མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་རྒྱལ་སྤྱིའི་གླེང་སྟེགས་ཐོག་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༢ བཅས་ཉིན་གྲངས་གསུམ་རིང་དྲ་ལམ་ཐོག་སྐོང་འཚོག་བྱས་པའི་གླེང་སྟེགས་ ༢༠༠༠ ཡི་ཚོགས་འདུ་ཐེངས་ ༢༥ པའི་ཆེད་བརྙན་ལམ་བརྒྱུད་གསུང་འཕྲིན་སྩལ་གནང་བའི་ནང་གླེང་སྟེགས་དེ་ཉིད་གསར་འཛུགས་གནང་མཁན་གྲས་སུ་ཡོད་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ཧ་ཝེལ་མཆོག་གི་འཇིག་རྟེན་ཕན་བདེའི་བསླབ་བྱ་རྣམས་རྒྱུན་སྐྱོང་དགོས་པའི་གསུང་འཕྲིན་སྩལ།

HH Dalai Lama gave video message on the occasion of 25th Forum 2000 conference held between October 10-12, 2021

དེ་ཡང་མགོན་པོ་མཆོག་གིས། ཐོག་མར་ངོས་ནས་ཚོགས་འདུ་འདི་ཚོགས་ཐུབ་པར་འཚམས་འདྲི་ཞུ་ཡི་ཡོད། འཚམས་འདྲི་ཞུ་བའི་སྐབས་ངོས་ཀྱི་བློ་ལ་(ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་)སྲིད་འཛིན་དམ་པ་ཧ་ཝེལ་ (Vaclav Havel) མཆོག་གི་ཞལ་རས་གསལ་ལྷང་ངེར་འཆར་ཡོང་གི་འདུག ཁོང་ནི་མི་ངོ་མཚར་ཅན་ཞིག་རེད། ངེད་གཉིས་ཐུག་འཕྲད་བྱེད་སྐབས་རང་ཤུགས་ཀྱིས་ཕན་ཚུན་དབར་དམིགས་བསལ་གྱི་ཚོར་བ་ཞིག་འབྱུང་གི་ཡོད། ད་ལྟ་ཁོང་ང་ཚོ་དང་ལྷན་དུ་འཚོ་བཞུགས་མིན་ནའང་། ཁོང་གི་དགོངས་པ་དང་ཆོད་སེམས་མུ་མཐུད་གནས་ཡོད། ཁོང་ལ་བརྩི་བཀུར་དང་དགའ་མོས་གནང་མཁན་གྱི་སྐྱེ་བོ་ཀུན་ལ་ཁོང་གི་དགོངས་བཞེད་དང་བྱམས་སྙིང་རྗེ་ཡི་བསམ་པ་དེ་ཉིད་རྒྱུན་སྐྱོང་གནང་རྒྱུའི་འགན་འཁྲི་ཡོད་པ་རེད། འཛམ་གླིང་ལ་དེ་དག་དགོས་མཁོ་ཡོད་པ་རེད། དཔེར་ན་འདས་པའི་དུས་ཡུན་ནང་དགེ་རྒན་མཆོག་ཏུ་གྱུར་བ་དེ་འདྲ་བྱོན་མྱོང་ཡོད་པ་རེད། ད་ལྟ་དགེ་རྒན་ཁོང་ཚོ་འདས་གྲོངས་སུ་ཕྱིན་ཡོད་ནའང་། ཁོང་ཚོའི་བསླབ་བྱ་རྣམས་མུ་མཐུད་གནས་མུས་རེད། དེ་དང་འདྲ་བར་སྲིད་འཛིན་ཧ་ཝེལ་མཆོག་གི་འཇིག་རྟེན་ཡོངས་ཁྱབ་ཀྱི་བདེ་དོན་ལ་དགོངས་པ་བཞེས་ཕྱོགས་དེ། ད་ལྟའི་དུས་ལའང་ཧ་ཅང་རན་ཞིང་འཚམ་པ་ཡོད། ངོས་རང་ཁོང་གིས་ཡིད་ཆེས་བློ་གཏད་བྱ་ཡུལ་གྱི་གྲོགས་པོ་ཞིག་ཡིན་ལ། ངོས་རང་ལྟ་བུའི་ཁོང་ལ་ཡི་རངས་ཞུ་མཁན་གྱི་མི་ཚང་མས། ཁོང་ཉིད་ཀྱི་བྱམས་སྙིང་རྗེ་དང་འཇིག་རྟེན་ཀུན་ཁྱབ་ཀྱི་བསླབ་བྱ་དེ་དག་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུའི་འགན་འཁྲི་བླང་དགོས། ཞེས་གསུངས་འདུག

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ཝེག་ལེབ་ཧ་ཝེལ་ལགས་དང་། ཉི་ཧོང་གི་གཞན་ཕན་དགེ་རྩ་སྒྲུབ་མཁན་སྐུ་ཞབས་ཡོ་ཧེ་ས་ས་ཀ་ཝ་ (Yohei Sasakawa)། འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་གྱི་རྩོམ་པ་པོ་དང་ཆབ་སྲིད་ལས་འགུལ་བ་སྐུ་ཞབས་ཨེ་ལི་ཝི་ཛལ་ (Elie Wiesel) བཅས་གསུམ་མཉམ་འབྲེལ་གྱིས། ཐོག་མར་ཕྱི་ལོ་ ༡༩༩༧ ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པེ་རེག་ཏུ་སྐོང་འཚོག་གནང་བའི་གླེང་སྟེགས་ ༢༠༠༠ ཡི་ཚོགས་འདུ་འདི། འདི་ལོར་གཉན་རིམས་ཀྱི་རྐྱེན་པས་དྲ་ལམ་ནས་འཚོགས་ཡོད་ཅིང་། ད་ཐེངས་ཀྱི་ཚོགས་འདུའི་གནད་དོན་གཙོ་བོ་དེ་དམངས་གཙོའི་ལམ་ནས་འཛམ་གླིང་བསྐྱར་སྐྲུན་བྱ་རྒྱུ་དེ་ཡིན་འདུག

HH Dalai Lama attends Forum 2000 in Prague on December 12, 2011. Photo: demos.cz

དེ་ཡང་ལྷན་ཚོགས་དེའི་གཞུང་འབྲེལ་དྲ་བའི་སྟེང་། ད་ལྟ་ཏོག་དབྱིབས་གཉན་རིམས་མཇུག་རྫོགས་པའི་དུས་སུ་ཐོན་ལ་ཉེ་བའི་སྐབས་འདིར། འཛམ་གླིང་གི་དམངས་གཙོའི་སྤྱི་ཚོགས་རྣམས་ཀྱིས་འཛམ་གླིང་འདི་ཇི་ལྟར་ལེགས་སྐྲུན་བྱ་དགོས་སྐོར་དང་། དམངས་གཙོར་མཚོན་ན། ནད་ཡམས་འདི་དཀའ་ངལ་དང་གོ་སྐབས་གཉིས་ཀ་ཡིན་པ་རེད། ཏོག་དབྱིབས་གཉན་རིམས་འདིས་འཛམ་གླིང་ཁྱོན་ཡོངས་ཀྱི་དམངས་གཙོ་ལ་དོ་ཕོག་བཏང་ཡོད་པ་སྨྲོས་མེད་ཡིན་ནའང་། ཕྱོགས་གཞན་ནས་འདིས་ང་ཚོར་བློ་སྐྱེད་གསར་པ་དང་། ང་ཚོས་སྔར་གླེང་སློང་བྱས་མ་མྱོང་བའི་གནད་དོན་མང་པོ་ཐེར་འདོན་བྱས་ཡོད་པ་རེད། ཅེས་དང་། ད་ཐེངས་ཀྱི་ཚོགས་འདུའི་སྟེང་གོ་ལ་ཡོངས་ཀྱི་དམངས་གཙོའི་མཉམ་འབྲེལ་དང་། གྲངས་རིག་གི་དུས་སྐབས་འདིར་དམངས་གཙོ་དང་དབང་ཆ་སྒེར་གཅོད་རིང་ལུགས་དབར་གྱི་འགྲན་རྩོད། དེ་བཞིན་མི་སེར་ངོས་ནས་དམངས་གཙོ་བསྐྱར་གསོ་བྱེད་ཐབས་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་བྱས་ཡོད་འདུག

ད་ལྟ་རྒྱལ་སྤྱིའི་སྟེང་གདེང་འཇོག་མཐོན་པོ་ཡོད་ཅིང་། འདས་པའི་ཚོགས་དུས་རིང་༧གོང་ས་མཆོག་གིས་གཙོས་འཛམ་གླིང་སྟེང་སྙན་གྲགས་དང་ཤུགས་རྐྱེན་ཆེ་བའི་དབུ་འཁྲིད་དང་ལས་འགུལ་བ་བཅས་ཀྱིས་མཉམ་ཞུགས་དང་གསུང་བཤད་གནང་མྱོང་བའི་གླེང་སྟེགས་འདི་ཉིད་ཐོག་མར་གསར་འཛུགས་བྱས་པའི་གཞི་རྩའི་ལྟ་གྲུབ་ནི། འཛམ་གླིང་གི་ས་ཕྱོགས་དང་། གླིང་ཕྲན། རིག་གཞུང་དང་ཆོས་ལུགས་འདྲ་མིན་གྱི་ཁོར་ཡུག་ཙམ་དུ་མ་ཟད། མིའི་རིགས་ཀྱི་ཤེས་བྱའི་རིག་ཚན་སྣ་ཚོགས་ནས་ཐོན་པའི་མི་སྣ་སྤྱང་གྲུང་དོད་པོ་རྣམས་ལྷན་འཛོམས་ཀྱིས་སོས་དལ་བག་ཕེབས་ཀྱིས་གླེང་མོལ་བྱ་རྒྱུ་དེ་ཡིན་ཞིང་། དེ་ཡང་གཙོ་བོ་མིའི་རིགས་ལ་འཕྲད་བཞིན་པའི་དཀའ་ངལ་གཙོ་བོ་ཁག་ངོས་འཛིན་དང་། ཆོས་ལུགས་དང་། རིག་གཞུང་། མི་རིགས་བཅས་ཀྱིས་སྐུལ་སློང་བྱས་པའི་རྩོད་རྙོག་ཁག་འགྲིག་འཇགས་ཡོང་ཐབས་བཅས་ལ་དམིགས་པ་ཞིག་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese