མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འདི་ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་གསལ་བསྒྲགས་བྱས།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ནོ་སྦེལ་དངོས་ཁམས་གཟེངས་རྟགས་དང་སྨན་བཅོས་རིག་པའི་གཟེངས་རྟགས་ཐོབ་མཁན་ཡོངས་བསྒྲགས་བྱས་འདུག

Syukuro Manabe(L) and Klaus Hasselmann, Giorgio Parisi(R) awarded Nobel Prize in Physics 2021

དེ་རིང་ཉིན་རྒྱབ་སི་ཝེ་ཌན་གྱི་རྒྱལ་ས་སི་ཊོག་ཧོམ་དུ་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། འདི་ལོའི་དངོས་ཁམས་རིག་པའི་གཟེངས་རྟགས་དེ། གོ་ལའི་གནམ་གཤིས་ཀྱིས་མཚོན་པའི་འཇིག་རྟེན་གྱི་དཀའ་རྙོག་ཆེ་བའི་དངོས་ཁམས་གཤིས་ལུགས་ཀྱི་ཤེས་རྟོགས་ཐད་ཞབས་འདེགས་གལ་ཆེན་ཞུས་པའི་ངོས་འཛིན་འོག་ཨ་རིའི་པི་རིན་སི་ཊོན་གཙུག་ལག་སློབ་གྲྭའི་གནམ་གཤིས་རིག་པ་བ་སྐུ་ཞབས་ས་ཡུ་ཀུ་རོ་མ་ན་བྷེ་ (Syukuro Manabe) ལགས་དང་། འཇར་མ་ནིའི་མེག་སི་པེ་ལེང་ཀི་གནམ་གཤིས་ཞིབ་འཇུག་ཁང་ (Max Planck Institute for Meteorology) གི་གནམ་གཤིས་རིག་པ་བ་ཀོ་ལོ་སི་ཧ་སེལ་མཱན་ (Klaus Hasselmann) ལགས། ཨི་ཊ་ལི་རོམ་སེ་པེན་ཛ་གཙུག་ལག་སློབ་གྲྭ་ཆེན་མོའི་དངོས་ཁམས་རྣམ་གཞག་སྨྲ་བ་སྐུ་ཞབས་ཇོར་ཇིའོ་པཱ་རི་སི་ (Giorgio Parisi) བཅས་གསུམ་ལ་ཕུལ་ཡོད་འདུག

དེ་ཡང་གནམ་གཤིས་རིག་པ་བ་ས་ཡུ་ཀུ་རོ་མ་ན་བྷེ་ལགས་དང་ཀོ་ལོ་སི་ཧ་སེལ་མཱན་ལགས་རྣམ་གཉིས་ཀྱིས་གོ་ལའི་གནམ་གཤིས་ཀྱི་གནས་ཚུལ་ཆ་ཚང་བ་གློག་ཀླད་ནང་བཅུག་ཐུབ་པ་བྱུང་བ་དེས་གོ་ལའི་ཚ་དྲོད་ཀྱིས་འཛམ་གླིང་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་མིན་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་ཅིང་། ད་ལྟ་རང་ལོ་ ༩༠ ཡིན་པའི་ས་ཡུ་ཀུ་རོ་མ་ན་བྷེ་ལགས་ཀྱིས་མཁའ་དབུགས་ནང་དུག་རླུང་ཇི་ཙམ་མང་དུ་ཕྱིན་པ་དེས་འཛམ་གླིང་གི་ཕྱི་ངོས་ཀྱི་དྲོད་ཚད་འཕེལ་གྱི་ཡོད་པ་བདེན་དཔང་བྱས་ཡོད་པ་དང་། ད་ལྟ་རང་ལོ་ ༨༩ ཡིན་པའི་ཀོ་ལོ་སི་ཧ་སེལ་མཱན་གྱིས་ས་ཁུལ་བྱེ་བྲག་པའི་གནམ་གཤིས་དང་གོ་ལ་སྤྱི་ཡོངས་ཀྱི་གནམ་གཤིས་གཉིས་གཅིག་ཏུ་བསྒྲིལ་བའི་གློག་ཀླད་ཀྱི་དཔེ་གཞི་བསྐྲུན་པ་དེས། འགྱུར་ལྡོག་དང་རྟག་བརྟན་མེད་པའི་གོ་ལའི་གནམ་གཤིས་ལ་ཚོད་དཔག་བྱེད་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་བརྟེན། འདི་ལོའི་དངོས་ཁམས་རིག་པའི་གཟེངས་རྟགས་ཀྱི་ཕྱེད་གཅིག་དེ་ཁོང་གཉིས་ལ་ཕུལ་ཡོད་པ་རེད།

དེ་བཞིན་དངོས་ཁམས་རིག་པའི་གཟེངས་རྟགས་ཀྱི་ཕྱེད་གཞན་དེ་ཇོར་ཇིའོ་པ་རི་སི་ལ་ཕུལ་ཡོད་ཅིང་། ཁོང་གིས་གནང་བའི་ཞིབ་འཇུག་གྲུབ་དོན་ཁག་གིས་འཛམ་གླིང་སྟེང་གི་ཕྲ་ཕུང་ནས་གཟའ་སྐར་དབར་གྱི་འགྱུར་ལྡོག་དང་རྟག་བརྟན་མེད་པའི་དངོས་པོའི་གནས་སྟངས་འཚོལ་སྙེག་གི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ཅིང་། ཁོང་གི་འཚོལ་སྙེག་དེ་དག་གིས་དངོས་ཁམས་ཙམ་དུ་མ་ཟད་རྩིས་རིག་དང་། སྐྱེས་དངོས། ཀླད་པའི་ཚན་རིག འཕྲུལ་རིག་བཅས་ལ་ཕན་ཐོགས་བྱུང་ཡོད་པ་རེད་འདུགདེ་བཞིན་ཁ་སང་ཕྱི་ཚེས་ ༤ ཉིན་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་སྨན་བཅོས་རིག་པའི་གཟེངས་རྟགས་དེ། ཨ་རིའི་ཁེ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ལུས་ཁམས་རིག་པ་བ་ཌེ་ཝིཌ་ཇུ་ལིའུ་སི་ (David Julius) དང་། ཨ་རིའི་ཧོ་ཝཌ་ཧུག་སི་སྨན་བཅོས་ཞིབ་འཇུག་ཁང་ (Howard Hughes Medical Institute) གི་འདུས་རྡུལ་སྐྱེས་དངོས་རིག་པ་བ་ཨར་ཌེམ་པེ་ཊ་པོ་ཏི་ཡན་ (Ardem Patapoutian)  ལགས་གཉིས་སུ་ཕུལ་ཡོད་འདུག

ཁ་སང་ནས་ཕྱི་ལོ་ ༢༠༢༡ ལོའི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གྱི་མཚན་བྱང་གསལ་བསྒྲགས་བྱེད་མགོ་བཙུགས་པ་ལྟར། སང་ཉིན་ཕྱི་ཚེས་ ༦ ཉིན་ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་དང་། ཕྱི་ཚེས་ ༧ ཉིན་ནོ་སྦེལ་རྩོམ་རིག་གཟེངས་རྟགས། ཕྱི་ཚེས་ ༨ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཕྱི་ཚེས་ ༡༡ ཉིན་ནོ་སྦེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་བཅས་གསལ་བསྒྲགས་བྱ་འཆར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist