མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་དགེ་རྒན་ཞིག་གར་ཡོད་ཆ་མེད་དུ་གྱུར་ནས་ཟླ་གཉིས་ལྷག་འགྲོ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཟླ་གཉིས་དང་ཕྱེད་ཙམ་འགྲོ་བཞིན་ཡོད་ཀྱང་ཁོང་མོར་སྙིང་ནད་ཡོད་པས་ཟུར་འཇོག་བྱས་ཡོད་ལུགས་ཙམ་གཞུང་ཕྱོགས་ནས་བརྗོད་ཡོད་པ་ཙམ་ལས་གང་དུ་ཡོད་མེད་ཀྱང་ཤེས་རྟོགས་ཐུབ་ཀྱི་མེད་པར་བརྟེན་ནང་མི་ཚོས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་འདུག

འདི་གའི་གསར་འགོད་པས་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་སློབ་གྲྭ་བཙན་གྱིས་སྒོ་བརྒྱབ་ཏུ་བཅུག་པའི་རྐྱེན་གྱིས། སློབ་གྲྭ་དེར་དགེ་རྒན་གྱི་ཕྱག་ལས་གནང་མྱོང་བའི་རིན་ཆེན་སྐྱིད་ལགས་ཀྱིས་སྔ་དགོང་གི་ཟས་མ་བཟས་པར་ཉིན་བཅུ་གྲངས་ཤིག་ཕྱིན་ཏེ་གཟུགས་པོའི་གནས་སྟངས་ཧ་ཅང་ཞན་པོ་ཆགས་ཡོད་པར་བརྟེན། ཁོང་མོའི་ཕ་མ་དང་སྤུན་མཆེད་སོགས་ཀྱིས་སེམས་ཁུར་བྱས་ནས་སྨན་ཁང་དུ་འཁྲིད་ཐབས་བྱས་ཡོད་ཀྱང་། འགྲོ་རོགས་བྱས་མེད་པ་དང་། ཕྱིས་སུ་ས་གནས་ཉེན་རྟོག་པ་ཡོང་ནས་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་གཡོགས་ཏེ། ས་གནས་སྨན་ཁང་ཞིག་ཏུ་བཙན་འཁྲིད་བྱས་ནས་ཉིན་གྲངས་ ༢ རིང་བཀག་ཉར་བྱས་རྗེས། ཟི་ལིང་གི་ཞིང་ཆེན་སྨན་ཁང་དུ་འཇོག་རྒྱུ་ཡིན་ཟེར་ནས་བཙན་འཁྲིད་བྱས་ཡོད་པ་ལྟར། དགེ་རྒན་རིན་ཆེན་སྐྱིད་ལགས་གར་ཡོད་ཆ་མེད་དུ་གྱུར་ནས་ཟླ་གཉིས་དང་ཕྱེད་ཙམ་འགྲོ་ཡི་ཡོད་སྟབས། ཁོང་མོའི་ནང་མི་ཚོས་བློ་འཚབ་ཆེན་པོས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་གཏུག་བྱས་ཏེ་རྒྱུས་ལོན་བྱེད་ཐབས་བྱས་ཀྱང་། རིན་ཆེན་སྐྱིད་ལགས་ལ་སྙིང་གི་ན་ཚ་ཡོད་སྟབས་སྨན་ཁང་དུ་ཟུར་འཇོག་བྱེད་ཡོད་སྐོར་སོགས་བཤད་ཡོད་པ་ཙམ་ལས། ད་ལྟ་ཁོང་མོ་གང་དུ་ཡོད་མེད་དང་གཟུགས་གཞིའི་གནས་སྟངས་ག་འདྲ་ཡོད་སོགས་གཏན་ནས་བཤད་མེད་པར་བརྟེན། ཁོང་མོའི་ནང་མི་བུ་ཕྲུག་ཚོས་སེམས་འཚབ་ཆེན་པོ་བྱེད་མུས་ཡིན་འདུག

འདི་ལོའི་ཕྱི་ཟླ་ ༧ ནང་རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་དང་། རྨ་ཆེན་རྫོང་ཁོངས་ཀྱི་སློབ་གྲྭ་གསུམ།  དགའ་བདེ་རྫོང་ཁོངས་ཀྱི་སློབ་གྲྭ་གཅིག གཅིག་སྒྲིལ་རྫོང་ཁོངས་ཀྱི་སློབ་གྲྭ་གཉིས་བཅས་སྒེར་གཉེར་སློབ་གྲྭ་ཁག་བདུན་སྒོ་བརྒྱག་དགོས་པའི་ཐག་གཅོད་བྱས་ཏེ། ཕྱི་ཟླ་ ༩ ཚེས་ ༠༡ ནང་ཚུད་ཚང་མ་བརྒྱ་ཆ་བརྒྱ་ཐམ་པ་སྒོ་བརྒྱག་ཚར་བ་བྱས་ཏེ་ ༩ ཚེས་ ༡ ནས་དབུས་གཞུང་གི་ཆེད་མངགས་མགོ་ཁྲིད་ཚོས་དངོས་སུ་ལྟ་ཞིབ་བྱས་ཏེ་དྭང་ལེན་བྱ་རྒྱུའི་ཐག་གཅོད་བྱས་དགོས་པ་ལྟར། ཕྱི་ཟླ ༧ ཚེས་ ༨ ཉིན་སེང་འབྲུག་སྟག་རྩེའི་སློབ་གྲྭ་དངོས་སུ་སྒོ་བརྒྱབ་བཅུག་ཡོད་པ་མ་ཟད། སློབ་མ་ཚོ་གཞུང་གཉེར་སློབ་གྲྭ་ཁག་ཏུ་མངག་གཏོང་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་ལྟར། སློབ་གྲྭ་དེའི་དྭ་ཕྲུག་འགའ་གཞུང་གཉེར་སློབ་གྲྭ་ཁག་ཏུ་བཏང་ཡོད་ཀྱང་། རེ་ཟུང་གི་ཐོབ་ཐང་ལག་ཁྱེར་སོགས་ས་གནས་གཞན་ནས་བཟོས་ཡོད་པས། སློབ་གྲྭར་འགྲོ་མ་ཐུབ་པར་དཀའ་ངལ་འཕྲད་མུས་ཡིན་པ་དང་།  སློབ་མ་ ༡༠༠ ལྷག་དར་ལག་རྫོང་གཞུང་གི་སློབ་གྲྭར་བཅུག་སྟེ། སློབ་མ་དེ་ཚོས་རྒྱ་ནག་གཞུང་གི་བཀྲིན་སོགས་དྲན་དགོས་པའི་བཙན་སྐུལ་སློབ་གསོ་སྤྲོད་ཀྱི་ཡོད་པ་མ་ཟད། ཁོང་ཚོའི་ཕ་མ་ཚོར་ཚོགས་འདུ་ལན་མང་བསྡུ་མུས་ཡིན་འདུག

  དགེ་རྒན་རིན་ཆེན་སྐྱིད་ལགས་ནི་རང་ལོ་ ༤༠ ཡས་མས་ཡིན་ཞིང་། དེ་སྔོན་སེང་འབྲུག་སྟག་རྩེ་སློབ་གྲྭའི་འཛིན་རིམ་གསུམ་པའི་བོད་ཡིག་དགེ་རྒན་ཞིག་ཡིན་པ་དང་། ཁོང་མོའི་ཁྱིམ་དུ་ལོ་ན་ ༡༣ ཅན་ཀྱི་བུ་མོ་ཞིག་དང་ལོ་ ༧༩ ཡིན་པའི་ཨ་མ་དང་བཟའ་ཟླ་བཅས་ཁྱོན་བཟའ་མི་ ༥ ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

ཆུ་ཚོད་ ༨ སྔོན་ལ།
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

ཆུ་ཚོད་ ༨ སྔོན་ལ།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

༢༠༢༦/༠༦/༡༥
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

༢༠༢༦/༠༦/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese