེད། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མྱོང་བའི་སེམས་དེ་ཚོ་དང་ཁྱོད་རང་གི་སེམས་གཉིས་གཅིག་མཚུངས་ཡིན།

ཁྱོད་ཀྱིས་ད་དུང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རང་བཞིན་དང་ཁྱོད་རང་གི་སྡུག་བསྔལ་གྱི་རང་བཞིན་གཉིས་གཅིག་པ་དང་མཚུངས་པ་ཡིན་ལུགས་བསམ་དགོས། དེ་རུ་སྡུག་བསྔལ་གཅིག་ལས་མེད། ནམ་ཞིག་ཁྱོད་ཀྱིས་དེ་ཚོ་གཅིག་པར་མཐོང་དུས། ཁྱོད་དང་སེམས་ཅན་ཐམས་ཅད་རང་བཞིན་གྱིས་དབྱེར་མེད་དུ་གྱུར་པ་རེད། སྐད་ཅིག་མ་དེའི་རིང་ལ། ཁྱོད་རང་དང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་གནས་ལུགས་དེའི་སྟེང་དུ་ཡོད་པའི་སྡུག་བསྔལ་གྱི་སྟེང་དུ་དམིགས་པ་གཏོད།

རྣམ་རྟོག་ཅིག་སྐྱེས་པའི་སྐབས་སུ་དེ་བཅིང་འགྲོལ་ཐོངས། ཁྱོད་རང་གི་མཉམ་བཞག་དང་སེམས་ཀྱི་སྟངས་འཛིན་བརྒྱུད་ནས་སྡུག་བསྔལ་དེ་ཚོ་སྤོང་ཐུབ་ཀི་རེད། ཉོན་མོངས་དེ་ཚོ་བཅིང་བགྲོལ་བཏང་བ་ཡིན་ན་དེ་ཚོ་ཡེ་ཤེས་སུ་འགྱུར་གྱི་རེད། ཁྱོད་ཀྱི་ཉོན་མོངས་བཅིང་འགྲོལ་བཏང་བ་དེ་ཡིས། ཁྱོད་ཀྱིས་ཚད་ངེས་ཅན་ཞིག་གི་སྟེང་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བཅིང་འགྲོལ་བྱས་པ་རེད། གལ་སྲིད་ཁྱོད་རང་རི་ཆེན་པོ་ཞིག་གི་འོག་ཏུ་མནན་བསྡད་ཡོད་ན། ཁྱོད་ཀྱིས་རི་དེ་ལས་རྡོ་བ་ཆུང་ཆུང་ཞིག་བླངས་པ་ཡིན་ཡང་དེས་ཁྱོད་ཀྱི་སྡུག་བསྔལ་ཇེ་ཡང་དུ་འགྲོ་བར་ཕན་ཐོགས་ཡོད་པ་བཞིན་དུ། སྐད་ཅིག་མ་དེའི་རིང་ལ། ཁྱོད་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཉུང་དུ་འགྲོ་ཐུབ།

གལ་སྲིད་ཁྱོད་ཀྱིས་སེམས་ཀྱི་རང་བཞིན་རྟོགས་ན། ཁྱོད་ཀྱིས་སྡུག་བསྔལ་དང་སྡུག་བསྔལ་གྱི་ཚོར་བ་ཇི་འདྲ་ཞིག་ཡིན་ཡང་དེའི་རང་བཞིན་དེ་ནི་སྟོང་པ་ཉིད་ཡིན་པ་རྟོགས་ཡོང་། དེ་ཚོ་རྐྱེན་དང་འཕྲད་ན་ལྡང་ཡོང་བ་མ་གཏོགས་ཚུགས་ཐུབ་ཏུ་གྲུབ་མེད། ནམ་ཞིག་སྡུག་བསྔལ་གྱིས་ཁྱོད་ལ་གནོད་མི་ཐུབ་པའི་སྐབས་སུ་ཁྱོད་ཀྱི་སེམས་ལ་བདེ་བ་ཆེན་པོ་ཞིག་ཡོང་། གལ་སྲིད་སྐབས་དེར་ཁྱོད་ཀྱིས་རང་གཞན་གཉིས་དབྱེར་མེད་དུ་སྒོམ་པ་ཡིན་ན། བདེ་བ་དེ་ཡིས་སེམས་ཅན་ཐམས་ཅད་ཀྱི་ངར་འཛིན་ཇེ་ཉུང་དུ་གཏོང་གི་རེད། བདེ་སྐྱིད་དེ་ནི་གཟུང་འཛིན་གཉིས་སྟོང་དང་སྣང་སེམས་རོ་གཅིག་གི་གཏོང་ལེན་ལ་ཉམས་ལེན་བྱས་པ་ལས་བྱུང་བའི་བདེ་བ་དེ་རེད།”

མཐའ་མཇུག་ཏུ་གཏོང་ལེན་དེ་ནི་ངའི་བཙོན་ཁང་ནང་གི་ཉམས་ལེན་ལྟེ་བ་དེར་གྱུར་སོང་།

ལོ་མང་པོ་ཞིག་གི་རྗེས་སུ་ངས་གལ་སྲིད་ང་ཚོའི་སེམས་ནང་དུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་པའི་འདུན་པ་ཞིག་ཡོད་པ་ཡིན་ན། དེས་འགྲོ་བ་མིའི་རིགས་ཧྲིལ་བོར་ཕན་ཐོགས་འབྱུང་གི་རེད། གལ་སྲིད་འདུན་པ་དེ་ང་ཚོའི་སེམས་ནང་ཡོད་པ་ཡིན་ན། དེ་ནས་ང་ཚོས་སྨོན་ལམ་འདོན་དུས་སུ་དེ་ཚོ་ང་རང་ཚོའི་ཆ་ཤས་དངོས་གནས་ཤིག་ཏུ་འགྱུར་གྱི་རེད། དེ་ནི་དོན་དམ་པའི་གཏོང་ལེན་གྱི་ཉམས་ལེན་དེ་རེད། གལ་སྲིད་ང་ཚོའི་སྨོན་ལམ་དེ་ནི་སེམས་ཅན་ཐམས་ཅད་ལ་བདེ་བ་འདྲེན་པ་དང་སྡུག་བསྔལ་སྤོང་བ་དེ་ཡིན་ན། གལ་སྲིད་དེ་ང་ཚོའི་སེམས་ནང་རྒྱུན་ཆགས་སུ་གནས་པ་ཡིན་ན། དེ་ནས་དེ་ནི་གཏོང་ལེན་གྱི་ཉམས་ལེན་དངོས་མ་དེར་འགྱུར་གྱི་ཡོད་པ་དེ་རྟོགས་བྱུང་།

གང་ལྟར་ཡང་། བཙོན་ཁང་དུ་སྡོད་པའི་སྐབས་དེར་དགོང་མོར་ང་ཚོ་མར་ཉལ་ནས་གཉིད་ཁུག་དགོས་ཀྱི་ཡོད་པ་རེད། ང་ཚོ་རང་གི་སྡོད་ཁང་དེ་ཚོའི་ནང་དུ་ཙོག་པུར་སྡོད་ཆོག་གི་མ་རེད། དེའི་རྐྱེན་གྱིས་དགོང་མོ་རྟག་པར། ང་རང་འགུལ་ཙམ་ཡང་མེད་པར་ངའི་ཉལ་གོས་ཀྱི་ནང་དུ་ཉལ་ཏེ་གཉིད་ཁུག་རྫུ་བྱེད་ཀི་ཡོད་ན་ཡང་། ངས་དུས་ཚོད་དེ་ཚོ་ཕལ་ཆེ་བ་གཏོང་ལེན་དང་རྡོ་རྗེ་བཟླས་པའི་ཉམས་ལེན་ལ་བཀོལ་གྱི་ཡོད།

ངས་ད་དུང་མཁན་པོ་མུན་སེལ་གྱི་ལམ་སྟོན་བཞིན་རྨི་ལམ་ནང་སེམས་གསལ་རིག་དང་འོད་གསལ་ཕྲ་མོའི་སྟེང་དུ་མཉམ་པར་འཇོག་གི་ཡོད། འདི་ལ་འབད་བརྩོན་དྲག་པོ་ཞིག་བྱས་ན་གཞི་ནས་གཉིད་པའི་སྐབས་སུ་འོད་གསལ་ངོས་འཛིན་ཐུབ། དེ་ནི་མི་ཞིག་གིས་ཉིན་མོའི་གནས་སྐབས་སུ་རང་གི་གཟུགས་པོའི་ནུས་པ་འདོན་སྤེལ་བྱས་ཡོད་ན་ལེགས་པོ་ཡོད།

“གང་ལྟར།” མཁན་པོ་མུན་སེལ་གྱིས། “དེ་ནི་ཅུང་ཟད་ལས་སླ་བོ་ཡོད།”

“ཁྱོད་རང་གཉིད་ཁུགས་ཤིག” ཁོང་གིས་རྒྱས་བཤད་གནང་བྱུང་། “ཁྱོད་རང་ཐད་ཀར་རང་གི་སེམས་ནང་གི་དོན་སྤྱི་དེ་ཚོའི་བར་དུ་གནས་པར་གྱིས། གཉིད་ཁུག་དུས། ཀུན་རྫོབ་དང་བྲལ་ནས་རིག་པ་རྒྱུན་སྐྱོང་དགོས། འོད་གསལ་རྒྱུན་སྐྱོང་བ་དང་དེ་རྗེས་གཟུང་འཛིན་གཉིས་སྟོང་གི་རིག་པའི་ངང་ལས་སད་དགོས། དེས་འཆི་བ་བར་དོ་སྦྱོང་གི་རེད། གང་ལྟར། དེ་ནི་ག་ལེར་གཉིད་ཁུག་པའི་སྐབས་ཀྱི་བསམ་བློར། ཨོ། ད་ནི་ང་རང་གཉིད་ཀྱི་གནས་སྐབས་སུ་བསླེབས་འདུག ད་ནི་ང་རང་གཉིད་བཞིན་འདུག་ལྟ་བུའི་རིགས་དེ་དང་མི་འདྲ་བ་ཞིག་ཡིན།”

གཟའ་ཉི་མར། བཙོན་ཁང་ནང་གི་རང་དབང་གི་ཉིན་མོ། ང་ཚོས་རང་རང་གི་གྱོན་ཆས་དག་བཀྲུ་བ་དང་ཟ་མ་མཉམ་དུ་བཟའ་གི་ཡོད། ངའི་ཤག་རོགས་ཚོས་ཁ་བརྡ་བྱེད་པ་དང་རྩེད་མོ་རྩེ་བ་དེ་འདྲ་བྱེད་ཀི་ཡོད། ང་ཚོ་ཚང་མར་གད་མོ་དགོད་པ་དང་སྐད་ཅིག་མ་རེ་རེར་སྐྱིད་སྣང་དོད་པའི་དུས་ཚོད་ཡག་པོ་ཞིག་ཡོད། ཉིན་ཞིག་རྒྱ་མིའི་ལས་བྱེད་པ་ཚོ་བསླེབས་ནས་ང་ཚོར་གཤེ་གཤེ་བཏང་བྱུང་།

“ག་རེ་བྱེད་ཀི་ཡོད། ག་རེ་བྱས་ནས་ཁྱོད་ཚོ་གད་མོ་འདི་འདྲ་ཞིག་དགོད་ཀྱི་ཡོད། ཁྱོད་ཚོས་རང་ཉིད་གང་དུ་ཡོད་པ་ཤེས་སམ། འདི་ནི་བཙོན་ཁང་རེད། ཁྱོད་ཚོ་འདིར་རང་དབང་གང་ཡང་མེད་པར་སྡོད་དགོས་པ་རེད། མི་གཞན་པ་ཚོས་དེ་མ་བཟོད་པར་རང་ཤི་རྒྱག་གི་ཡོད་པ་རེད། ཡིན་ན་ཡང་ཁྱོད་ཚོ་གད་མོ་བགད་ནས་སྣང་བ་སྐྱིད་པོ་བྱེད་ཀི་འདུག ཁྱོད་ཚོར་དེ་འདྲའི་དུས་ཚོད་ཡག་པོ་ཞིག་ཇི་ལྟར་བྱས་ནས་ཡོད་པ་རེད།”

ལས་བྱེད་དེ་ཚོས་ང་ཚོས་འཁྲབ་སྟོན་ཞིག་བྱེད་ཀི་ཡོད་ས་རེད་བསམས་འདུག ཡིན་ན་ཡང་ང་ཚོས་དེ་ལྟར་བྱས་མེད། གཞི་རྩའི་ཆ་ནས་ང་ཚོས་རང་རང་ས་ནས་སྣང་བ་སྐྱིད་པོ་ཞིག་བྱས་པ་ཡིན། དེ་བཞིན་བཙོན་རོགས་ཚང་མ་གནས་གཅིག་ཏུ་སྡོད་པ་དང་ལོ་མང་རིང་མཉམ་དུ་ལས་ཀ་བྱེད་དགོས་བྱུང་བ་རེད། ང་ཚོས་རང་གི་སེམས་ནང་དུ་ཚོགས་སྡེ་མི་འདྲ་བ་གཉིས་འབྱེད་ཀི་ཡོད་པ་རེད། ཚོགས་སྡེ་གཅིག་ནི་ནམ་རྒྱུན་སྐྱོ་བ་དང་སྡུག་བསྔལ་ཡོད་པ་རེད། གཞན་པ་དེས་གནས་ཚུལ་ག་རེ་བྱུང་ན་ཡང་བདེ་སྐྱིད་ཀྱིས་འཚོ་ཐབས་བྱེད་ཀི་ཡོད་པ་རེད། དེའི་ཕྱིར། དུས་ཚོད་དེ་འདྲ་བ་ཞིག་གི་སྐབས་སུ། ང་ནི་བཙོན་པ་བདེ་སྐྱིད་འཚོལ་ཐབས་བྱེད་མཁན་དེ་ཚོའི་ཁོངས་སུ་གཏོགས་ཀི་ཡོད། ངའི་བླ་མའི་བྱིན་རླབས་ལ་བརྟེན་ནས་ངས་རང་ཉིད་ཀྱི་ལས་དབང་དང་ལེན་བྱེད་ཐུབ། ངས་ཁོང་ཁྲོ་དང་འཁོན་འཛིན་སྐྱེ་མཚམས་འཇོག་རྒྱུའི་ཐག་གཅོད་བྱས་པ་ཡིན། སྒྱུར་བཅོས་འདིའི་གྲུབ་འབྲས་ལ་བརྟེན་ནས། ངའི་སེམས་ནང་གི་རྡོ་ཆེན་པོ་དེ་དབྱུགས་ཐུབ་པ་ཞིག་བྱུང་སོང་བས། རང་ཉིད་ཀྱི་གྲོགས་པོ་ཚོར་གད་མོ་དགོད་ཐུབ་པ་ཞིག་བྱུང་།

རྗེས་སུ། ངས་གཟའ་ཉི་མ་ཆ་ཚང་ལ་ཉམས་ལེན་བྱེད་རྒྱུའི་ཐག་གཅོད་བྱས་པ་ཡིན། ངས་ཉིན་གང་བོར་མཉམ་པར་འཇོག་པ་དང་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་བཏོན་པ་ཡིན། ང་ཚོས་ཙོག་བུར་བསྡད་ནས་ཉམས་ལེན་བྱེད་ཆོག་གི་མེད་པས། གལ་སྲིད་བཙོན་སྲུང་བས་ང་ཚོས་སྒོམ་རྒྱག་གི་ཡོད་པ་དེ་མཐོང་བ་ཡིན་ན། དེ་ཚོས་རྙོག་དྲ་ཆེ་ཐག་ཆོད་ཅིག་བཟོ་གི་ཡོད་པ་རེད། དེའི་རྐྱེན་གྱིས། ང་མར་ཉལ་ཏེ་རང་ཉིད་ཉལ་གོས་ཀྱི་འོག་ཏུ་སྦས་ཏེ་གཉིད་རྫུ་བྱེད་ཀི་ཡོད་ལ། དེ་ནས་ག་ལེར་རྡོ་རྗེ་བཟླས་པ་སྟེ་ཨོྃ་ཨྰཿཧྰུྃ ་ ཞེས་པ་དེ་སྒོམ་སྒྲུབ་བྱེད་ཀི་ཡོད། ངས་ད་གིན་ནས་ཁྱེད་ལ་བརྗོད་ཟིན། ངས་བརྗོད་མ་སོང་ངམ། བཙོན་ཁང་ནང་དུ། ངས་རང་གིས་གཅིན་པ་གཏོང་དུས་སྒོམ་ཡག་ཐག་ཆོད་དེ་རྒྱག་གི་ཡོད།

ཐེངས་མང་པོ་ཞིག་ལ། ངའི་གྲོགས་པོ་ཚོས་གཟའ་ཉི་མར་ཏག་སེ་རྩེད་ཀི་ཡོད་པ་རེད། ཁོ་ཚོས་ངའི་གཟུགས་པོའི་སྟེང་དུ་པང་ལེབ་གཅིག་འཇོག་གི་ཡོད་པ་དང་། ང་རང་ཁོ་ཚོའི་རྩེད་མོའི་ཅོག་ཙེ་རུ་འགྱུར་གྱི་ཡོད། ཁོ་ཚོ་ཏག་སེ་རྩེད་མོ་རྩེ་བའི་རིང་དེར་ང་རང་མར་ཉལ་ནས་ཆུ་ཚོད་མང་པོའི་རིང་སྒོམ་རྒྱག་པའམ་ཨ་ཏི་ཤས་མཛད་པའི་སྒྲོལ་མའི་གསོལ་འདེབས་དེ་ཤུབ་བུར་འདོན་གྱི་ཡོད། ཁོ་ཚོས་མུ་མཐུད་ངའི་མཐའ་སྐོར་དུ་ཀུ་རེ་རྩེ་བའམ་གད་མོ་དགོད་བཞིན་ཡོད། ཐེངས་ཤིག ངས་རང་གི་གཟུགས་པོར་ཏོག་ཙམ་འཕྲུག་དགོས་བྱུང་བ་དང་ལམ་སེང་ཁོ་ཚོས། “དཀོན་མཆོག་རྒྱལ་མཚན། འགུལ་སྐྱོད་མ་གཏོང་། ཙོག་གེ་སྡོད་དང་། ཙོག་གེ་སྡོད་དང་།”

མཁན་པོ་མུན་སེལ་ངའི་ཡར་རྒྱས་ལ་ཐུགས་མཉེས་པོ་བྱུང་བ་དང་འབྲེལ། ད་དུང་མུ་མཐུད་དུ་ང་ལ་སེམས་བཟང་པོ་བྱེད་དགོས་པའི་བསླབ་བྱ་གནང་བྱུང་།

“བག་ཡོད་པར་གྱིས། ལས་ཀ་དྲང་པོར་ལས། སེམས་བཟང་པོ་ཡོད་པ་གྱིས།”

དེ་ཚོ་ནི་མཁན་པོ་མུན་སེལ་གྱིས་ང་ལ་ཡང་ཡང་གདམས་པ་དེ་རེད།

ངས་ཐེངས་མང་པོར་སོ་ཕག་བཟོས་རྗེས་དེ་ཚོ་བསྲེགས་ཁུང་དུ་དབོར་དགོས། མཁན་པོ་མུན་སེལ་གྱིས་དེ་ལ་དམིགས་ནས་ང་ལ།

“གཟབ་གཟབ་བྱོས། ས་ཕག་དེ་ཚོ་མ་ཆག་པ་ཞིག་བྱོས།”

ཐེངས་མང་པོར། ང་ཚོར་ལག་ཆ་རྙིང་པའམ་ཆག་ཚར་བ་དེ་འདྲ་སྤྲོད་ཀྱི་འདུག ཡིན་ན་ཡང་ང་ཚོས་ལས་ཀ་ཡག་པོ་བྱེད་རྒྱུའི་རེ་བ་བཅང་གི་ཡོད། ནམ་རྒྱུན་ང་ཚོས་རྡོ་གཅོགས་པའམ་ལོ་ཏོག་རྔོ་དུས། ངས་ལག་ཆ་སྡུག་ཤོས་དེ་ཚོ་འཁྱེར་གི་ཡོད་ལ་ལག་ཆ་བདེ་ཤོས་དེ་ཚོ་རང་གི་གྲོགས་པོ་ཚོར་སྤྲོད་ཀྱི་ཡོད། གལ་སྲིད་མི་ཞིག་གིས་ཁོ་རང་ངའི་ཅ་ལག་ཅིག་ལ་དགའ་བོ་ཡོད་ལུགས་བརྗོད་ཚེ། དེ་ནི་སྟོད་གོས་སམ་ལག་ཆའམ་ཕོར་བ་གང་ཞིག་ཡིན་ཡང་ངས་ལམ་སེང་དེ་ཁོ་ལ་སྤྲོད་ཀྱི་ཡོད། ངས་རང་གི་ལས་ཀའི་ས་གནས་སུ་འོས་འགན་དེ་ཚར་བའི་རྗེས་སུ། ཉེ་འཁྲིས་སུ་ཡོད་པའི་མི་དེའི་སར་སོང་ནས་ཁོ་ལ་རོགས་རམ་བྱེད་ཀྱི་ཡོད།

ཉི་མ་རེ་རེར་ང་ཚོས་འདྲུད་འཁོར་ཞིག་གི་ནང་དུ་ས་ཕུང་དབོར་དགོས། ང་ཚོ་མི་རེ་རེར་ས་ཅི་ཙམ་ཞིག་དབོར་དགོས་པའི་འགན་ཁུར་ཡོད། ང་ཚོའི་གྲས་སུ་བླ་མ་བགྲེས་པོ་སྐུ་གཟུགས་ཉམ་ཆུང་ཞིག་ཡོད་པ་དེས་ནམ་ཡང་ཁོང་གི་འདྲུད་འཁོར་དེ་འདེད་ཐུབ་ཀྱི་མེད། ངས་ཁོང་གི་འདྲུད་འཁོར་དེ་ངའི་འདྲུད་འཁོར་གྱི་སྔོན་དེར་འདེད་རྒྱུའི་ཐག་གཅོད་བྱས་པ་ཡིན། ཉི་མ་དེ་ནས་བཟུང་སྟེ་ངས་དུས་རྟག་ཏུ་ཁོང་གི་ས་དེ་དབོར་གྱི་ཡོད་ལ། ངས་རང་གི་ལས་ཀ་དེ་ནམ་ཡང་ཚར་གྱི་མི་འདུག་པས། བཙོན་སྲུང་བས་ང་ལ་དེའི་རྐྱེན་གྱིས་སྐྱོན་བརྗོད་བྱེད་ཀིན་འདུག དེའི་རྐྱེན་གྱིས་བླ་མ་ཉམ་ཆུང་དེས་ང་ལ་ཞུ་བ་འཐེན་ནས། “སྐུ་མཁྱེན། ཁྱོད་རང་གི་ས་དེ་ཐོག་མར་དབོར་རོགས། དེ་ནས་ང་ལ་རོགས་རམ་གནང་ན་འགྲིག་གི་རེད།”

གང་ལྟར། ངས་དེ་ལ་ཁ་ཡ་བྱེད་ཀི་མེད། དེས་ངོ་མས་གང་ཡང་བྱེད་ཀྱི་མ་རེད། ངས་འདི་ལྟར་བསམས་བྱུང་། “ང་ཚོ་ཚང་མ་བཙོན་ཁང་ནང་དུ་ཡོད་པ་རེད། བསྟོད་བསྔགས་དང་སྐྱོན་བརྗོད་གཉིས་ཀས་གང་ཡང་བྱེད་ཀྱི་མ་རེད། ངས་ཁོ་ཚོས་ང་ལ་བསྟོད་བསྔགས་བྱེད་པའམ་འཁང་ར་བྱེད་པ་དེ་ཚོར་ཇུས་གཏོགས་བྱེད་ཀྱི་མེད། ངས་བྱས་པ་དེ་ཚོ་ཚང་མ་ནི་བླ་མ་ཉམ་ཆུང་དེར་རོགས་རམ་ཞིག་བྱེད་འདོད་པ་དེ་ཡིན།” ངས་ལྷག་བསམས་བཅངས་ནས་རང་གི་ནུས་པ་ཡོད་ཚད་བཏོན་ཏེ། ཆེས་ཆུང་བའི་རོགས་རམ་གྱིས་མི་གཞན་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཁོ་ཚོ་ངའི་སྔོན་དུ་འཇོག་རྒྱུའི་རེ་བ་བྱེད་ཀི་ཡོད། ངས་ཞེ་དྲགས་བྱེད་ཐུབ་ཀྱི་མི་འདུག ཡིན་ན་ཡང་ངས་ཁོ་ཚོར་རོགས་རམ་ཕྲན་བུ་རེ་བྱེད་ཐུབ་པ་དེས་ང་རང་ཧ་ཅང་སྐྱིད་པོ་ཡོང་གི་འདུག

ངས་ད་དུང་བཙོན་ཁང་ནང་གི་མི་ཚང་མར་ “ཨ་བྷེ་” ཞེས་འབོད་མགོ་བཙུགས་པ་ཡིན། དེ་ནི་བོད་སྐད་ཀྱི་ནང་དུ་གཅེས་མིང་ཞིག་སྟེ་བརྩེ་བའི་མི་དེ་ཞེས་པར་གོ མི་མང་པོ་ཞིག་གིས་ང་ལ་ཡང་ཕྱིར་ “ཨ་བྷེ་” ཞེས་བོས་བྱུང་། དེ་ནས་ཅང་མ་འགོར་བར་དེ་ནི་ངའི་མིང་ཚབ་ཅིག་ཏུ་ཡང་གྱུར་སོང་། གལ་སྲིད་མི་ཞིག་གིས་ང་ལ་ “ཨ་བྷེ་” ཞེས་བོས་ཏེ། “ཁྱོད་ལ་སྟོད་གོས་ཡག་པོ་ཞིག་འདུག” ཅེས་བརྗོད་ཚེ། ངས་དེ་མ་ཐག་ཏུ་དེ་ཕུད་ནས་སྤྲོ་བ་དང་བཅས་ཁོ་ལ་སྤྲོད་ཀི་ཡོད།

ཉིན་ཞིག མི་ཞིག་གིས་ང་ལ་མཁན་པོ་མུན་སེལ་གྱིས་ཁོ་ལ། མགར་ཆེན་རིན་པོ་ཆེ་ནི་བྱང་ཆུབ་སེམས་དཔའ་ཞིག་རེད་ཅེས་གསུངས་ལུགས་བརྗོད་བྱུང་། ངས་མཁན་པོ་མུན་སེལ་གྱིས་ང་ལ་དེ་ལྟར་གསུངས་པ་ནམ་ཡང་ཐོས་མ་མྱོང་། ཡིན་ན་ཡང་། དེ་ལ་བརྟེན་ནས། མི་མང་པོ་ཞིག་གིས་ང་ལ་མཁན་པོ་མུན་སེལ་གྱིས་གསུངས་པ་བཞིན་བོས་བྱུང་།

ངས་དེ་ནས་བཟུང་བཙོན་ཁང་དུ་སྡུག་བསྔལ་མ་མྱངས་ཞེས་བརྗོད་ཆོག་གི་འདུག ངོ་མ་བརྗོད་ཆོག་གི་འདུག རྫོགས་སོ།།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese