མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འདས་པའི་བདུན་ཕྲག་གཅིག་ནང་བོད་མི་ ༥༥ ལ་ཏོག་དབྱིབས་འགོས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་འདས་པའི་བདུན་ཕྲག་གཅིག་ནང་བོད་མི་ ༥༥ ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་དང་བོད་མི་ ༡ འདས་གྲོངས་སུ་གྱུར་ཡོད་སྐོར་གསལ་བསྒྲགས་གནང་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༤ ཙམ་གྱི་སྟེང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༨༡ སྤེལ་བ་ལྟར་ན། འདས་པའི་བདུན་གཅིག་ནང་རྒྱ་གར་གྱི་ས་གནས་ ༡༣  དང་བལ་ཡུལ་གྱི་ས་གནས་ ༡ གི་ནང་རང་ཁྱིམ་ལ་ཟུར་བཀག་ཏུ་སྡོད་མཁན་བོད་མི་ ༡༥༦  དང་ཚོགས་སྡེའི་ཟུར་བཀག་ཁང་དུ་མི་ ༢༥༦ བཅས་ཁྱོན་བསྡོམས་མི་གྲངས་  ༤༡༢ ཟུར་བཀག་འོག་ཡོད་པ་དང་། རྒྱ་གར་ནང་ཏོག་དབྱིབས་ནད་གཞི་གསར་དུ་འཕོག་མཁན་བོད་མི་ ༥༥ བྱུང་བའི་ཁྲོད་ནས་ལོ་ན་མཐོ་ཤོས་ ༩༣ ཡིན་འདུག་ལ། བོད་མི་ ༡ རྐྱེན་འདས་སུ་ཕྱིན་ཡོད་འདུག

གསལ་བསྒྲགས་སྐབས་ཕྱི་ལུགས་སྨན་པ་བརྩོན་འགྲུས་ལགས་ཀྱིས། ཉེ་ལམ་ཏོག་དབྱིབས་རིམས་ནད་ཀྱི་གནས་ཚུལ་ཇེ་ལེགས་ཕྱིན་ཡོད་ཀྱང་། ས་གནས་ཁག་གི་ཏོག་དབྱིབས་ནད་ཡམས་ཀྱི་ཚོགས་ཆུང་ཚོས་ནད་ཡམས་འགོས་ཡོད་མེད་ཀྱི་བརྟག་དཔྱད་མང་ཙམ་བྱེད་ཚེ། ཏོག་དབྱིབས་ཁྱབ་གདལ་མི་འགྲོ་བའི་ཁེ་ཕན་ཡོད་པ་དང་། བོད་མི་མང་པོ་ཞིག་དགུན་ཚོང་ལ་སྐྱོད་མུས་ཡིན་སྟབས།  ཚང་མས་རང་འགན་རང་སྲུང་གིས་ནད་ཡམས་མི་འགོས་པའི་དོགས་ཟོན་བྱ་དགོས་པ་དང་། དེ་བཞིན་ཉེ་ལམ་གནམ་གཤིས་འགྱུར་ལྡོག་འགྲོ་མུས་ཡིན་པའི་ཁར། ཆམ་ནད་སོགས་འགོས་སླ་བས་ཚང་མས་སྤྱི་ཚོགས་རྒྱང་སྐྱེད་ཀྱིས། ལག་པ་མང་ཙམ་བཀྲུ་བ་དང་། ཁ་རས་སོགས་གྱོན་གལ་ཆེན་པོ་ཡིན་པ་རེད། རྒྱ་གར་ནང་དུ་བྱིས་པ་ལོ་གཉིས་ཡན་ལ་ཛ་དྲག་གི་ཏོག་དབྱིབས་སྔོན་འགོག་སྨན་ཁབ་བརྒྱག་རྒྱུའི་ཆོག་མཆན་ཚང་མ་ཐོབ་མེད་ཀྱང་། མགྱོགས་པོ་གྲ་སྒྲིག་བྱེད་མུས་ཡིན་པས་རིམ་པས་ཆོག་མཆན་ཐོབ་ཚེ་འཕྲོད་བསྟེན་ལས་ཁུངས་ཀྱིས་ལམ་སྟོན་བྱ་རྒྱུ་ཡིན་པ་དང་། སློབ་གྲྭ་ཁག་དང་དགོན་སྡེ་ཁག་གིས་བྱིས་པ་རྣམས་ཀྱི་མིང་ཐོ་བསྡུ་རུབ་ཀྱིས། འཕྲོད་བསྟེན་ལས་ཁུངས་ལ་གང་མགྱོགས་དབུལ་ཐུབ་ཚེ། འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་ཁབ་སོགས་གྲ་སྒྲིག་བྱེད་བདེ་བར་ཡོད་སྐོར་གྱི་ལམ་སྟོན་གནང་བྱུང་།

 ཡང་ཕྱི་ལུགས་སྨན་པ་བསྟན་འཛིན་ཀུན་བཟང་ལགས་ཀྱིས། ཏོག་དབྱིབས་ནད་ཡམས་དེ་བདུན་ཕྲག་སྔ་མ་ལས་བཟང་དུ་ཕྱིན་ཡོད་ཀྱང་། ཏོག་དབྱིབས་ནད་རླབས་གཉིས་པའི་སྐབས་སུ་ནད་ཡམས་ཁྱབ་གདལ་ཤུགས་ཆེན་ཕྱིན་ཡོད་པ་ལྟར། ནད་རླབས་གསུམ་པ་ཁྱབ་གདལ་མི་འགྲོ་སླད་ཚང་མས་དོགས་ཟོན་ཆེན་པོ་བགྱིས་ཏེ། ནད་ཡམས་ལས་གྲོལ་ཐབས་བྱ་དགོས་པ་དང་། ཆེད་མཁས་མི་སྣ་མང་པོ་ཞིག་གིས་མི་འགྱངས་བར་རྒྱ་གར་ནང་དུས་ཆེན་མང་པོ་ཞིག་བསླེབ་གྲབས་ཡོད་སྟབས། སྐབས་དེར་ནད་ཡམས་ཁྱབ་གདལ་འགྲོ་རྒྱུའི་ཚོད་དཔག་དང་སེམས་འཚབ་ཆེན་པོ་བྱེད་མུས་ཡིན་པ་ལྟར། འཕྲོད་བསྟེན་ལས་ཁུངས་ཀྱིས་ལམ་སྟོན་རབ་དང་རིམ་པ་གནང་བ་བཞིན། ཚང་མས་རང་རང་གི་འཕྲོད་བསྟེན་སོགས་ལ་དོ་སྣང་དང་དོགས་གཟབ་བྱ་དགོས་པ་དང་། ཉེ་ལམ་སྤྱི་ཚོགས་བྲེལ་ཟིང་གི་རྐྱེན་གྱིས་མི་མང་པོ་ཞིག་ལ་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་ཕྲད་དང་འཕྲད་མུས་ཡིན་པ་ལྟར། སེམས་ཁམས་འཕྲོད་བསྟེན་སོགས་ལ་ཕན་རླབས་ཡོང་ཆེད། སེམས་ཁམས་བློ་སྦྱོང་བྱ་དགོས་པ་དང་། ༧གོང་ས་མཆོག་གཙོས་བོད་ཀྱི་བླ་ཆེན་ཁག་གི་བཀའ་སློབ་མཉན་ཚེ། ཕན་ཐོགས་ཆེན་པོ་ཡོད་སྐོར་དང་དགུན་ཚོང་ལ་སྐྱོད་མཁན་ཚོས་རྒན་འཁོགས་ནད་པ་དང་བྱིས་པ་རྣམས་ཁྲོམ་སར་མི་འཁྲིད་རྒྱུའི་ལམ་སྟོན་སོགས་གནང་སོང་།

 ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་བར་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་ཐེངས་གཉིས་བརྒྱབ་ཟིན་པའི་མི་གྲངས་  ༣༩༩༨༤ དང་ཐེངས་དང་པོ་བརྒྱབ་ཟིན་པའི་གྲངས་འབོར་ཁྱོན་ ༡༡༤༦༧  ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པ་མི་ ༦༦༩༧ དང་འགོག་ཁབ་ཚར་དང་པོ་ཐོབ་མཁན་མི་གྲངས་ ༥༡ ཆགས་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ནས་བཟུང་རྒྱ་ནག་ཝུའུ་ཧན་གྱི་ཏོག་དབྱིབས་གཉན་རིམས་དེ་འཛམ་གླིང་གང་སར་མཆེད་པའི་མགོ་བརྩམས་ཡོད་པ་དང་། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་ ༦༦༦༨ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༦༤༡༧ དང་། འདས་གྲོངས་སུ་ཕྱིན་པ་ ༡༥༢། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པ་བོད་མི་ ༩༩ ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཚམས་འདྲི་མཛད་འདུག

སྐར་མ ༤ སྔོན་ལ།
Vice President of Czech Senate Hon’ble Jiri Ruzicka and Senator Rabas, Chairman of Czech Senate Parliamentary Group for Tibet hoisting Tibetan National Flag on the Senate parliament, marking the Tibetan National Uprising Day on 10 March
Mobile App

ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས།

སྐར་མ ༥༦ སྔོན་ལ།
པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་བདག་སྤྲོད་གནང་།
Mobile App

ཉག་ཆུའི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

༢༠༢༣/༠༦/༠༡
Opening ceremony prayers. Photo Courtesy: Tibet.net
Mobile App

མོན་གྷོ་འདོད་རྒུ་གླིང་ནས་ཁྱིམ་ཚང་ ༤༠ ལ་སྡོད་ཁང་མཁོ་སྤྲོད་བྱས་འདུག

༢༠༢༣/༠༥/༣༡
Director-General of the World Health Organisation (WHO) Dr. Tedros Adhanom Ghebreyesus attends the World Health Assembly at the United Nations in Geneva, Switzerland, May 21, 2023. (REUTERS/Denis Balibouse)
Mobile App

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས་ ༧༦ པ་མཇུག་སྒྲིལ། 

༢༠༢༣/༠༥/༣༡
Front Slider

ཉིན་གཉིས་རིང་གི་བཀའ་ཆོས་མཇུག་སྒྲིལ།

༢༠༢༣/༠༥/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist