མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་རྩིས་ཁང་གིས་དུས་དྲན་གསུམ་འཛོམས་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

སྨན་རྩིས་ཁང་གི་དུས་དྲན་གསུམ་འཛོམས་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་རང་དབང་ཅན་གྱི་སྡེ་ཚན། མང་ཚོགས་ཚང་མས་༧མགོན་པོ་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་ཤར་སྐྱོད་བྱས་ནས་ཕྱིན་པ་ཡིན་ན་ང་ཚོ་ཏན་ཏན་འབབ་ས་གཅིག་ལ་བབ་ཐུབ་པ་དང་སླེབ་ས་གཅིག་ལ་བསླེབ་ཐུབ་ཀྱི་ཡོད་སྐོར་གསུངས་སོང་།

ཁ་སང་དྷ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༡༤ འཁོར་བ་དང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ་ ༡༠༥ འཁོར་བ། བྱེས་སུ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་འཕགས་ཡུལ་དྷ་རམ་ས་ལར་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་ ༦༠ འཁོར་བ་བཅས་ཀྱི་དུས་དྲན་གསུམ་འཛོམས་ཀྱི་མཛད་སྒོ་ཚོགས་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་དང་། མགྲོན་གཙོ་བོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་འགན་འཛིན་རྣམ་པ། སྨན་རྩིས་ཁང་གི་དབུ་འཛིན་ལགས་ཀྱིས་གཙོས་སྨན་པ་དང་ལས་བྱེད་སོགས་འཛོམས་འདུག་ལ། མཛད་སྒོའི་ཐོག་སྨན་རྩིས་ཁང་གི་དེབ་གསར་ ༡༤ དབུ་འབྱེད་གནང་བ་དང་སྨན་སྦྱོར་ཁང་གི་གསར་བཟོ་གནང་བའི་གསོལ་སྨན་གོ་ཡུ་བདུན་སྦྱོར་བཅས་དབུ་འབྱེད་གནང་སོང་། དེ་བཞིན་སྨན་རྩིས་ཁང་མཐོ་སློབ་ཀྱི་སློབ་མ་དང་། རྒྱལ་སྤྱིའི་སྨན་སློབ་རྣམས་ནས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་བསྟོད་པ་སེམས་ཀྱི་མཆོད་སྤྲིན་ཞེས་པ་སོགས་གཟིགས་འབུལ་ཞུས་སོང་།

ཐོག་མར་སྨན་རྩིས་ཁང་གི་དབུ་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས། ༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་ཡོད་པའི་སྨན་རྩིས་ལ་བསྟེན་གཏུགས་བྱེད་མཁན་གྱི་ནད་པའི་ཞལ་འདེབས་དང་སྨན་རིན་སོགས་ལ་བརྟེན་ནས་ སྨན་རྩིས་ཁང་ནས་ཉམ་ཐག་དང་ལོ་ན་ ༦༥ ཅན་ཡན་ལ་སྨན་སྦྱིན་དང་། སློབ་ཕྲུག་དང་གྲྭ་བཙུན་རྣམས་ལ་སྨན་བཅོས་ཕྱེད་ཆག་ཡང་གནང་གི་ཡོད་པ་ལྟར་ཁྱོན་བསྡོམས་ཧིན་སྒོར་འབུམ་ ༤༣ ལྷག་ཙམ་གཏོང་བཞིན་ཡོད་སྐོར་བརྗོད་པ་དང་འབྲེལ་ཁོང་གིས།  སྨན་རྩིས་ཁང་ལ་ཁྲིམས་དང་བཟང་སྤྱོད་གཉིས་ཀྱི་འགན་ཡོད་པའི་ཐོག  སྨན་རྩིས་ཁང་གི་སྨན་དང་མཐུན་རྐྱེན་ལ་རྒྱ་ཆེའི་མང་ཚོགས་ནས་ཡིད་ཆེས་དང་ཆེ་མཐོང་ཆེན་པོ་གནང་བཞིན་ཡོད་པས། སྨན་རྒྱུ་རིན་པར་མ་ལྟོས་པར་སྨན་རྒྱུ་སྤུས་ལེགས་མཁོ་སྒྲུབ་དང་སྦྱོར་ཚུལ་རྣམས་སྨན་གྱི་གཞུང་ལུགས་ལྟར་ཚད་ལྡན་དགོས་པ་གཞིར་བཟུང་སྤུས་ཚད་སྟངས་འཛིན་ཚོགས་ཆུང་ཡོད་སྐོར་སོགས་སྨན་རྩིས་ཁང་གིས་ལས་དོན་བྱེད་ཕྱོགས་དང་སྟངས་འཛིན་བྱེད་ཕྱོགས་སོགས་ལམ་སྟོན་གནང་བ་གཞིར་བཟུང་ལག་བསྟར་བྱེད་ཀྱི་ཡོད་སྐོར་དང་། ཏོག་དབྱིབས་གཉན་རིམས་སྐབས་སུ་སྨན་རྩིས་ཁང་ནས་ཏོག་དབྱིབས་ནད་པར་སྨན་སྦྱིན་རོགས་སྐྱོར་གནང་བའི་སྐོར་སྙན་སྒྲོན་ཞུས་པ་དང་།  སྨན་རྩིས་ཁང་གི་ལས་བྱེད་དང་སློབ་ཕྲུག་ཡོངས་ནས་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་དུས་རྟག་ཏུ་ཐུགས་རྗེ་ཆེ་ཞུ་པ་དང་། ༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་གལ་གནད་སྙིང་བཅངས་དང་རང་ནུས་ཅི་ཐུབ་དང་ལྷག་བསམ་རྣམ་དག་གིས་རྒྱུན་འཁྱོངས་བྱ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན་སྐོར་བརྗོད་སོང་།

འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། དེ་རིང་དུས་དྲན་གསུམ་འཛོམས་འདི་ལ་སྐུ་མགྲོ་གཙོ་བོ་སྲིད་སྐྱོང་མཆོག་གི་གཙོས་པའི་ཁྲིམས་ཞིབ་རྣམ་པ་དང་། འགན་འཛིན་ལྷན་ཚོགས་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ། མི་མང་ལ་སོགས་པས་དུས་ཆེན་འདིར་དགའ་དགའ་སྤྲོ་སྤྲོའི་ངང་ནས་མཉམ་འཛོམས་ཐུབ་པར་དགའ་བསུ་ཞུས་ཤིང་། ལོ་ ༦༠ གོང་དུ་༧གོང་ས་མཆོག་གིས་ཕུགས་རྒྱང་རིང་པོའི་གཟིགས་པ་དང་སྐབས་དེའི་མི་རབས་རྒན་པ་ཚོ་དང་༧གོང་ས་མཆོག་གིས་སྐུ་ལས་བསྐྱོན་པ་དང་སྐུ་ངལ་མང་པོར་གདོང་ལེན་གནང་ནས་བྱུང་བའི་སྨན་རྩིས་ཁང་ཟེར་བ་འདི། བཙན་བྱོལ་ཙམ་མིན་པར་རྒྱལ་སྤྱི་ཡོངས་ལ་འབུར་དུ་ཐོན་པའི་རིག་གཞུང་བསྟི་གནས་ཁང་ཞིག་ཆགས་ཡོད་པ་དེ་ལག་ཁྱེར་དང་གདེང་སྤོབས་ཙམ་གྱིས་ཞུས་པ་མིན་པར། ཕྱིའི་མི་དང་བོད་མི་ཚོར་མི་དགའ་མཁན་ཞིག་ཡིན་རུང་བོད་ནང་གི་རིག་གཞུང་འདི་ཡོངས་གྲགས་ཆགས་ཀྱི་ཡོད་པ་རེད། ལོ་ ༦༠ ཡི་བརྒྱུད་རིམ་འདིའི་ནང་དཔལ་འབྱོར་དང་དེང་རབས་ཀྱི་ཤེས་བྱ་ཡོན་ཏན་མི་འདང་བའི་སྐུ་ངལ་ག་ཚོད་འཕྲད་ཡོད་རེད། དེ་བཞིན་ལས་བྱེད་ཚོའི་ཉིན་རེའི་བྱེད་སྒོའི་ལམ་སྟོན་དེ་དག་སྒྲིག་གཞི་དང་མཐུན་པ་དང་སྒྲིག་གཞི་དང་མི་མཐུན་པ་རྣམས་སྟངས་འཛིན་བྱས་པར་སྐུ་ངལ་ག་ཚོད་འཕྲད་ཡོད་པ་རེད། དབུ་འཛིན་རིམ་པ་དང་དྲུང་ཆེ་རིམ་པ། སྨན་པ་རིམ་པ། ཚོགས་སྡེའི་འགན་འཛིན་རིམ་པ་ལ་སོགས་ནས་སྐུ་ལས་བསྐྱོན་པར་བརྟེན་ད་ལྟའི་ཆར་སྒྲིག་འཛུགས་ཆ་ཚང་བ་ཞིག་ཆགས་ཡོད་པ་རེད། དུས་ནས་དུས་སུ་༧གོང་ས་མཆོག་གིས་གསར་གཏོད་དགོས་ཀྱི་རེད་ཟེར་ནས་ལམ་སྟོན་གནང་དུས། གསར་གཏོད་ཀྱི་བརྒྱུད་རིམ་མང་པོ་ཞིག་རྣམ་པ་ཚོས་གནང་ཟིན་པ་རེད། ད་ལྟའང་གནང་རྒྱུ་ཡོད་པ་མང་པོ་ཡོད་རེད། དེ་ཡང་མ་འོངས་པར་སྨན་རྩིས་ཁང་གི་སྨན་པ་དེ་དག་རྒྱལ་ཡོངས་ཀྱི་ངོས་ལེན་ཡོང་རྒྱུའི་སྨན་པ་ཐོན་དགོས་ཀྱི་ཡོད་ན། རྒྱ་གར་རྒྱལ་ཡོངས་ཀྱི་སྨན་པའི་བརྒྱུད་རིམ་གྱི་ཡིག་ཚད་དེ་དག་གཏོང་དགོས་ཀྱི་ཡོད་མེད་ཐོག་བསམ་བློ་གཏང་དགོས་ཀྱི་རེད་བསམ་གྱི་ཡོད་པ་དང་།  ད་ལྟའི་མི་རབས་གསར་པ་དང་ལྷག་པར་དུ་སློབ་སྦྱོང་བྱེད་བཞིན་པ་རྣམས་ནས་༧གོང་ས་མཆོག་དང་མི་རབས་རྒན་པའི་བཀའ་དྲིན་མ་བརྗེད་པའི་ཐོག་ནས་སྒྲིག་འཛུགས་སྲ་བརྟན་ཡོང་བར་འབད་བརྩོན་བྱེད་དགོས་སྐོར་སོགས་བརྗོད་སོང་།

སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རྒྱ་གར་ནང་གསོ་རིག་ཐོན་དངོས་ཚོང་འགྲེམས་ཀྱི་དྲ་རྒྱ་དབུ་འབྱེད་གནང་བ་དང་འབྲེལ་ཁོང་གིས། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་སྐུ་ཚེའི་ནང་དུ་སྐུ་ངལ་མང་དག་འཕྲད་ཡོད་པ་རེད། ལྷག་པར་དུ་དབྱིན་ཇིས་བོད་ནང་དམག་དཔུང་ཁྲིད་ཡོང་བ་དང་། དེ་ནས་སོག་པོར་ཆིབས་སྒྱུར་གནང་དགོས་བྱུང་བ་དང་སོག་པོའི་རྗེས་སུ་རྒྱ་ནག་ཏུ་ཆིབས་སྒྱུར་གནང་དགོས་བྱུང་བ་རེད། དེ་རྗེས་རྒྱ་ནག་ནས་བོད་ལ་ཆིབས་སྒྱུར་གནང་མ་ཐག་རྒྱ་གར་ལ་ཕེབས་དགོས་བྱུང་བ་སོགས་རྒྱུ་དང་རྐྱེན་མང་པོ་འཕྲད་དེ་སྐུ་ངལ་དུ་མ་བྱུང་ཡོད་པ་རེད། འོན་ཀྱང་ཐུགས་མྱོང་མང་པོ་བསགས་པའི་རྒྱུ་མཚན་ལ་བརྟེན་ནས་བོད་ལ་ཕྱིར་ལོག་བྱས་པའི་རྗེས་བོད་ནང་དུ་གསར་གཏོད་ཀྱི་ལས་གཞི་མང་པོ་སྤེལ་བའི་ནང་ནས། ལྷ་ས་སྨན་རྩིས་ཁང་གསར་འཛུགས་གནང་བ་རེད། དེ་བཞིན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལའང་སྐུ་ངལ་དུ་མ་འཕྲད་ཡོད་པ་རེད། དེ་ཡང་བོད་ས་ཤོར་བ་དང་ང་ཚོའི་གནས་སྟངས་གང་འདྲ་ཡིན་པ་ཚང་མས་མཁྱེན་གསལ་རེད། ༧གོང་ས་མཆོག་གིས་སྐུ་ངལ་མང་པོ་བྱུང་བའི་སྐབས་སུ་སྨན་རྩིས་ཁང་ཙམ་མིན་པར་བོད་པའི་རིག་གནས་རྩ་ཆེ་བ་ཚང་མ་དང་རིག་པའི་གཞུང་ལུགས་གཅེས་སྲུང་བྱེད་ཆེད་དུ་སྒྲིག་འཛུགས་མང་པོ་བཙུགས་གནང་ཡོད་པ་རེད། འདིའི་ནང་ནས་གལ་ཆེ་ཤོས་གཅིག་སྨན་རྩིས་ཁང་བཙུགས་ཏེ་རབ་བྱུང་གཅིག་ཏག་ཏག་འགྲོ་བའི་གནས་སྟངས་ཤིག་དང་། དེ་ནས་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་གཟེངས་རྟགས་ཕུལ་ནས་ལོ་ ༡༤ འགྲོ་བ་དང་། དེ་བཞིན་དེའི་སྔོན་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་ཡོད་པ་རེད་ལ་འཛམ་བུ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་གཟེངས་རྟགས་མང་པོ་བཞེས་ཏེ། ཨ་རིའི་ནང་མི་མང་ཙམ་མིན་པར་ཆབ་སྲིད་མི་སྣས་༧གོང་ས་མཆོག་གིས་དགོངས་པ་བཞེས་སྟངས་དང་མཛད་པ་སྐྱོང་སྟངས་ཀྱི་ཐོག་ནས་དགའ་གུས་དད་གསུམ་ཕུལ་བའི་གནས་སྟངས་ཆགས་ཀྱི་ཡོད་པར་བརྟེན། དེ་རིང་དུས་དྲན་གསུམ་འཛོམས་སྲུང་གཙི་ཞུས་པ་དེ་ག་རང་གིས་འགྲེལ་བཤད་མང་པོ་མི་དགོས་པའི་ཐོག་ནས་༧གོང་ས་མཆོག་ང་རང་ཚོ་བོད་རིགས་ཙམ་མིན་པར་རྒྱལ་སྤྱིའི་ཁྱོན་ཡོངས་ལ་བཀའ་དྲིན་ཆེན་པོ་ཡིན་པ་དེ་ནི་དེ་རིང་དུས་དྲན་གསུམ་འཛོམས་ཀྱི་ངོ་བོའི་ཐོག་ནས་སྟོན་ཐུབ་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ནས་བཀའ་དྲིན་འདི་ཚོར་བསམ་གཞིགས་བྱེད་པའི་ཐོག་ནས་ང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་ནང་ཁུལ་བསམ་བློ་མི་མཐུན་པ་དེ་འདྲ་ཕྲན་བུ་ཕྲན་བུ་ཡོང་སྲིད་ཀྱི་རེད། འོན་ཀྱང་རྒྱ་ཆེ་ས་ནས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཤར་སྐྱོད་བྱས་ནས་འགྲོ་ཐུབ་པ་ཡིན་ན། མ་འོངས་པར་འགྱོད་པ་སྐྱེས་མི་དགོས་པ་ཞིག་ཏན་ཏན་ཡོང་གི་རེད་ཅེས་ཚིག་ཐག་ཆོད་པོའི་ཐོག་ནས་ཞུ་ཐུབ་པའི་གནས་སྟངས་ཤིག་རེད། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ངོས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་གཞིར་བཟུང་ཤར་སྐྱོད་བྱ་རྒྱུ་དེ་བཀའ་ཤག་ཙམ་མིན་པར་ལས་བྱེད་ཚང་མའི་ངོས་ནས་དགོངས་པ་དེ་ག་རང་གཅིག་གྱུར་ཡིན་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་ལ། དེ་བཞིན་མང་གཙོའི་ཀ་བ་གསུམ་དང་རང་དབང་ཅན་གྱི་སྡེ་ཚན། མང་ཚོགས་ཚང་མས་༧མགོན་པོ་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་ཤར་སྐྱོད་བྱས་ནས་ཕྱིན་པ་ཡིན་ན། ང་ཚོ་ཏན་ཏན་འབབ་ས་གཅིག་ལ་བབ་ཐུབ་པ་དང་སླེབ་ས་གཅིག་ལ་བསླེབ་ཐུབ་ཀྱི་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༥ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༢ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

མཆན། 1

  1. དཔའ་རྒོད says:
    ལོ་ 4 སྔོན།

    དགོས་པའི་བཀའ་སློབ་དོན་ལྡན་དེ་ལ་དོ་སྣང་མ་བྱས་པར་མི་དགོས་པའི་ཞལ་ནོར་ཤོར་བ་དེ་སྤྱི་ཚོགས་ནང་བཤོད་བཞིན་འདུག་པས་ཡག་པོ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese