མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༡ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ང་གཅིག་འཁོར་བའི་དུས་དྲན་དང་གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཐེངས་ལྔ་བཅུ་པ་གཉིས་དུས་གཅིག་ཏུ་དབུ་འཛུགས་ཞུས་གནང་སོང་།

50th excutive’s annual conference and 51st founding anniversary of the TYC. Photo: Tibettimes, October 7th 2021

དེ་རིང་སྔ་དྲོ་ཆུ་ཚོད་ ༩། ༣༠ སྟེང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁག་གི་ཉེ་འཁྲིས་( Imperial Heights Clark Inn) གསོལ་མགྲོན་ཁང་གི་ཚོགས་ཁང་དུ། ཉིན་ལྔའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༠ དབུ་འཛུགས་དང་འབྲེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༡ ་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་གཙི་ཞུས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་མཁན་གྱི་གྲས་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་དང་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀེ་ཤན་ཀ་པོར་ (kishan Kapoor) ལགས། དམིགས་བསལ་སྐུ་མགྲོན་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡ་ (Ajit Nehria) ལགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་དང་ཚོགས་ཟུར་རྣམ་པ་དང་། དེ་བཞིན་ས་གནས་གྲངས་ ༣༠ ལྷག་གི་ཚོགས་མི་ཁྱོན་ ༩༠ ལྷག་འཛོམས་འདུག་ལ། མཛད་སྒོའི་སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་ཚོགས་ཟུར་དང་རྒྱུན་ལས་ཟུར་བ། འདས་པའི་ལོ་ངོ་ལྔ་བཅུའི་རིང་ཕྱོགས་ཀུན་ནས་གཞོན་ལྷན་ལ་གཞོལ་འདེགས་དང་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཆེ་མཐོང་གཟེངས་རྟགས་ཕུལ་བ་དང་། གཞོན་ལྷན་གྱི་ལོ་ངོ་བཅུའི་ལོ་རྒྱུས་མཚོན་པའི་དཔེ་དེབ་གསུམ་བཅས་དབུ་འབྱེད་བཅས་གནང་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་ནས་ད་ལྟ་ལ་ཐུག་གི་བར་དུ་ལོ་ངོ་ ༥༠ ཧྲིལ་པོའི་རིང་བོད་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་སླད་དཀའ་སྤྱད་འབད་བརྩོན་དང་། སྐྱིད་སྡུག་མཉམ་མྱོང་གིས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་གཞོན་ལྷན་དབུས་ས་གཉིས་ནས་རྒྱ་ནག་དམར་པོའི་སྲིད་གཞུང་གི་གཞུང་ཚབ་ཁང་ཁག་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཁག་བཅས་པར་ངོ་རྒོལ་སྐད་འབོད་དང་། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ཚོགས་ཆེན་སོགས་ལ་མཉམ་ཞུགས་ཀྱིས་བོད་དོན་ཞུ་སྙན་འབུལ་གཏུགས། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་སྐུ་ཚབ་འཐུས་མི་ཁག་རྒྱ་གར་གཙོས་རྒྱལ་ཁབ་ཁག་ནང་འཚམས་གཟིགས་ཕེབས་སྐབས་གཞོན་ལྷན་དབུས་ས་ཡོངས་ནས་སྣེ་ལེན་འཚམས་ཞུ་དང་བོད་དོན་གནས་བབ་ཞུ་སྙན་འབུལ་གཏུགས། སྒྲིག་འཛུགས་ཀྱི་ལས་དོན་སྤེལ་ཕྱོགས་སོགས་ངོ་སྤྲོད་གནང་ཐུབ་པ་བྱུང་ཡོད། ལྷག་པར་དུ་དགོས་འདུན་དོན་ཚན་དང་བཅས་མ་ཤི་བར་དུ་ཟས་བཅད་ངོ་རྒོལ་དང་། ཞི་བའི་གོམ་བགྲོད། རྐང་འཁོར་སྐོར་བསྐྱོད། སྦག་སྦག་སྐོར་བསྐྱོད། བཅས་དབུས་ས་གཉིས་ནས་ལས་འགུལ་ཤུགས་ཆེ་སྤེལ་གནང་ཐུབ་པ་བྱུང་བས། རྒྱལ་སྤྱིའི་སྤྱི་ཚོགས་དང་གསར་འགྱུར་རྒྱུད་ལམ་ཁག་ནང་བོད་དོན་དྲིལ་བསྒྲགས་དང་ཁྱབ་བསྒྲགས་ཤུགས་ཆེ་བྱུང་སྟེ་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མིག་ནང་གི་གྲ་མ་བཞིན་སྡང་ཟུག་ཆེན་པོས་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་ཉེས་འཛུགས་ཀྱིས་རྫུན་སྒྲོག་ཀྱང་བྱེད་བཞིན་པ་དེ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། གཞན་ཡང་ཕྱི་ལོ་ ༢༠༢༠ ལོའི་ནང་རྒྱ་དམར་སྲིད་གཞུང་གིས་རྒྱ་ནད་ཏོག་དབྱིབས་རིམས་ནད་དེ་བཞིན་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བཏང་ནས་སྔར་བྱུང་མ་མྱོང་བའི་གནོད་འཚེ་དང་བརྡབ་གསིག་ཚབས་ཆེ་བཟོས་པར་བརྟེན་འཛམ་གླིང་གི་མི་མང་ས་ཡ་ཁ་ཤས་ཀྱི་ཚེ་སྲོག་ཐད་ཀར་འཕྲོག་ཡོད་པ་མ་ཟད། དེ་འབྲེལ་གྱིས་འཚོ་རྟེན་དང་སེམས་ཁམས་སུའང་བརྡབ་གསིག་ཚབས་ཆེ་བྱུང་བས། སྤྱིར་མི་རིགས་དང་རིགས་རུས་དབྱེར་མེད་ཀྱི་ས་ཁུལ་ཁག་གི་ཉམས་ཐག་མི་སེར་དང་། ལྷག་པར་རང་རེའི་བཙན་བྱོལ་བོད་མི་ཉམས་ཐག་རྣམ་པར་གཞོན་ལྷན་དབུས་ས་གཉིས་ནས་ཟས་སྦྱིན་བཏང་བ། ཏོག་དབྱིབས་རིམས་ནད་ཀྱི་འགོག་སྲུང་ཡོ་ཆས་བགོས་འགྲེམས། ཟུར་འཇོག་ཁང་གོ་སྒྲིག རྒྱ་ནད་དེས་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་ཉམ་ཐག་ཁག་གི་ཕུང་པོ་དབོར་འདྲེན་དང་རྗེས་འཇུག  ས་ཁུལ་སོ་སོར་དུག་སེལ་སོགས་སྤྱི་ཚོགས་ཀྱི་གནས་སྟངས་ཛ་དྲག་དང་མི་མང་དཀའ་སྡུག་ནང་ལྷུང་སྐབས་གཞོན་ལྷན་དབུས་ས་གཉིས་ནས་མི་རྒྱུ་གཉིས་ཀས་ཞབས་ཞུ་རླབས་ཆེན་སྒྲུབ་ཐུབ་པ་བྱུང་ཡོད། དེ་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་ད་བར་རྒྱ་གཞུང་གི་བྱས་ཉེས་ཁག་ལ་ངོ་རྒོལ་དང་སྐྱོན་བརྗོད་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། རང་རེའི་གཞུང་འབངས་གཉིས་ནས་གོ་སྐབས་དམ་འཛིན་གྱིས་ནུས་ཤུགས་གཅིག་ཏུ་སྒྲིལ་གལ་ཆེ་བ་དང༌། ལྷག་པར་དུ་གཞོན་ལྷན་དབུས་སའི་རྒྱུན་ལས་ཚོགས་མི་ཡོངས་ནས་གཞོན་ལྷན་གྱི་སྒྲིག་གཞི་དགོངས་དོན་དང༌། དམིགས་ཡུལ། དམ་བཅའི་རྩ་ཚིག་གི་འབྲུ་དོན་བཞིན་བོད་བསྟན་སྲིད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་སླད་གོ་སྐབས་དམ་འཛིན་གྱིས་སྔར་ལྷག་ལས་འགུལ་སྤེལ་རྒྱུ་དང་། མང་ཚོགས་ནས་ཀྱང་དེ་དོན་རྒྱབ་སྐྱོར་མཉམ་ཞུགས་གང་ལེགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་ད་བར་དངོས་ཤུགས་རྒྱུད་གསུམ་དུ་ལྐོག་གཡོ་ངན་བྱུས་དང་ཐབས་བརྒྱ་ཇུས་སྟོང་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་རྩ་མེད་དུ་གཏོང་བ། བོད་མི་རིགས་ཀྱི་རྩ་ཆེའི་དགོན་སྡེ་དང་གནས་རི་ཁག་རྩ་གཏོར་དང་གཏོར་བཤིག་གཏོང་བ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་བཅས་པར་གཏོར་སྐྱོན་དང་སྦག་གཙོག་སོགས་མདོར་ན་བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་ཚབས་ཆེ་བཟོས་དང་བཟོ་བཞིན་པར་བརྟེན། ད་བར་བོད་མི་རྣམས་འུ་ཐུག་བཟོད་བྲལ་གྱིས་ཕྱི་ནང་གི་བོད་མི་གྲངས་ ༡༦༧ ཙམ་གྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་སྡུག་ཆེད་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རང་ལུས་མེར་སྲེག་གནང་ཡོད་པ་དང་། ལྷག་པར་སྔ་ལོར་བོད་དུ་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་པའི་དུས་དྲན་ཟེར་བ་དང་། འདི་ལོར་ཡང་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་ངོ༌ ༡༠༠ འཁོར་བའི་དུས་དྲན་སྲུང་བརྩི་ཞེས་བོད་ནང་སྔར་ལས་དམ་དྲག་ཆེ་རུ་བཏང་བས་མ་ཚད། གཞུང་ལམ་དང་རྩིག་གྱང་། ཐ་ན་ཕོ་བྲང་པོ་ཏཱ་ལའི་མདུན་ངོས་སོགས་གང་སར་དམར་ཤོག་རིང་ལུགས་ཀྱི་འཕྲེད་དར་དམར་པོ་འགྲེམས་སྦྱར་དང་། དྲིལ་བསྒྲགས་སོགས་གང་སར་བྱས་དྲགས་པ་མ་ཟད། དགོན་སྡེ་དང་གྲྭ་ཤག སློབ་གྲྭ་སོགས་ཁག་ཅིག་གཏོར་བཤིག་བཏང་བ་དང་། ཁག་ཅིག་བཙན་གྱིས་སྒོ་རྒྱག་ཏུ་བཅུག་པ། ཁག་ཅིག་གི་དབུ་འཛིན་སོགས་གནད་ཡོད་མི་སྣ་ཁག་ཉེས་མེད་འཛིན་བཟུང་བཙོན་འཇུག་བྱས་པ་སོགས་རྒྱ་གཞུང་གིས་སྲིད་ཇུས་དམ་དྲག་ཇེ་ཆེར་གཏོང་བཞིན་པར་བརྟེན། བོད་ནང་རང་གི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང༌། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སོགས་ཉིན་རེ་བཞིན་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་མོད། མཐའ་ན་རྒྱ་ནག་རང་གི་ནང་དུའང་དེ་ལྟར་འགྲོ་བ་མིའི་ཐོབ་ཐང་དང་། འགྲོ་བ་མིའི་བཟང་སྤྱོད་ཀྱི་གནས་བབ་ལོ་རེ་བཞིན་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་པས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག མང་གཙོ་དོན་གཉེར་བ། རྩོམ་པ་པོ་སོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཞི་བདེ་དང་མི་མང་གི་བདེ་སྡུག་ལ་འགན་འཁུར་གྱིས་རྒྱ་གཞུང་གི་བྱས་ཉེས་དེ་དག་འཐེར་འདོན་གྱིས་ངོ་རྒོལ་སྐྱོན་བརྗོད་བྱེད་རྒྱུར་བསྐྱར་དུ་དྲན་སྐུལ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

སྐུ་མགྲོན་གཙོ་བོ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པ་ནས་བཟུང་། བོད་ནང་དུ་བཟང་ཕྱོགས་ཀྱི་གནད་དོན་གང་ཡང་བྱུང་མེད་པའི་ཐག་གཅོད་བྱ་ཐུབ་ཅིང་། བོད་ནང་དུ་རྒྱ་ནག་གཞུང་གིས་སྡུག་རྩུབ་མནར་གཅོད་ཚད་མེད་བཏང་ཡོད་པ་མ་ཟད། ད་ལྟའང་བོད་ནང་གི་བོད་མི་ཚོར་རང་དབང་གང་ཡང་མེད་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་མུས་ཡིན་ཡང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་སྟོན་དང་བོད་མིའི་སྒྲིག་འཛུགས་ཀྱི་རོགས་སྐྱོར་འོག བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནི་འཛམ་གླིང་གི་བཙན་བྱོལ་བའི་ཁྲོད། སྒྲིག་འཛུགས་དང་སློབ་གྲྭ དེ་བཞིན་ཚད་ལྡན་གྱི་སྤྱི་ཚོགས་བཅས་ཡོད་སྟབས། བཙན་བྱོལ་བ་མང་པོ་ཞིག་གི་མིག་དཔེར་གྱུར་ཡོད་ཀྱང་། བར་ལམ་རྒྱ་ནག་གཞུང་གི་དཔལ་འབྱོར་དང་དམག་དཔུང་གི་སྟོབས་ཤུགས་ཇེ་ཆེར་ཕྱིན་སྟབས། བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་ཁག་དང་རྒྱལ་ཁབ་མང་པོས་རྒྱ་ནག་གཞུང་ལ་མ་བསྟུན་ཐབས་མེད་ཀྱི་གནས་སུ་གྱར། དེ་བས་བོད་མི་ཚོས་གཞན་དབང་སྟབས་བསྟུན་གྱི་སྤྱི་ཚོགས་ཤིག་གི་ཁྲོད་དུ། མཐུན་སྒྲིལ་དང་འཆམ་མཐུན་གྱི་ངང་ནས་བསྡད་མ་ཐུབ་པ་ནི། ཆེས་ཐབས་སྡུག་པོ་དང་བློ་ཕམ་བྱ་དགོས་པའི་གནས་སྟངས་ཤིག་ཡིན་པ་རེད། ལྷག་པར་བོད་མི་རིགས་ཀྱི་ཆེད་དུ་མི་ཚེ་གང་བོར་སྐུ་ལས་སྐྱོན་མཁན་དང་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དྲན་པར་བགྱིས་ནས། བོད་མི་ནང་ཁུལ་འཆམ་མཐུན་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་བྱུང་།

ཡང་ཁོང་གིས། ད་ལོར་སྤྱི་འཐུས་གྲོས་ཚོགས་ཀྱི་དཀའ་རྙོག་གི་རྐྱེན་བྱས་ནས་སྤྱི་ཚོགས་འཆམ་མཐུན་ལ་དོ་ཕོག་ཤུགས་ཆེན་ཕྱིན་ཏེ། བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་བྱུང་བར། དངོས་གནས་བློ་ཕམ་དགོས་པ་ཞིག་དང་སེམས་སྐྱོ་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་རེད། དེ་ཙམ་མ་ཟད་མཐུན་ཕྱོགས་ཨ་རིས་ཀྱང་བློ་འཚབ་ཆེན་པོས་ཕྱག་བྲིས་སོགས་བསྐུར་ཡོད་པ་ནི། དངོས་གནས་ངོ་གནོངས་དགོས་པ་ཞིག་དང་སྐབས་རེར་བློ་ཡུལ་ལ་ཤོང་དཀའ་བ་ཞིག་ཡིན་པ་རེད། རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་མཚོན་ན། ངོ་རྒོལ་དང་ཚེ་སྲོག་བློས་གཏོང་བྱས་ནས་མང་གཙོ་དང་རང་དབང་རྩོད་མུས་ཡིན་ཡང་། ༧གོང་ས་སྐྱབས་མགོན་པོ་མཆོག་གིས་རྒྱང་གཟིགས་ཞིབ་མོ་མཛད་དེ། བོད་མི་རྣམས་ལ་མང་གཙོ་གསོལ་རས་སྩལ་ཡོད་སྟབས། བོད་ཀྱི་མང་གཙོའི་སྒྲིག་འཛུགས་དེ་གཙིགས་ཆེན་དུ་འཛིན་དགོས་པ་དང་། རིན་ཐང་སོགས་ཤེས་དགོས་ཀྱང།  མང་གཙོའི་ཁྲིམས་སྒྲིག་གཏོར་བཤིག་གཏོང་མུས་ཡིན་པ་ནི་ཧ་ཅང་གི་ཐབས་སྐྱོ་བོ་ཡིན་པ་རེད། དེ་སྔོན་ཕྱི་རྒྱལ་བ་ཚོས་བོད་ཀྱི་མང་གཙོའི་སྒྲིག་འཛུགས་སོགས་ཀྱི་སྐོར་ལ་གླེང་དུས། མགོ་བོ་གཟེངས་སུ་བཏེགས་པའི་གདེང་སྤོབས་སོགས་ཡོད་ཀྱང་། དེང་སྐབས་མགོ་བོ་སྨད་དགོས་པའི་དུས་ལ་སླེབས་འདུག  རྒྱ་ནག་གཞུང་གིས་བོད་ནང་དུ་མནར་གཅོད་དང་བཙན་བྱོལ་སྤྱི་ཚོགས་དཀྲུག་མུས་ཡིན་པ་དང་། ༧གོང་ས་མཆོག་གི་མཛད་འཕྲིན་ལ་འགོག་རྐྱེན་བཟོ་མུས་ཡིན་པ་དེར། བོད་མི་ཚོས་ཆ་རྐྱེན་བསྐྲུན་ཐབས་བྱས་ནས། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་དཀྲུག་ཐབས་བྱེད་མུས་ཡིན་པ་དེ་ནི་ཧ་ཅང་ཐབས་སྐྱོ་བོ་ཡིན། ཞེས་གསུངས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀི་ཤིན་ཀཱ་པུར་( Kishan kapoor  )ལགས་ཀྱིས། རྒྱ་ནག་གཞུང་གི་དཔལ་འབྱོར་དང་དམག་དཔུང་སོགས་ཀྱི་སྟོབས་ཤུགས་ཇེ་ཆེར་ཕྱིན་ཡང་། བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་རས་སྩལ་བའི་མང་གཙོའི་ལམ་བུར་ཤར་སྐྱོད་བྱེད་མུས་ཡིན་སྟབས། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་དཀྲུག་ཐབས་ལན་མང་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་ལ་འགོག་རྐྱེན་ལན་མང་བྱས་ཀྱང་། དེར་དམིགས་བསལ་གྱི་གྲུབ་འབྲས་ཤིག་སྨིན་མེད་པ་རེད། དེ་ནི་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་སྟོན་དང་བོད་མི་ཚོས་ཉམས་མེད་ཀྱི་སེམས་ཤུགས་ཁོ་ན་ལས་བྱུང་བ་ཞིག་ཡིན། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས་མཁྲེགས་འཛིན་དང་སྒེར་སྤྱོད་ཀྱི་ལམ་ལུགས་འོག་ཏུ་སྐྱོད་མུས་ཡིན་པའི་ཁར། རྒྱ་མི་དང་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་དང་རྡུང་རྡེག་བྱེད་མུས་ཡིན་པ་རེད། དེང་གི་ཆར་རྒྱལ་ཁབ་མང་པོ་ཞིག་མང་གཙོའི་ལམ་ལུགས་ལ་ཤར་སྐྱོད་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་དང་མི་དམངས་ལ་བདེ་འཇགས་ཀྱི་སྤྱི་ཚོགས་ཤིག་སྐྲུན་ཐབས་བྱེད་ཀྱི་ཡོད་སྟབས། འཛམ་གླིང་སྤྱིའི་འགྱུར་འགྲོས་དང་བསྟུན་ནས་རྒྱ་ནག་ཀྱང་འགྱུར་བ་ཞིག་འགྲོ་དགོས་པ་དང་། ལྷག་པར་མང་གཙོའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་སྟབས།  ཁོང་གིས་བལྟས་ན་མི་འགྱངས་བར་རྒྱ་ནག་དམག་ཤོག་ཚོགས་པའི་སྲིད་གཞུང་དེ་གཏོར་བཤིག་འགྲོ་ཉེན་ཆེ་བ་དང་།  རྒྱ་ནག་དམག་ཤོག་གི་ལམ་ལུགས་རྩ་གཏོར་ཕྱིན་ཏེ་མང་གཙོའི་ལམ་བུར་ཞུགས་ཚེ་བོད་མི་གཙོས་གྲངས་ཉུང་མི་རིགས་རྣམས་ལ་རང་དབང་ཐོབ་པའི་རེ་བ་ཡོད་སྐོར་སོགས་གསུངས་བྱུང་།

དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡ་ (Ajit Nehria) ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༡ འཁོར་བར་འཚམས་འདྲི་དང་སྦྲགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་གུས་པར་གོ་སྐབས་འདི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞོན་ནུ་ལྷན་ཚོགས་ཀྱིས་འདས་པའི་ལོ་ངོ་མང་པོའི་རིང་བོད་རྩ་དོན་འཐབ་རྩོད་རྒྱུན་སྐྱོང་གནང་ཡོད་པ་དང་། ངས་བསམ་ན་གཞོན་ནུ་ལྷན་ཚོགས་ཀྱིས་མུ་མཐུད་ཕྱག་ལས་འདི་ལྟར་གནང་བསྡད་པ་ཡིན་ན། ཁྱེད་ཚོའི་རེ་བ་དང་འཐབ་རྩོད་ཀྱི་ནུས་པ་སྟོང་ཟད་དུ་མི་འགྲོ་བར་ང་ལ་ཡིད་ཆེས་ཡོད་ལ། བོད་ལ་རང་དབང་ཀྱང་ཐོབ་ཀྱི་རེད། བོད་རང་བཙན་ནམ་རང་སྲིད་རང་སྐྱོང་དེ་བོད་མི་ཙམ་དུ་མ་ཟད། རྒྱ་གར་ལའང་གཅིག་མཚུངས་ཀྱི་གལ་ཆེན་པོ་དང་འཛམ་གླིང་ཡོངས་ལ་གལ་ཆེན་པོ་ཆགས་ཀྱི་ཡོད། ཉེ་ལམ་ང་ཚོས་ཤེས་གསལ་ལྟར། རྒྱ་ནག་གིས་ལྭ་དགས་ཀྱི་གྷ་ཝན་ལུང་ཁུག་དང་འབྲོལ་ལམ་ཁུལ་དུ་ས་མཚམས་རྩོད་རྙོག་བསླངས་ཡོད་པ་དང་། གལ་སྲིད་རྒྱ་ནག་མུ་མཐུད་འདི་ལྟར་ཕྱིན་པ་ཡིན་ན། ཏོག་དབྱིབས་གཉན་རིམས་ཀྱི་ཟུར་བཀག་འགྲོ་ཡི་ཡོད་པ་ནང་ལྟར་རྒྱ་ནག་ཀྱང་རྦད་དེ་ཟུར་བཀག་འོག་འགྲོ་དགོས་བྱུང་སྲིད་པ་རེད། ཅེས་དང་བོད་ནི་འཛམ་གླིང་གི་འཁྱག་རོམ་ཆེ་ཤོས་དང་ཨེ་ཤ་ཡའི་ཆུ་བོ་མང་པོའི་འབྱུང་ཁུངས་ཡིན་སྟབས། ང་ཚོས་མུ་མཐུད་རྒྱ་ནག་གིས་བོད་ནང་ཐེ་གཏོགས་བྱེད་དུ་བཅུག་ཚེ། བོད་དང་ཨེ་ཤ་ཡ་ཙམ་མ་ཟད། འཛམ་གླིང་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྐོར་གསུངས་སོང་།

དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༠ སྟེང་གྲོས་གཞི་དོན་ཚན་བཅུ་ཡོད་པའི་ནང་། གཞོན་ལྷན་གྱི་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་དང་། ལྷན་ཚོགས་ཐེངས་ ༤༩ པའི་གྲོས་ཆོད་ཁག་ལ་ཞིབ་བཤེར་དང་མཇུག་སྐྱོང་ཞུ་ཕྱོགས། དེ་བཞིན་དབུས་ས་གཉིས་ནས་སྐུ་ཕྱཱའི་ཉེན་སྲུང་སླད་སྔར་ལྷག་ལས་དོན་ཞུ་ཕྱོགས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་གྱ་དྲུག་ལ་ཕེབས་པར་རྒྱལ་བའི་བཀའ་དྲིན་རྗེས་དྲན་སྲུང་གཙི་ཞུ་ཕྱོགས་སྐོར། དེ་བཞིན་བོད་རང་བཙན་སླར་གསོ་དང་བོད་མིའི་སྤྱི་ཚོགས་མང་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གོ་རྟོགས་གོང་འཕེལ་གཏོང་ཕྱོགས་དང་། རྒྱ་དམར་གྱི་བཙན་འོག་ཏུ་ཡོད་པའི་༧ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་ཡོང་ཆེད་དང་རྒྱ་ནག་ཏུ་རྒྱལ་སྤྱིའི་དགུན་དུས་ཨོ་རྩལ་རྩེད་འགྲན་འཚོག་ལ་ཉེ་བས་གཞོན་ལྷན་ནས་ཛ་དྲག་ལས་འགུལ་སྤེལ་ཕྱོགས་སྐོར། ད་དུང་བཙན་བྱོལ་བོད་མིའི་མང་གཙོ་གོང་འཕེལ་དང་སྲ་བརྟན་ཡོང་ཐབས་དང་། དེ་བཞིན་སྤྱི་ཚོགས་ཁྲོད་མང་གཙོའི་གོ་རྟོགས་གོང་མཐོར་སྤེལ་ཐབས་དང་།  སྤྱི་ཚོགས་ནང་བོད་མི་ནད་གཅོང་ཉམ་ཐག་དང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་དང་། གཙང་སྦྲ་འཕྲོད་བསྟེན་གྱི་སློབ་གསོ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་བྱེད་ཕྱོགས་སྐོར། དེ་བཞིན་ཏོག་དབྱིབས་རིམས་ནད་གཙོས་པའི་རང་རེའི་བོད་མིའི་སྤྱི་ཚོགས་ནང་ཛ་དྲག་གི་དཀའ་ངལ་བྱུང་སྐབས་གཞོན་ལྷན་ནས་ས་གནས་ས་ཐོག་ཏུ་དཀའ་ངལ་ལ་གདོང་ལེན་དང་ལས་དོན་གནང་ཕྱོགས། གཞོན་ལྷན་གྱི་སྒྲིག་འཛུགས་སྔར་ལྷག་སྲ་བརྟན་གཏོང་ཐབས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་དང་བསྟུན་ཏེ་གཞོན་ལྷན་དབུས་ས་གཉིས་ནས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཕྱོགས་སྐོར་བཅས་རེད་འདུག

གསར་འགོད་པ། དཔལ་ལྡན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པད་མ་ཚེ་བརྟན་ལགས་བྱང་ཨ་རིར་གློག་བརྙན་དབུག
ས་ལྒང་གི་ཆེས་ཐོག་མའི་གཟིགས་འབུལ་ཞུ་ཆེད།
ཅི་ཀ་ཀོར་ཕེབས་པའི་སྐབས། (༢༠༡༩)
པར་དབང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཆོག་མཆན་ཞུས་པའི་ཐོག་ནས་པར་འདྲེན་བཀོད་བྱས།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

༢༠༢༣/༠༩/༢༢
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡

མཆན། 1

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 2 སྔོན།

    བོད་རྒྱལ་ཁབ་དང་མི་དམངས་ཆེད་མི་ལོ་ ༥༡་ ཧྲིལ་པོའི་རིང་ཞབས་འདེགས་ཞུས་པར་ཡིད་མོས་ཆེན་པོའི་ངང་ནས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཀྱི་མཇལ་དར་དང་ལྷ་རྫས་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་ཏེ་འབུལ་བཞིན་ཡོད། ད་དུང་ཡང་བོད་མིའི་བདེན་མཐའ་མ་གསལ་བར་ཧུར་བརྩོན་ཟླ་བ་ཡར་ངོ་ལྟར་གནང་རྒྱུ་དམ་བཅའ་བའི་གནང་རོགས་ཅེས་གང་ནས་ཞུ་དགོས། བདེ་ལེགས་འཕེལ། བོད་མིའི་བདེན་མཐའ་རྒྱལ་ལོ།།་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist