མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོར་མཁའ་ལམ་སྒོ་ཕྱེ་ཡི་འདུག 

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་མི་འབོར་བརྒྱ་ཆ་ ༣༥ ལོ་ན་ ༡༨ སོན་མེད་པ་དང་ཏོག་དབྱིབས་འགོག་ཁབ་ཐོབ་མེད་པར་བརྟེན་ཕྱི་ཕྱོགས་སུ་མཁའ་ལམ་སྒོ་འབྱེད་བྱ་རྒྱུ་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་བཏང་རྗེས་འཕྲོད་བསྟེན་ཆེད་མཁས་པ་མང་པོས་ནད་རླབས་གསུམ་པ་ཁྱབ་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག

འདི་ལོའི་ལོ་མགོར་རྒྱ་གར་ནང་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེན་ཕྱིན་པའི་རྐྱེན་གྱིས་དབུས་གཞུང་དང་མངའ་སྡེ་ཁག་གིས་ཐེམ་སྤང་གི་བཀག་རྒྱ་ཡུན་རིང་བསྡམས་པ་དང་། རྒྱལ་ཁབ་ཕན་ཚུན་བར་འགྲོ་འོང་གི་གནམ་གྲུའི་རིགས་མཚམས་འཇོག་བྱས་ཏེ། རྒྱ་གར་དུ་ལོ་ལྟར་ཡོང་མུས་ཡིན་པའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བཀག་ཡོད་ཀྱང་། རང་ལོ་ ༡༨ ཅན་གྱི་མི་འབོར་བརྒྱ་ཆ་ ༧༠ ལ་འགོག་ཁབ་དང་པོ་ཐོབ་པ་དང་། བརྒྱ་ཆ་ ༣༠ ལ་འགོག་ཁབ་དང་པོ་དང་གཉིས་པ་གཉིས་ཀ་ཐོབ་ཟིན་པར་བརྟེན། དེ་རིང་ནས་བཟུང་ཡུལ་སྐོར་སྤྲོ་འཆམ་གྱི་ཐོངས་མཆན་ཐོབ་པའི་ཕྱི་རྒྱལ་བ་རྣམས་ཆེད་གཏོང་གནམ་གྲུ་(chartered fligts )བརྒྱུད་རྒྱ་གར་ནང་དུ་ཡོང་ཆོག་པ་དང་། རིང་མིན་ཕྱི་ཟླ་ ༡༡ ཚེས་ ༡༥ ནས་རྒྱུན་ལྡན་གྱི་གནམ་གྲུ་ ( Regular flights ) བརྒྱུད་ནས་རྒྱ་གར་དུ་ཡོང་ཆོག་པའི་གསལ་བསྒྲགས་གནང་འདུག

རྒྱ་གར་ལྷོ་ཕྱོགས་མོམ་བྷེ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཚན་རིག་པ་དང་རྟོག་ཞིབ་པ་སྐུ་ཞབས་ཨྰ་མིད་( Amit Dutt) ལགས་ཀྱིས། རྒྱ་གར་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་འཛུལ་ཆོག་པ་བཟོས་པ་དེས། ཏོག་དབྱིབས་འགོག་ཁབ་བརྒྱབ་མེད་པ་དང་འགོག་ཁབ་གཅིག་ལས་ཐོབ་མེད་པའི་རྒྱ་གར་མི་སེར་རྣམས་ལ་ཉེན་ཁ་ཆེན་པོ་ཡོད་པ་དང་། རྒྱ་གར་དུ་ཏོག་དབྱིབས་རིམས་ནད་ཀྱི་ནད་རླབས་གསུམ་པ་མཆེད་ཉེན་ཡོད་སྐོར་བརྗོད་འདུག དེ་བཞིན་རྒྱ་གར་འཕྲོད་བསྟེན་སྐོར་གྱི་གནད་ཡོད་མི་སྣ་ཁག་ཅིག་གིས་ཀྱང་འདས་པའི་ཟླ་བ་ནས་རྒྱ་གར་ནང་དུ་ཆོས་ཕྱོགས་ཀྱི་དུས་ཆེན་མང་པོ་ཞིག་འགྲོ་མུས་ཡིན་པའི་ཁར། རྒྱ་གར་གྱི་དྷི་ཝ་ལི ( Dewali ) སོགས་བསླེབ་གྲབས་ཡོད་སྟབས། ཏོག་དབྱིབས་རིམས་ནད་ཁྱབ་གདལ་མི་འགྲོ་སླད། སྔོན་འགོག་དང་དོགས་ཟོན་སོགས་བྱ་དགོས་པའི་སྔོན་བརྡ་བཏང་ཡོད་པ་རེད།

འདི་ལོར་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེན་ཕྱིན་ནས་གཞུང་དམངས་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་སྟབས། རྒྱ་གར་གྱིས་འདས་ལོའི་ཕྱི་ཟླ་ ༣ ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བར་འགྲོ་འོང་གི་གནམ་གྲུ་བཀག་འགོག་བྱས་ཏེ། རྒྱ་གར་གཞུང་གིས་ལོ་༡ དང་ཕྱེད་ཀ་ལྷག་གི་རྗེས་སུ་ཡུལ་སྐོར་སྤྲོ་འཆམ་བ་རྣམས་རྒྱ་གར་དུ་ཡོང་ཆོག་པའི་ཆོག་མཆན་སྤྲད་ཡོད་དང་། ཕྱི་རྒྱལ་ནས་ཡོང་མཁན་རིགས་ཀྱིས་ཏོག་དབྱིབས་འགོག་ཁབ་གཉིས་ཀ་བརྒྱབ་ཚར་བ་དགོས་ཤིང་། ཆུ་ཚོད་ ༧༢ གོང་གི་ཏོག་དབྱིབས་ནད་རྟགས་ཐོན་མེད་པའི་བརྟག་དཔྱད་ཀྱི་གྲུབ་འབྲས་དགོས་པ་ལས། དམིགས་བསལ་གྱི་ཟུར་བཀག་སོགས་གང་ཡང་བསྡད་མི་དགོས་པ་རེད་འདུག

ད་ལྟ་རྒྱ་གར་གྱི་མི་འབོར་བརྒྱ་ཆ་ ༧༠ ལྷག་ཟིན་པའི་མི་གྲངས་ས་ཡ་ ༩༥༠ ལྷག་ལ་ཏོག་དབྱིབས་འགོག་ཁབ་དང་པོ་ཐོབ་ཡོད་པ་དང་། མི་འབོར་གྱི་བརྒྱ་ཆ་ ༣༠ ལ་ཏོག་དབྱིབས་འགོག་ཁབ་གཉིས་ཀ་ཐོབ་ཟིན་ཡོད་ཀྱང་། རྒྱ་གར་གི་མི་འབོར་བརྒྱ་ཆ་ ༣༥ ལོ་ ༡༨ ཟིན་མེད་པས་ད་ལྟའང་འགོག་ཁབ་ཐོབ་མེད་པར་བརྟེན། ཆེད་མཁས་མི་སྣ་མང་པོ་ཞིག་གིས། ད་ལྟ་ནད་པ་མི་ཉུང་བ་ཞིག་ཡོད་པ་དང་། རྒྱ་གར་གྱི་མི་སེར་ཚང་མར་ཏོག་དབྱིབས་སྔོན་འགོག་སྨན་ཁབ་ཐོབ་མེད་པའི་ཁར། ཏོག་དབྱིབས་རིམས་ནད་རྩ་མེད་དུ་གཏོང་ཐུབ་མེད་སྟབས། མཁའ་ལམ་ཚང་མ་ཕྱེ་ནས་འགྲོ་འོང་བཀག་འགོག་མི་བྱེད་པ་དེ་སྔ་དྲགས་པ་དང་། ཉེན་ཁ་ཅན་ཞིག་ཡིན་པའི་ཉེན་བརྡའང་གཏོང་གི་ཡོད་འདུག

ཕྱི་ལོ་ ༢༠༢༠ མགོ་ཙམ་ནས་བཟུང་རྒྱ་གར་ནང་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དུ་འགྲོ་བའི་མགོ་བརྩམས་ཡོད་པ་དང་། ད་བར་དུ་ཁྱོན་ཏོག་དབྱིབས་ནད་པ་ས་ཡ་ ༣༤ (༣༤༠༣༧༥༩༢)ལྷག་བྱུང་ཡོད་པའི་ཁྲོད་ནས། མི་གྲངས་འབུམ་ ༤ (༤༥༡ ༨༤༧)ལྷག་འདས་གྲོངས་སུ་ཕྱིན་ཡོད་ཅིང་། ཏོག་དབྱིབས་ཀྱིས་མནར་བཞིན་པ་མི་གྲངས་ ༡༩༧༣༢༩ ཡས་མས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. འཇམ་དཔལ། says:
    ལོ་ 5 སྔོན།

    ད་དུང་གཟབ་གཟབ་བྱེད་རྒྱུ་ཤིན་ཏུ་གལ་འགངས་ཆེ་བར་མཐོང་སོང་བས། དེ་ལུགས་ཐུགས་འཇགས་འཚལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese