མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་འཛམ་གླིང་ཐོག་རྡོ་སོལ་བེད་སྤྱོད་གཏོང་མཁན་ཚབས་ཆེ་ཤོས་སུ་ངོས་འཛིན་བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་རྡོ་སོལ་སྔོག་འདོན་དང་ཨར་ལས་འཛུགས་སྐྲུན་ཚད་ལས་བརྒལ་བ་བྱེད་བཞིན་ཡོད་པའི་རྐྱེན་གྱིས་སའི་གོ་ལའི་ཁྱོན་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་ཐད་ཤུགས་རྐྱེན་ཐེབས་བཞིན་ཡོད་པའི་ཞིབ་འཇུག་སྙན་ཐོ་བཏོན།

Representational image: IANS

ཁ་སང་ཕྱི་ཚེས་ ༡༢ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྣ་མང་སྐྱེས་དངོས་སྐོར་གྱི་ལྷན་ཚོགས་ (UN Biodiversity Summit)བསྡུས་ཏེ་ཞིབ་འཇུག་སྙན་ཐོ་བཏོན་པ་ལྟར་ན། འཛམ་གླིང་ཐོག་རྡོ་སོལ་ (Coal) མང་ཤོས་བཟོ་མཁན་དང་། རྡོ་སོལ་དང་ཨར་འདམ་ (Cement)། ངར་ལྕགས་སོགས་བེད་སྤྱོད་ཤུགས་ཆེ་ཤོས་གཏོང་མཁན་རྒྱ་ནག་ཆགས་ཡོད་པར་བརྟེན། འཛམ་གླིང་གི་སྣེ་མོ་གསུམ་པར་ངོས་འཛིན་བྱེད་བཞིན་པའི་བོད་མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་བཞིན་ཡོད་པ་རེད། དངོས་པོ་ཆུང་ཆུང་ཞིག་བཟོ་སྐྲུན་བྱས་པ་ཡིན་ནའང་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཡོང་གི་ཡོད་སྟབས། གནམ་གཤིས་འགྱུར་ལྡོག་གིས་འགྲོ་བ་མིའི་རིགས་དང་སེམས་ཅན་སྲོག་ལྡན་ཡོངས་ཀྱི་འཚོ་བའི་གནས་སྟངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་བར་གྱི་སྐམ་ས་(water-shed) ་སོགས་ལ་རྒྱལ་ཁབ་ཀྱི་སྐྱེད་མོས་ཚལ་ (National Parks)ཟེར་བ་བཟོས་ཏེ་གནམ་གཤིས་འགྱུར་ལྡོག་ལ་ལེགས་བཅོས་གཏང་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་།  རྒྱ་ནག་གཞུང་གིས་བོད་ས་བེད་སྤྱོད་བཏང་སྟེ་བཟོ་གྲྭ་སྣ་མང་བཙུགས་ནས་ཐོན་སྐྱེད་ཀྱི་ལས་གཞི་འབོར་ཆེན་བརྩམས་དང་རྩོམ་མུས་ཡིན་པའི་རྐྱེན་གྱིས། མཁའ་དབུགས་དང་ཁོར་ཡུག་ལ་འབག་བཙོག་ཆེན་པོ་ཐེབས་བཞིན་ཡོད་ལ། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། མ་འོངས་པར་གོ་ལ་འཇིག་པའི་ཉེན་གནས་སུ་ལྷུང་སྲིད་སྐོར་བཀོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ (Tibetan Centre of Human Rights and Democracy) གི་སྙན་ཐོ་ལུང་འདྲེན་བྱས་པའི་ནང་། རྒྱ་ནག་གིས་དུག་རླུང་གི་ཉེན་འགོག་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས་བོད་མཐོ་སྒང་གི་འབྲོག་མི་རྣམས་བཙན་དབང་གིས་གྲོང་དུ་གནས་སྤོ་བཅུག་པ་མ་ཟད། བོད་མི་ཚོར་རྒྱལ་སྤྱིའི་ཁོར་ཡུག་གུན་གསབ་ཀྱི་ཁྲིམས་སྲོལ་དང་མཐུན་པར་ཁོར་ཡུག་གི་གུན་གསབ་ཚུལ་བཞིན་སྤྲོད་ཀྱི་མེད་པའི་དཔང་རྟགས་ཁུངས་འདོན་གནང་འདུག རྒྱ་ནག་གི་ཁོར་ཡུག་གུན་གསབ་སྲིད་ཇུས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་དང་ཡུན་གནས་དར་སྤེལ་ཐོག་གནོད་ཚབས་འབྱུང་བཞིན་ཡོད་པའི་དོགས་གཞི་མང་པོ་བྱུང་ཡོད། བོད་མཐོ་སྒང་གི་ས་ཁྱོན་ཧ་ཅང་ཆེ་བས་སའི་གོ་ལའི་ས་ཁྱོན་གྱི་བརྒྱ་ཆ་ ༢ ཙམ་དང་ནུབ་ཡུ་རོབ་ཀྱི་ས་ཁྱོན་དང་མཉམ་པ་ཡོད། མ་ཟད་གོ་ལ་བྱང་མའི་རླུང་གི་རྒྱུན་འཁོར་དང་། གཙང་ཆུའི་བབ་རྒྱུན། ནམ་དུས་ཀྱི་འགྱུར་ལྡོག་སོགས་ལ་ཐད་ཀར་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པས་བོད་མཐོ་སྒང་གི་ཁོར་ཡུག་གིས་ད་བར་མིའི་རིགས་ལ་ཕན་བདེ་རླབས་ཆེན་བསྒྲུབས་ཡོད། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་བོད་མི་ཚོའི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། བོད་མིའི་སྲོལ་རྒྱུན་གྱི་བཟོ་ལས་ཐོན་ཁུངས་ལས་གནམ་གཤིས་ལ་གནོད་འཚེ་གཏོང་བ་ཧ་ཅང་དཀོན་པོ་ཡིན་པས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་གི་འབྱུང་རྐྱེན་གཙོ་བོ་ནི་འཛམ་བུ་གླིང་ཁྱོན་ཡོངས་ཀྱི་རྡོ་སོལ་དང་ས་བག ཟངས། ཧ་ཡང་། ཁྲོ་སོགས་ཀྱི་བཟོ་ལས་ཕོན་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་སྟེ་རྒྱ་ནག་ཡིན། རྒྱ་ནག་གི་བཟོ་གྲྭས་བོད་ཀྱི་རི་ཆུ་ནགས་གསུམ་གཙོས་རང་བྱུང་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ལ་ངན་ཕྱོགས་ནས་ཤུགས་རྐྱེན་ཤིན་ཏུ་ཆེན་པོ་སྤྲད་ཡོད། དུག་རླུང་གི་འབྱུང་ཁུངས་དངོས་ལ་སྔར་བཞིན་ཚོད་འཛིན་མི་བྱེད་པར་གནམ་གཤིས་འགྱུར་ལྡོག་གི་གནོད་འཚེ་འགོག་པར་བསྙད་ནས་རྒྱ་ནག་གིས་བོད་མཐོ་སྒང་གི་གཙང་ཆུའི་འགོ་ཁུངས་སོགས་སུ་རྒྱལ་ཁབ་ཀྱི་སྤྱི་གླིང་བཙུགས་ཏེ་དོ་དམ་བྱེད་ཀྱིན་ཡོད་སྐོར་བཀོད་འདུག

དབྱིན་ཡུལ་དང་ཨི་ཊ་ལི་མཉམ་སྦྲེལ་ཐོག་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡ ནས་ ༡༢ བར་དབྱིན་ཡུལ་རྒྱལ་ཁབ་ཀྱི་སི་ཀོ་ཊི་ལན་ཌི་(Scotland) ནང་གི་རྒྱལ་ས་ (Glassgow) རུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ནས་གནམ་གཤིས་འགྱུར་ལྡོག་གི་བགྲོ་གླེང་ཐེངས་ ༢༦ པ་ (COP26 Green Zone) ཞེས་པའི་བགྲོ་གླེང་ལྷན་ཚོགས་དེ་འཚོག་འཆར་ཡོད་འདུག་ལ། བགྲོ་གླེང་དེ་ནི། འཛམ་གླིང་སྟེང་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ ༢༠༠ ལྷག་བྱུང་བ་རྣམས་འགྲེམས་སྟོན་དང་བགྲོ་གླེང་། དེ་བཞིན་རིག་གཞུང་གི་འཁྲབ་སྟོན་དང་གློག་བརྙན་གཟིགས་འབུལ་སོགས་ཀྱི་བྱེད་སྒོ་སྣ་མང་གི་ཐོག་ནས་སའི་གོ་ལའི་ཐོག་འཚོ་ཞིང་གཞིས་པའི་མི་རྣམས་ལ་གོ་རྟོགས་སྤེལ་རྒྱུ་ཡིན་འདུག་ལ། སྐབས་དེར་མི་མང་ནས་མཉམ་ཞུགས་བྱས་ཚེ་འཛིན་བྱང་རིན་མེད་ཡིན་སྐོར་བསྒྲགས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༨ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese