མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་མ་འདུལ་བའི་དབང་གིས་ལས་ངན་པ་བསགས་ཏེ་སྡུག་བསྔལ་ཡོང་གི་ཡོད་རེད།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་ང་ཚོའི་སངས་རྒྱས་པའི་གཞུང་གི་ནང་ནས་བདག་ཉིད་བདག་གི་མགོན་ཟེར་གྱི་ཡོད་པ་ལྟར་སོ་སོའི་མ་འོངས་པར་བདེ་བ་དང་སྡུག་བསྔལ་གང་འདྲ་ཡོང་རྒྱུ་དེ་སོ་སོའི་ལག་པར་ཡོད་པ་རེད་ཅེས་གསུངས།

དེ་རིང་ནས་ཉིན་གཉིས་རིང་༧གོང་ས་མཆོག་གིས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་དང་དྲི་བར་བཀའ་ལན་སྩལ་གནང་སོང་།

ཐོག་མར་༧རྒྱལ་བ་རིན་པོ་ཆེ་མཆོག་གིས། ཐའེ་ཝན་གྱི་ཆོས་གྲོགས་ངོ་ཤེས་རྙིང་པ་དེ་འདྲར་ཐུག་པར་དགའ་པོ་ཞེ་དྲགས་བྱུང་། ང་རང་ཚོའི་ཆོས་ཕྱོགས་ཀྱི་ཐོག་ནས་བླ་མ་དང་སློབ་མའི་འབྲེལ་བ་བྱུང་བ་དེ་དག་གི་རེ་བ་འདི་ཚེ་རབས་ནས་ཚེ་རབས་བར་དུ་བསྡད་ཀྱི་རེད། དེར་བརྟེན་དེ་རིང་བསྐྱར་དུ་ཐུག་པར་དགའ་པོ་ཞེ་དྲགས་བྱུང་། ཐུགས་རྗེ་ཆེ་ཟེར་གྱི་ཡིན། དེ་རིང་གི་བཀའ་ཆོས་འདི་རྟེན་འབྲེལ་བསྟོད་པ་བཤད་རྒྱུ་དེ་རེད། རྟེན་འབྲེལ་བསྟོད་པའི་གཞུང་མ་གསུང་གོང་དུ་སྤྱི་བཤད་ཅིག་བཤད་འདོད་བྱུང་སོང་། དེ་ཡང་ལོ་ ༢༥༠༠ གོང་ལ་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་དུ་ཆོས་སྟོན་པའི་དོན་དུ་ཕེབས་པ་རེད། ང་ཚོའི་སངས་རྒྱས་པའི་གཞུང་གི་ནང་ནས་བདག་ཉིད་བདག་གི་མགོན་ཟེར་གྱི་ཡོད་རེད། སོ་སོའི་མ་འོངས་པར་བདེ་བ་སྡུག་བསྔལ་གང་འདྲ་ཡོང་རྒྱུ་དེ་སོ་སོའི་ལག་པར་ཡོད་པ་རེད། དེ་ཡང་། བདག་ཉིད་བདག་གི་མགོན་ཡིན་གྱི། གཞན་ལྟ་སུ་ཞིག་མགོན་དུ་འགྱུར། ཞེས་གསུངས་ཀྱི་ཡོད་རེད། དེར་བརྟེན་བཅོམ་ལྡན་འདས་ཀྱིས་བླང་དོར་གྱི་གནད་བསྟེན་པ་རེད། ང་རང་ཚོ་རྗེས་འཇུག་གི་གདུལ་བྱ་ཚོས་བཅོམ་ལྡན་འདས་ཀྱི་བླང་དོར་གྱི་གནད་བསྟེན་པ་འདི་དག་ལག་ལེན་བསྟར་པས་གསང་ལམ་གྲོལ་རྒྱུ་ཆགས་ཀྱི་ཡོད་པ་རེད་མ་གཏོགས། སྟོན་པ་སངས་རྒྱས་ཁོང་རང་གིས་བྱེད་ནུས་གཅིག་པོའི་ཐོག་ནས་གསང་ལམ་གྲོལ་ཐུབ་རྒྱུ་ཡོང་པ་ཡོད་མ་རེད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས། བཅོམ་ལྡན་འདས་ཀྱིས་དང་པོ་བདེན་བཞིའི་ཆོས་འཁོར་གནང་སྟེ་བདེན་བཞིའི་རྣམ་གཞག་གསུངས་པ་རེད། རྒྱུ་མཚན་ནི་ང་ཚོས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་ཀྱི་ཡོད་རེད། བདེ་བ་དང་སྡུག་བསྔལ་ཟེར་བ་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་བ་མ་གཏོགས་གློ་བུར་དུ་བྱུང་བ་མ་རེད། དེར་བརྟེན་དང་པོ་སྡུག་བསྔལ་ཤེས་པར་བྱ། དེ་ཡང་སྡུག་བསྔལ་ལ་རིམ་པ་གསུམ་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར་ནས་སྡུག་བསྔལ་ཕྲ་རགས་མང་པོ་བཤད་ཀྱི་ཡོད་པ་རེད། དང་པོ་སྡུག་བསྔལ་ཤེས་དགོས་རེད། ང་རང་ཚོའི་མི་འདོད་པའི་སྡུག་བསྔལ་འདི་ལས་གྲོལ་བར་སྔོན་ལ་མི་འདོད་པའི་སྡུག་བསྔལ་གྱི་རིམ་པ་གང་འདྲ་ཡོད་པ་ཞིབ་ཚགས་པོའི་ཐོག་ནས་ཤེས་དགོས་རེད། དེ་ནས་སྡུག་བསྔལ་འདི་རྒྱུ་མེད་རྐྱེན་མེད་ཀྱི་ཐོག་ནས་བྱུང་བ་མ་རེད། ཕྱིའི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའང་མ་རེད། རང་གི་སེམས་མ་འདུལ་བའི་དབང་གིས་སྡུག་བསྔལ་ཡོང་གི་ཡོད་པ་རེད། དེར་བརྟེན་སེམས་མ་འདུལ་བའི་དབང་གིས་ལས་ངན་པ་བསགས་པས་སྡུག་བསྔལ་ཡོང་གི་ཡོད་པ་རེད། དེ་འདྲ་སོང་ཙང་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་ཟེར་བ་གསུང་ཡོང་གི་ཡོད་པ་རེད། སྡུག་བསྔལ་མི་འདོད་པ་དང་སྡུག་བསྔལ་ལས་ཐར་འདོད་ཀྱི་བློ་ཡོད་རེད་ལ། སྡུག་བསྔལ་ལས་ཐར་རྒྱུའི་ཐབས་ཤེས་འདི་སྡུག་བསྔལ་གྱི་རྒྱུ་རྩད་གཅོད་ནས་སྡུག་བསྔལ་ལས་ཐར་བ་བྱེད་དགོས་རེད། གལ་ཆེ་ཤོས་འདི་སྡུག་བསྔལ་ལས་གཏན་དུ་ཐར་རྒྱུ་ཡོད་མེད་དེ་རེད། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤོང་བར་བྱ། འགོག་པ་སྔོན་དུ་བྱ་ཟེར་བའི་འགོག་བདེན་ཐོབ་རྒྱུ་དེ་གསུངས་ཡོད་པ་རེད། འདི་ནི་སངས་རྒྱས་པའི་ཆོས་ཀྱི་ཁྱད་ཆོས་གཟབ་ནན་ཞིག་རེད་འདུག  འགོག་བདེན་ཟེར་བ་མེད་ན་ཆོས་བྱས་ནས་ཉི་མ་གང་སྐྱེལ་ལྟ་བུ་རེད། ཡང་ན་སངས་རྒྱས་ལ་སྐྱབས་སུ་མཆིས་ནས་སྨོན་ལམ་རེ་ཞིག་བརྒྱབ་རྒྱུ་མ་གཏོགས་མེད་པ་ལྟ་བུ་རེད། འགོག་བདེན་ཟེར་བ་ཡོད་པས་སྡུག་བསྔལ་གྱི་རྒྱུ། ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་ཟེར་བ་དེ་སྤོངས་ཐུབ་རྒྱུ་ཡོད་རེད། རྩ་བའི་ནང་། ལས་དང་ཉོན་མོངས་ཟད་པའི་མཐར། ལས་དང་ཉོན་མོངས་རྣམ་རྟོག་ལས། དེ་དག་སྤྲོས་ལས་སྤྲོས་པ་ནི། སྟོང་པ་ཉིད་ཀྱིས་འགག་པར་འགྱུར། ཟེར་བ་འདི་གནད་འགག་ཆེན་པོ་རེད་འདུག  མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ཀྱི་འབྲེལ་བ་མང་པོ་ཡོད་པའི་ནང་ནས་འབྲེལ་བ་གསལ་ཤོས་གཅིག་ནི་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་ཆགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

དེ་ནས་དྲི་བ་དྲིས་ལན་སྐབས། ཆོས་ཞུ་བ་(Liu Chin Tsai) ལགས་ཀྱིས་ཉིན་རེའི་འཚོ་བའི་ནང་རྟེན་འབྱུང་གི་ལྟ་བ་ལ་ཉམས་ལེན་ཇི་ལྟར་བྱ་དགོས་པ་དང་རྟེན་འབྱུང་སྟོང་པ་གསུངས་པ་འདིས་གོ་ལའི་ཚ་དྲོད་དང་ཁོར་ཡུག་གི་ཉམས་རྒུད་ཆུང་དུ་གཏོང་རྒྱུའི་ཕན་ཐོགས་ཡོད་མེད་སྐོར་དྲིས་པར་༧གོང་ས་མཆོག་གིས། ངོས་རང་ཞོགས་པར་གཉིད་སད་པ་དང་ང་ཟེར་བ་ཞིག་བློ་ལ་བསླེབས་ཡོང་གི་འདུག  ང་ག་པར་འདུག་བསམ་བློ་བཏང་ན་ང་ཟེར་བ་འདི། ངས་མཐོང་བསྡད་པ་དེ་ངའི་ལུས་རེད་། ངའི་ངག་རེད། ངའི་སེམས་རེད། འོན་ཀྱང་ང་ག་པར་འདུག་ཟེར་ནས་བཙལ་ཡང་རྙེད་རྒྱུ་མི་འདུག ང་ཟེར་བ་མཛུབ་མོ་བཙུགས་ས་ཁྱོན་ནས་མེད་པ་ཆགས་ཡོང་དུས་ང་མེད་པ་མ་རེད། ང་ཡོད་རེད། གང་འདྲ་ཡོད་རེད་ཟེར་ན་ཕུང་པོ་ལ་བརྟེན་ནས་བཏགས་ཙམ་གཅིག་རེད་མ་གཏོགས་འགྲོ་ས་མི་འདུག་བསམ་པ་ཞིག་བློ་ལ་བསླེབས་ཡོང་གི་འདུག  རྟེན་ནས་འབྱུང་བ། རྟེན་ནས་བཏགས་པ་ཟེར་བ་དེ་རེད།  རྟེན་འབྱུང་སྟོང་པ་གསུངས་པ་འདིས་གོ་ལའི་ཚ་དྲོད་དང་ཁོར་ཡུག་གི་ཉམས་རྒུད་ཆུང་དུ་གཏོང་རྒྱུའི་ཕན་ཐོགས་ཟེར་བ་འདི་ཐད་ཀར་ཕལ་ཆེར་འབྲེལ་བ་ཨ་ཡོད། འདི་ཚོ་ཆོས་ཀྱི་སྐད་ཆ་བཤད་ཀྱི་ཡོད་རེད། གོ་ལའི་ཚ་དྲོད་འདི་ཚོས་གང་ཟག་སོ་སོའི་བསམ་བློའི་ནང་ལ་གཏི་མུག་བདེན་འཛིན་དང་འབྲེལ་བ་ཡོད་པ་རེད་དེ། འདི་ཡང་ཐ་སྙད་ཁོ་རང་གི་འགྲོ་སྟངས་ཤིག་རེད། དེར་བརྟེན་འཛམ་གླིང་གི་དྲོད་ཆེ་རུ་འགྲོ་ཡི་ཡོད་པ་དང་ཚ་དྲོད་རྐྱེན་གྱིས་ཁོར་ཡུག་ཉམས་རྒུད་འགྲོ་བ་དེ་ཚོའི་གྲས་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་ནས་བསམ་བློ་གཏང་དགོས་ཀྱི་མི་འདུག  ཚ་དྲོད་ག་པར་ཡོད་པ་དང་ཚ་དྲོད་ཟེར་ན་ག་རེ་ཟེར་ནས་བསམ་བློ་བཏང་ན་སྟོང་ཉིད་ཀྱི་སྐད་ཆ་བསླེབས་ཀྱི་ཡོད་པ་རེད། སྤྱིར་བཏང་འཛམ་གླིང་གི་ཚ་དྲོད་སྲོག་ཆགས་དུད་འགྲོ་ཚོས་ཤེས་ཀྱི་ཡོད་རེད། དུད་འགྲོ་ཚོས་སྟོང་ཉིད་ཀྱི་ལྟ་བ་ལ་དཔྱད་པ་བྱས་ཏེ་རྟེན་ནས་བཏགས་པའི་རྟེན་འབྱུང་ཤེས་པའི་ཐོག་ནས་ཚ་དྲོད་ལ་ཡིད་གཟབ་བྱ་རྒྱུའི་སྐད་ཆ་གང་ཡང་མ་རེད། ཅེས་བཀའ་ལན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. Asanga says:
    ལོ་ 4 སྔོན།

    ༧གོང་ས་མཆོག་གིས། ངོས་རང་ཞོགས་པར་གཉིད་སད་པ་དང་ང་ཟེར་བ་ཞིག་བློ་ལ་བསླེབས་ཡོང་གི་འདུག ང་ག་པར་འདུག་བསམ་བློ་བཏང་ན་ང་ཟེར་བ་འདི། ངས་མཐོང་བསྡད་པ་དེ་ངའི་ལུས་རེད་། ངའི་ངག་རེད། ངའི་སེམས་རེད། འོན་ཀྱང་ང་ག་པར་འདུག་ཟེར་ནས་བཙལ་ཡང་རྙེད་རྒྱུ་མི་འདུག ང་ཟེར་བ་མཛུབ་མོ་བཙུགས་ས་ཁྱོན་ནས་མེད་པ་ཆགས་ཡོང་དུས་ང་མེད་པ་མ་རེད། ང་ཡོད་རེད། གང་འདྲ་ཡོད་རེད་ཟེར་ན་ཕུང་པོ་ལ་བརྟེན་ནས་བཏགས་ཙམ་གཅིག་རེད་མ་གཏོགས་འགྲོ་ས་མི་འདུག་བསམ་པ་ཞིག་བློ་ལ་བསླེབས་ཡོང་གི་འདུག རྟེན་ནས་འབྱུང་བ། རྟེན་ནས་བཏགས་པ་ཟེར་བ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese