མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འཛིན་རིམ་བརྒྱད་པའི་བོད་ཕྲུག་སློབ་མ་རྣམས་དངོས་སུ་སློབ་གྲྭར་ཞུགས་ཐུབ་མིན་གཏན་འཁེལ་མི་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་བཟུང་ཧི་མ་ཅལ་གྱི་འཛིན་རིམ་བརྒྱད་པའི་སློབ་མ་རྣམས་དངོས་སུ་སློབ་ཞུགས་མགོ་འཛུགས་བྱེད་ཀྱིན་ཡོད་ནའང་། བོད་ཕྲུག་ཁྱིམ་སྡེ་དང་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་འཛིན་རིམ་བརྒྱད་པའི་སློབ་མ་རྣམས་ད་དུང་སློབ་ཞུགས་ཐུབ་ཀྱི་མེད་པ་རེད་འདུག

འདས་པའི་ལོ་ཤས་གོང་ནས་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཇེ་ཆེར་ཕྱིན་སྟབས། ལོ་གཅིག་དང་ཕྱེད་ཀ་ལྷག་གི་རིང་ལ་སློབ་མ་རྣམས་འཛིན་གྲྭར་ཚང་འཛོམས་ཀྱིས། འཛིན་གྲྭར་དངོས་སུ་འཚོགས་ཐུབ་མེད་ཀྱང་། དེང་སྐབས་རྒྱ་གར་མངའ་སྡེ་ཁག་གི་ནང་དུ་ཏོག་དབྱིབས་རིམས་ནད་ཀྱི་ཁྱབ་གདལ་ཇེ་ཉུང་དུ་འགྲོ་མུས་ཡིན་པ་དང་། ལྷག་པར་རྒྱ་གར་བྱང་ཕྱོགས་ཀྱི་ཧི་མ་ཅལ་མངའ་སྡེའི་ཁུལ་དུ་ནད་པ་ཇེ་ཉུང་དུ་འགྲོ་མུས་ཡིན་པ་ལྟར། དེ་རིང་ནས་བཟུང་ཧི་མ་ཅལ་གྱི་ནང་དུ་ཡོད་པའི་རྒྱ་གར་གཞུང་གི་ལོ་རིམ་བརྒྱད་པའི་སློབ་མ་བརྒྱ་ཆ་ ༤༩ ལྷག་དངོས་སུ་སློབ་གྲྭར་མཉམ་ཞུགས་ཀྱིས་འཛིན་གྲྭ་འཚོགས་ཡོད་པ་དང་། ད་བར་ཧི་མ་ཅལ་གྱི་ནང་དུ་ཡོད་པའི་རྒྱ་གར་གཞུང་གི་སློབ་གྲྭ་ཁག་གི་འཛིན་རིམ་བརྒྱད་པ་ནས་བཅུ་པ་བར་གྱི་སློབ་མ་གྲངས་  ༢༢༡༧༤༧ ལྷག་གིས་དངོས་སུ་འཛིན་གྲྭར་མཉམ་ཞུགས་བྱས་ཐུབ་ཡོད་པ་རེད་འདུག

ཧི་མ་ཅལ་མངའ་སྡེ་གཞུང་གི་བཀོད་ཁྱབ་ལྟར། དེ་རིང་ནས་ཧི་མ་ཅལ་ཁུལ་གྱི་འཛིན་རིམ་བརྒྱད་པའི་སློབ་མ་རྣམས་དངོས་སུ་འཛིན་གྲྭར་ཞུགས་ཀྱི་ཡོད་ཀྱང་། བོད་ཁྱིམ་སློབ་གྲྭ་ཁག་གིས་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ལ་གཞིགས་ཏེ། འཛིན་གྲྭ་འཚོགས་དགོས་མིན་བལྟ་འཆར་ཡོད་འདུག

འདི་གའི་གསར་འགོད་པས་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་སུ་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་འཚོགས་ཕྱོགས་སོགས་ཀྱི་སྐོར་ལ་དྲིས་སྐབས། སྤྱིར་རྒྱ་གར་གཞུང་གིས་སློབ་གྲྭ་ཁག་ལ་འཛིན་གྲྭ་འཚོགས་ཕྱོགས་ཀྱི་ཐད་ལ་ལམ་སྟོན་གནང་མུས་ཡིན་ཡང་། རྒྱ་གར་གྱི་སློབ་གྲྭ་མང་ཆེ་བ་ནི་ཉིན་སློབ་ཡིན་པ་དང་སློབ་མའི་གྲངས་འབོར་ཡང་ཅུང་ཉུང་བ་ཡིན། དེ་ལས་ལྡོག་ནས་བོད་ཁྱིམ་སློབ་གྲྭ་ཁག་ནི་གཏན་སློབ་ཡིན་པས། སློབ་མ་འབོར་ཆེན་ཞིག་མཉམ་དུ་གནས་སྡོད་བྱེད་ཀྱི་ཡོད་སྟབས། སྤྱི་ཁྱབ་ལས་ཁུངས་ཀྱི་ལམ་སྟོན་ལ་གཞིགས་ཏེ་འགན་འཛིན་ལྷན་ཚོགས་ཀྱིས་ཚོགས་འདུ་འཚོགས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དྷ་སྟེང་བོད་ཁྱིམ་དུ་སློབ་མ་ཕལ་མོ་ཆེ་སློབ་གྲྭར་ཡོད་པ་དང་། རྒྱ་གར་གཞུང་གིས་ལམ་སྟོན་བཞིན་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་སློབ་མ་རྣམས་འཛིན་གྲྭར་དངོས་སུ་ཞུགས་ནས་འཛིན་གྲྭ་འཚོག་མུས་ཡིན་པ་རེད། དེ་བཞིན་འཛིན་རིམ་བཅུ་གཅིག་གི་སློབ་མ་རྣམས་ཀྱང་ད་ལྟ་སློབ་གྲྭར་འབྱོར་མེད་པ་དང་།  བོད་ཁྱིམ་སློབ་གྲྭར་སློབ་མའི་གྲངས་འབོར་མང་བས། ནད་ཡམས་ཀྱི་གནས་སྟངས་སོགས་ལ་གཞིགས་ནས་ལག་བསྟར་བྱ་རྒྱུ་ཡིན་སྐོར་སོགས་གསུངས་བྱུང་།

ཡང་སམ་བྷོ་ཊའི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས། རྒྱ་གར་གྱི་ས་ཁུལ་ཁག་མང་པོར་སམ་བྷོ་ཊའི་སློབ་གྲྭ་ཡོད་སྟབས། སམ་བྷོ་ཊའི་སྤྱི་ཁྱབ་ནས་དམིགས་བསལ་གྱི་བཀོད་ཁྱབ་མེད་པར། རྒྱ་གར་གཞུང་དང་མངའ་སྡེ་ཁག་གིས་ལམ་སྟོན་དང་བཀོད་ཁྱབ་ལ་གཞིགས་ནས་ལག་བསྟར་བྱེད་མུས་ཡིན་པ་དང་། ད་ལྟའི་ཆར་རྒྱ་གར་གཞུང་གིས་ལམ་སྟོན་བཞིན་འཛིན་རིམ་བཅུ་པ་དང་བཅུ་གཉིས་གཉིས་ཀྱི་སློབ་མ་དངོས་སུ་འཛིན་གྲྭ་འཚོག་མུས་ཡིན་པ་དང་། སློབ་མ་གཞན་རྣམས་ཀྱིས་དྲ་ཐོག་ནས་འཛིན་གྲྭ་འཚོག་མུས་ཡིན་སྐོར་སོགས་གསུངས་བྱུང་།

དེ་བཞིན་དེ་སྔོན་ལ་དྭགས་རང་སྐྱོང་མངའ་སྡེ་ཁུལ་དུ་སློབ་མ་རྣམས་ལ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་བ་ལྟར། ཟླ་ ༩ ཚེས་ ༡༨ ནས་འཛིན་རིམ་བཅུ་གཉིས་བར་གྱི་སློབ་གྲྭ་ཚང་མ་སྒོ་བརྒྱབ་དགོས་བྱུང་ཡོད་ཀྱང་། ཁུལ་དེའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་འཛིན་རིམ་ ༩ ནས་ ༡༢ བར་གྱི་སློབ་གྲྭ་ཁག་ཟླ་འདིའི་ཚེས་ ༡༤ ནས་ཡང་བསྐྱར་སྒོ་འབྱེད་ཀྱིས་འཛིན་གྲྭ་འཚོག་འཆར་ཡོད་པ་རེད་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྩམ་པ་རང་གིས་བཟས་ནས་ལག་པ་གཞན་ལ་ཕྱིས།

༢༠༢༣/༡༠/༠༢
Mobile App

རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་བཅུགས་ཟིན་པ།

༢༠༢༣/༡༠/༠༢
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

༢༠༢༣/༠༩/༣༠
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

༢༠༢༣/༠༩/༣༠
Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

༢༠༢༣/༠༩/༢༩
Mobile App

སྲིད་སྐྱོང་མཆོག་ནས་བོད་ཀྱི་བདེན་མཐའ་གསལ་ན་བོད་ཀྱིས་རྒྱ་དཀར་ནག་བར་གྱི་ཟམ་པ་ལྟ་བུ་བྱེད་ཐུབ་སྐོར་གསུངས།

༢༠༢༣/༠༩/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist