མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནད་ཡམས་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ནང་མིར་གུན་གསབ་ཧིན་སྒོར་ཁྲི་ལྔ་རེ་སྤྲོད་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༤ ཉིན་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ངོས་ནས་རྒྱ་གར་བ་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་བའི་མི་རྣམས་ཀྱི་ཤུལ་ལུས་ནང་མི་ལ་གུན་གསབ་ཧིན་སྒོར་ཁྲི་ ༥ རེ་སྤྲོད་རྒྱུའི་ལས་གཞི་དེར་ཆོག་མཆན་སྤྲད་ཡོད་འདུག

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དེའི་ནང་། གུན་གསབ་མ་དངུལ་དེ་མངའ་སྡེ་སོ་སོའི་གོད་ཆག་ངལ་སེལ་མ་དངུལ་ (Disaster Relief Funds) ནས་གཏོང་དགོས་པ་དང་། གུན་གསབ་སྦྱིན་ཡུལ་གྱི་འདས་པོའི་ཚེ་འདས་ལག་འཁྱེར་སྟེང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་པ་ཞེས་འཁོད་དགོས་སྐོར་དང་། དེ་ཡང་འབྲེལ་ཡོད་ལས་ཁུངས་ཁག་གིས་འདས་པོའི་ནང་མིའི་གུན་གསབ་སྙན་ཞུ་འབྱོར་རྗེས་ཉིན་གྲངས་ ༣༠ ནང་ཚུད་ལ་སྤྲད་ཟིན་པ་དགོས་སྐོར་བརྗོད་འདུག་ལ། ཡང་མངའ་སྡེ་རྣམས་ཀྱིས་འདས་པོའི་ཚེ་འདས་ལག་འཁྱེར་སྟེང་ཏོག་དབྱིབས་གཉན་རིམས་འཁོད་མེད་པ་ཙམ་གྱི་རྒྱུ་མཚན་སྟེང་ནས་གུན་གསབ་བཀག་མི་ཉན་པར། འབྲེལ་ཡོད་ལས་ཁུངས་ངོས་ནས་ཞིབ་འཇུག་གིས་ཡིག་ཆར་ཁྲིམས་མཐུན་བཟོ་བཅོས་བྱ་དགོས་སྐོར་གྱི་ལམ་སྟོན་ཡང་བྱས་ཡོད་འདུག དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གུན་གསབ་མ་དངུལ་དེ་འབྱུང་འགྱུར་འདས་གྲོངས་སུ་འགྱུར་སྲིད་པའི་མི་རྣམས་ལའང་འཐོབ་དགོས་སྐོར་བརྗོད་འདུག

ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་བ་རྣམས་ལ་གཞུང་ངོས་ནས་གུན་གསབ་སྤྲོད་རྒྱུའི་ལས་གཞི་དེ་ནི་ཐོག་མར་གཞུང་ཕྱོགས་ནས་སྤེལ་བ་ཞིག་མིན་པར། འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་གར་གྱི་ཁྲིམས་རྩོད་པ་གྷོ་རབ་ཀུ་མར་བྷན་སལ་ (Gaurav Kumar Bansal) དང་རི་པག་ཀན་སལ་ (Reepak Kansal) གཉིས་ཀྱིས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་། ཁྲིམས་རྩོད་པ་གཉིས་ཀྱི་ཞུ་གཏུག་ནང་། རྒྱ་གར་གྱི་དབུས་སའི་གཞུང་གིས་གཞུང་འབྲེལ་གྱི་ཐོག་ནས་ཏོག་དབྱིབས་གཉན་རིམས་འདི་བཞིན་གོད་ཆག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན། རྒྱ་གར་གྱི་ཕྱི་ལོ་ ༢༠༠༥ ལོའི་གོད་ཆག་སྟངས་འཛིན་ཁྲིམས་ཡིག་ (Disaster Management Act of 2005) གཞིར་བཟུང་གཞུང་ངོས་ནས་གོད་ཆག་གི་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་མི་རྣམས་ལ་ཧིན་སྒོར་འབུམ་ ༤ རེ་གུན་གསབ་སྤྲོད་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།

མི་སྒེར་གྱི་ཞུ་གཏུག་དེ་ལ་བརྟེན་ནས་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། རྒྱ་གར་གཞུང་གིས་འདས་པོ་རྣམས་ལ་གུན་གསབ་མ་དངུལ་སྤྲོད་དགོས་སྐོར་ཙམ་ལས་མ་དངུལ་ཇི་ཙམ་སྤྲོད་དགོས་མིན་དེ་གཞུང་གི་ལག་ཏུ་བཞག་ཡོད་ལ། རྒྱ་གར་གྱི་རྒྱལ་ཡོངས་གོད་ཆག་སྟངས་འཛིན་ཚན་པའི་ (National Disaster Management Authority) ངོས་ནས་བདུན་ཕྲག་དྲུག་ནང་འདས་པོ་རྣམས་ལ་གུན་གསབ་སྤྲོད་ཕྱོགས་ཀྱི་ཡིག་ཆ་ཞིག་བཟོ་སྒྲིག་དགོས་སྐོར་བཀའ་བཏང་བ་མ་ཟད། རྒྱ་གར་གཞུང་ངོས་ནས་ད་བར་འདས་པོ་རྣམས་ལ་གོད་ཆག་སྟངས་འཛིན་ཁྲིམས་ཡིག་གཞིར་བཟུང་གུན་གསབ་སྤྲད་མ་ཐུབ་པར་ལྷོད་གཡེང་འཐུས་ཤོར་བཏང་བ་དེ་རང་འགན་མ་འཁུར་བ་ཞིག་ཡིན་སྐོར་གྱི་སྐྱོན་བརྗོད་ཀྱང་བྱས་ཡོད་འདུག འོན་ཀྱང་རྒྱ་གར་དབུས་གཞུང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ། རྒྱ་གར་གྱི་མངའ་སྡེ་དག་ལ་ལོ་རེའི་དངུལ་རྩིས་ཀྱི་ཐོག་ནས་འདས་པོ་རྣམས་ལ་ཧིན་སྒོར་འབུམ་ ༤ རེ་སྤྲོད་ཐབས་རྩ་བ་ནས་མེད་པའི་གནས་སྟངས་ཐོག ད་ལྟ་ཡོད་པའི་མ་དངུལ་རྣམས་གཉན་རིམས་འགོག་རྒོལ་གྱི་ལས་གཞི་གཞན་གྱི་ཆེད་དུའང་གཏོང་དགོས་སྐོར་བརྗོད་ཡོད་པ་རེད།

India has officially recorded more than 449,000 Covid-19 deaths so far. Photo: Reuters

ཁ་སང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྒྱ་གར་གཞུང་གི་ཐག་གཅོད་ལ་ངོས་ལེན་ཆོག་མཆན་སྤྲད་པ་དང་བསྟུན། གཏུག་བཤེར་བྱེད་མཁན་གྱི་ཁྲིམས་རྩོད་པ་གྷོ་རབ་ཀུ་མཱར་བྷན་སལ་གྱིས། ང་ཚོས་གཞུང་གིས་གཉན་རིམས་འགོག་རྒོལ་གྱི་ཆེད་དུ་དངུལ་ཕོན་ཆེན་བཏང་ཡོད་པ་ཤེས་ཀྱི་ཡོད། འོན་ཀྱང་ང་ཚོས་ད་དུང་གཞུང་ངོས་ནས་ཁྲིམས་སྒྲིག་གཞིར་བཟུང་འདས་པོ་རྣམས་ཀྱི་ཤུལ་ལུས་ནང་མི་རྣམས་ལ་ཧིན་སྒོར་འབུམ་ ༤ རེ་སྤྲོད་དགོས་ཀྱི་ཡོད་པ་མཐོང་གི་འདུག དེ་ལྟར་མ་བྱུང་ནའང་། དབུལ་ཕོངས་ནང་མི་རྣམས་ལ་དངུལ་མང་བ་དང་ཁྱིམ་ཚང་ཏོག་ཙམ་དྲག་པ་རྣམས་ལ་དངུལ་ཉུང་བ་སྤྲད་ན་ཆོག་གི་ཡོད་པ་རེད། ཅེས་གཞུང་གི་ཐག་གཅོད་དེར་འདོད་བློ་མ་ཁེངས་པའི་རྣམ་འགྱུར་བསྟན་ཡོད་འདུག

ཀར་ན་ཊ་ཀ་(Karnataka) ཡིས་མཚོན་པའི་རྒྱ་གར་གྱི་མངའ་སྡེ་རེ་ཟུང་གིས་སྔར་ནས་རང་གི་མི་མང་རྣམས་ལ་གུན་གསབ་འབུམ་ ༡ རེ་སྤྲོད་རྒྱུའི་གསལ་བསྒྲགས་བྱས་ཟིན་པ་མ་ཟད། གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། ད་བར་ཁྱིམ་ཚང་དབུལ་ཕོངས་ ༡༦ ལ་གུན་གསབ་སྤྲད་ཟིན་ཡོད་འདུག ཡིན་ནའང་ད་ལན་དབུས་གཞུང་གིས་གུན་གསབ་མ་དངུལ་དེ་མངའ་སྡེའི་གོད་ཆག་ངལ་སེལ་མ་དངུལ་ནས་གཏོང་དགོས་སྐོར་བརྗོད་པར་བརྟེན། ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་ར་ལ་ (Kerala) དང་ར་ཇི་སི་ཐན་ (Rajasthan) གཉིས་ཀྱིས་གུན་གསབ་རྣམས་མངའ་སྡེ་སོ་སོས་སྤྲད་དགོས་བྱུང་ན། མངའ་སྡེའི་བང་མཛོད་ལ་དོ་ཕོག་ཆེན་པོ་ཐེབས་ངེས་ཡིན་པས་དབུས་གཞུང་གིས་སྤྲོད་དགོས་ཚུལ་བརྗོད་ཡོད་འདུག

རྒྱ་གར་ནི་འཛམ་གླིང་སྟེང་གི་ཏོག་དབྱིབས་གཉན་རིམས་ཀྱིས་གནོད་འཚེ་ཆེ་ཤོས་ཐེབས་སའི་རྒྱལ་ཁབ་ཅིག་ཡིན་ཞིང་། ལྷག་པར་དུ་འདི་ལོའི་ལོ་མགོར་རྒྱ་གར་རྒྱལ་ཡོངས་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་ནད་རླབས་གསུམ་པ་དེས་མི་སྲོག་སྟོང་ཕྲག་བརྒལ་བ་འཕྲོག་ཡོད་པ་དང་།  རྒྱ་གར་གྱི་གཞུང་འབྲེལ་གྲངས་ཐོ་ལྟར་ན། དེ་རིང་ཉིན་གུང་བར་རྒྱ་གར་རྒྱལ་ཡོངས་ནང་ཁྱོན་མི་གྲངས་ ༣༣,༨༥༣,༠༤༨ ལ་གཉན་རིམས་འགོས་པའི་ཁྲོད་ནས། མི་གྲངས་ ༤,༤༩,༢༦༠ འདས་གྲོངས་སུ་ཕྱིན་ཡོད་པ་རེད། འོན་ཀྱང་འཕྲོད་བསྟེན་མི་སྣ་དང་དབྱེ་ཞིབ་པ་རྣམས་ཀྱིས་རྒྱ་གར་ནང་གི་ནད་པའི་འདས་གྲངས་དེ་གཞུང་འབྲེལ་གྱི་གྲངས་ཐོ་ལས་ལྡབ་ ༡༠ ཡིས་མང་བ་ཡོད་སྐོར་གྱི་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese