མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གཉིས་རིང་གི་གྲོས་ཚོགས་དབུ་འཛུགས་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཉིན་གྲངས་གཉིས་རིང་གི་གྲོས་ཚོགས་ཚོགས་དུས་དང་པོ་དངོས་སུ་མགོ་བཙུགས་ཏེ། སྔ་དྲོའི་ཚོགས་ཐུན་སྟེང་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ ༨ སྤྱི་མོས་གཏན་འབེབ་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་ ༥ ཅན་ཞིག་གི་ཐོག་སྤྱི་ཡོངས་ནས་བགྲོ་གླིང་དང་།  ཆེའི་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་ཚུད་མ་སོང་།

དེ་ཡང་ཚོགས་འདུའི་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གཏམ་བཤད་སྤེལ་དོན། ང་ཚོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་བསྐུར་བའི་འགན་དབང་གཙོ་བོ་དེ། བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་དོན་ལ་གཟིགས་སྐྱོང་བྱ་རྒྱུ། གནས་སྐབས་བོད་ནང་གི་བོད་མིའི་དཀའ་ངལ་སེལ་རྒྱུ། དེ་བཞིན་བོད་ཀྱི་ཁོར་ཡུག་གི་གནས་སྟངས་བཅས་ཀྱི་ཐོག་ལ། བཙན་བྱོལ་སྒྲིག་འཛུགས་འཛིན་སྐྱོང་གི་ཐོག་ནས་ཡིན་ནའང་འདྲ། གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཡིན་ནའང་འདྲ་དམིགས་ཡུལ་དེའི་ཐོག་ནས་འགྲོ་ཐུབ་དགོས་པ་རེད། ཅེས་དང་། ད་ལན་དམིགས་བསལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་ཅིག་ཁྱེར་ཡོད་པ་དང་། གྲོས་ཆོད་དེ་ནི་གཙོ་བོ་བར་ལམ་ང་ཚོའི་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་གནས་སྟངས་སོགས་གང་ཅིའི་ཐད་ལ་དཀའ་ངལ་ཆེ་ཆུང་སྣ་ཚོགས་པ་ཕྲད་ནས་གྲོས་ཚོགས་འཚོག་མ་ཐུབ་པར་ཟླ་བ་ ༤ ལྷག་ཕྱིན་པ་རེད། དེར་བརྟེན་ང་ཚོས་འདེམས་ཐོན་འཐུས་མི་ནང་ཁུལ་ཚོགས་ཏེ་ལྷག་བསམ་རྣམ་དག་གིས་ནུས་པ་བཏོན་ཡོད་རེད་དེ། གཅིག་གྱུར་གྱི་བློ་མཉམ་པ་ཞིག་མ་རག་དུས་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་བཅའ་ཁྲིམས་དོན་ཚན་ ༡ པོའི་དགོངས་དོན་གྱི་ཐོག་ནས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཛད་དཀའ་མ་བཟོས་ཐབས་མེད་ཆགས་པ་རེད། ༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ཡར་མཚན་འཁོད་སྙན་ཞུའི་ཐོག་ནས་སྙན་གསེང་ཞུས་པ་བཞིན། ཕྱིས་སུ་བཀའ་ཡིག་རིན་པོ་ཆེ་ཕྱིར་སྩལ་གནང་བ་གཞིར་བཟུང་གི་ཐོག་ནས་དེ་རིང་ང་ཚོའི་གྲོས་ཚོགས་འདི་རྒྱུན་ལྡན་ནང་བཞིན་འགྲོ་ཐུབ་པའི་གནས་སྟངས་ཆགས་པ་རེད། འདི་ཡང་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་དུས། ང་ཚོས་དེར་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གཅིག་དང་། དེ་དང་འབྲེལ་ནས་བར་ལམ་གྱི་གནས་སྟངས་ཀྱི་ཐོག་ནས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ཐུགས་དམ་སད་རྐྱེན་དེ་འདྲ་བྱུང་བ་བཀའ་ཡིག་རིན་པོ་ཆེ་ནང་གསལ་བསྡད་ཡོད་རེད། དེ་ཚོའི་ཐོག་ནས་ང་ཚོས་མཐོལ་བཤགས་ཞུ་རྒྱུ་དང་རྒྱ་ཆེའི་མང་ཚོགས་ལའང་བཟོད་གསོལ་ཞུ་རྒྱུ། དེ་བཞིན་ང་ཚོའི་མ་འོངས་པའི་ལས་དོན་ཐོག་ལ་ནུས་པ་མཉམ་སྤུང་ཡོང་ཆེད་ཚང་མས་ཕྱར་གྲུ་མཉམ་འདེགས་ཞུ་ཐུབ་པར་ལས་ཀྱི་སྣེ་མོ་བ་གཙོས་པའི་རྒྱ་ཆེ་མང་ཚོགས་དང་བཅས་པས་འགན་འཁུར་བཞེས་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། ང་ཚོའི་གྲོས་ཚོགས་ཀྱི་འགྲོ་སྟངས་འདི་ཕྱོགས་འགལ་ཚོགས་པ་དང་གཞུང་འཛིན་ཚོགས་པའི་རྣམ་པ་གང་ཡང་ཡོད་པ་མ་རེད། ང་ཚོ་དཀྱིལ་འཁོར་འདིའི་ནང་བསླེབས་ནས་དམ་བཅའ་ཕུལ་བ་ནས་བཟུང་སྟེ་བོད་ཀྱི་སྤྱི་མི་ཞིག་ཆགས་ཡོད་པ་རེད། དེར་བརྟེན་མཚམས་རེར་གྲོས་ཚོགས་ནང་ཆོལ་ཁའི་རྣམ་པ་དང་། གཞུང་འཛིན་དང་ཕྱོགས་འགལ་གྱི་རྣམ་པ་དེ་འདྲ་ཐོན་ཡོང་གི་འདུག དེ་ཚོའི་རིགས་ལ་ང་ཚོས་ཐུགས་གཟབ་གནང་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོས་ལེགས་ཉེས་ཀྱི་རྣམ་དཔྱོད་རྩལ་དུ་བཏོན་ནས་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ལེགས་པའི་ཆ་གང་ཡང་རུང་བ་དེར་ལེགས་བརྗོད་དང་རྒྱབ་སྐྱོར་གནང་ཐུབ་དགོས་རྒྱུ་དང་། ཉེས་པའི་ཆ་གང་ནས་ཡོང་བ་ཡིན་ནའང་དེར་ལམ་སྟོན་དང་བྱ་ར་སྟངས་འཛིན་གནང་ཐུབ་པ་དགོས་པ་རེད། ཅེས་དང་། གྲོས་ཚོགས་ཀྱི་ལས་རིམ་སྐབས་སྤྱི་འཐུས་རྣམ་པས་རང་གི་དགོངས་ཚུལ་དང་དགོས་འདུན་རྣམས་གསལ་འདོན་བྱ་རྒྱུ་ལས། ཕན་ཚུན་དབར་ཚིག་མཚོན་འཕེན་པ་དང་སྐྱོན་འཛུགས་རིགས་མི་ཡོང་བ་གཙོ་འདོན་གནང་དགོས་པའི་རེ་སྐུལ་ཞུས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དགའ་བསུའི་གཏམ་བཤད་སྤེལ་བའི་ནང་། བར་ལམ་ཟླ་ཤས་ནང་བཙན་བྱོལ་སྤྱི་ཚོགས་ནང་དཀའ་རྙོག་བྱུང་བ་རེད། དེ་ཡང་༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་ཡིག་ཕེབས་པ་བརྒྱུད་ནས་སེལ་ཐུབ་པ་བྱུང་བ་རེད། ད་ལྟ་བར་དུ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་གང་ཡིན་པ་ཚང་མ་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དེ་སྨྲོས་མེད་རེད། ང་ཚོས་དེ་ལྟར་ངོས་འཛིན་ཞུ་ཡི་ཡོད་ལ། བཀུར་འོས་སྤྱི་འཐུས་རྣམ་པས་ཀྱང་བཀའ་ཡིག་ཕེབས་པའི་རྗེས་ལ་གནས་ཚུལ་གཙང་མ་ཆགས་པའི་གསལ་བསྒྲགས་དང་། ལྷག་པར་དུ་མང་ཚོགས་ནང་ལ་དེའི་སྐོར་གླེང་སློང་མི་དགོས་པའི་གསལ་བསྒྲགས་བསྐྱངས་གནང་པ་རེད། ད་ལྟའི་དུས་ཚོད་འདི་ལ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། རྒྱལ་སྤྱི་ཁྱོན་ཡོངས་ཀྱིས་རྒྱ་ནག་ལ་ལྟ་སྟངས། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་དང་མཉམ་པའི་གནད་དོན་གཞན་ཡུ་གུར་མི་རིགས་དང་ཧོང་ཀོང་གི་གནད་དོན། གཞན་ཡང་ཉེ་ཆར་ཐའེ་ཝན་དང་རྒྱ་ནག་གཞུང་དབར་དྲག་པོའི་ཐབས་ཇུས་འདོན་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་པའི་སྐབས་འདིར། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་གོ་སྐབས་འདི་མ་བརླག་པར་དམ་འཛིན་བྱ་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། ལྷག་པར་དུ་འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདིས་བོད་ནང་གི་བོད་མི་ཚོའི་སྐུ་ཚབ་མཚོན་དགོས་ཀྱི་ཡོད་སྟབས། བོད་ནང་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་ནའང་འཛམ་གླིང་ལ་ཕྱིར་བསྒྲགས་བྱས་པ་བརྒྱུད་ནས་རྒྱབ་སྐྱོར་འཐོབ་དགོས་པར་བརྟེན། དེ་རིང་ནས་བཟུང་ང་ཚོས་འདས་པའི་དཀའ་རྙོག་གང་ཡིན་པ་དག་ལ་བསྙད་མི་དགོས་པར། མ་འོངས་པའི་གོམ་པ་མདུན་སྤོས་ཐོག་ལ་བསྐྱོད་དགོས། ཅེས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག་བརྒྱུད་ནས་ད་བར་ཕྲད་པའི་དཀའ་ངལ་དག་བསལ་ཟིན་པར་ངོས་འཛིན་ཞུ་ཡི་ཡོད་པ་དང་། གྲོས་ཚོགས་ར་བའི་ནང་དུ་འདས་ཟིན་པའི་དཀའ་རྙོག་ཐད་གླེང་སློང་མི་དགོས་པའི་རེ་སྐུལ་ཞུས་གནང་སོང་།

འདི་ལོར་སྤྱི་ལྷན་གྱི་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཁོངས་སུ། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་དང་རྩོམ་པ་པོ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ན་རེ་ཤི་མ་ཐུར་ (Naresh Mathur) ལགས་དང་། རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུ་བ་སྐུ་ཞབས་དྷ་ཝར་ཀོ་སན་ཌར་ནི་ (Dwarko Sundrani) ལགས། རྒྱ་གར་གཞུང་གི་ཁྲིམས་དོན་སྤྱི་ཁྱབ་ཟུར་པ་སྐུ་ཞབས་སོ་ལི་སོ་རབ་ཇི་ (Soli Sorabjee) ལགས། ལག་ནའོ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་འབུམ་རམས་པ་སྐུ་ཞབས་ཌའོ་ཇི་གྷུབ་ཏ་ (Dauji Gupta) ལགས། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཅོ་དྷ་རི་ཨ་ཇིཏ་སིངྒ་ (Chaudhary Ajit Singh) ལགས། དེ་བཞིན་བོད་མི་མང་སྤྱི་ཟུར་རྒྱལ་ནོར་ཚེ་དབང་ལགས་དང་། སྤྱི་ཟུར་བདེ་སྐྱིད་སྒྲོལ་དཀར་ལགས། ཨེལ་སལ་ཝེ་ཌོར་རྒྱལ་ཁབ་ནས་ཡིན་པའི་ཁྲིམས་རྩོད་པ་གྲངས་ཅན་དང་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་སྐུ་ཞབས་ཨེལ་ཧྥི་རེ་ཌོ་མར་ཊི་ནེ་ཛི་མོ་རེ་ནོ་ (Dr. Alfredo Martinez Moreno) ལགས་བཅས་ཡོད་འདུག

དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཁྲོད། རྒྱ་ནག་དམར་གཞུང་གིས་བོད་ཞི་བའི་བཅིངས་འགྲོལ་ཟེར་བ་བཏང་ནས་ལོ་ངོ་ ༧༠ འཁོར་བ་སྒྲོག་བཞིན་ཡོད་ན་ཡང་། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་མི་སེར་སྤེལ་བའི་སྲིད་བྱུས་འོག་རིག་གནས་གསར་བརྗེ་ཆེན་པོ་དང་། དམངས་གཙོ་བཅོས་བསྒྱུར་ཟེར་བ་སོགས་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཀྱི་ལས་འགུལ་རིམ་པར་སྤེལ་ནས་བོད་ཀྱི་སྣོད་བཅུད་མི་རིགས་རིག་གཞུང་དང་བཅས་པ་ཡོངས་རྫོགས་རྩ་མེད་གཏོང་ཆེད་བོད་ནང་གི་རིག་གཞུང་གི་བསྟི་གནས་དགོན་སྡེ་སྟོང་ཕྲག་དྲུག་ལྷག་རྩ་གཏོར་དང་ཆོས་དད་རང་དབང་བཙན་འཕྲོག སྐད་ཡིག་ཉམས་དམས། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གྱིས་མི་འབུམ་ཕྲག་བཅུ་གཉིས་ལྷག་གི་ཚེ་སྲོག་འཕྲོག་པ་སོགས། གཞིས་བཞུགས་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་ཡེ་ནས་མེད་པར་དྲག་པའི་ལྕགས་སྒྲོག་བཅིངས་ནས་ད་བར་ཆེས་མུན་ནག་ངང་གནས་བཞིན་པ་ཞིག་ཏུ་ངོས་འཛིན་བྱ་རྒྱུ་ཡིན། ཞེས་དང་། ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་དེ་བཞིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོག་གཏན་འཁེལ་ཡོད་པར་བརྟེན། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་འཛམ་གླིང་ཡོངས་ཁྱབ་ཏུ་ཞུ་གཏུག་གི་ལས་འགུལ་སྤེལ་གལ་ཆེ་སྐོར་བཅས་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

སྐར་མ ༣༧ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༢ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese