མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀེ་རི་ལ་མངའ་སྡེའི་ནང་རང་བྱུང་གོད་ཆག་བྱུང་བར་ཐུགས་གསོ་མཛད།

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་ཀེ་རི་ལ་མངའ་སྡེའི་ནང་ཆུ་ལོག་གི་གནོད་སྐྱོན་བྱུང་སྟེ་ཉུང་མཐར་མི་གྲངས་ ༢༢ རྐྱེན་འདས་དང་མི་ཁག་ཅིག་གར་སོང་ཆ་མེད་དུ་གྱུར་ནས་མི་རྒྱུ་གཉིས་ལ་གོད་ཆག་བྱུང་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་སྩལ་འདུག

HH the Dalai Lama visit to Kochi, Kerala on November 25, 2012, Photo: Tenzin Choejor/OHHDL

དེ་རིང་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་ཀེ་རི་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝེ་ཇེ་ཡན་ (Shri Pinarayi Vijayan ) མཆོག་གི་མཚན་ཐོག་ཏུ། མངའ་སྡེ་དེའི་ནང་ཆུ་ལོག་དང་ས་ཉིལ་གྱི་གནོད་སྐྱོན་བྱུང་བར་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་། ངོས་ནས་རང་བྱུང་གོད་ཆག་གི་ཁྲོད་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ནང་མི་དང་གནོད་འཚེ་ཕོག་མཁན་ཡོངས་ལ་སེམས་གསོ་ཞུ་ཡི་ཡོད། ངོས་ནས་མངའ་སྡེ་གཞུང་དང་འབྲེལ་ཡོད་ལས་ཁུངས་ཁག་གིས། རོགས་སྐྱོར་མཁོ་བའི་མི་རྣམས་ལ་ངལ་སེལ་གྱི་མཐུན་འགྱུར་རོགས་རམ་གང་ཐུབ་ཅི་ཐུབ་གནང་གི་ཡོད་པ་ཤེས་རྟོགས་བྱུང་། ངོས་ནས་གདུང་སེམས་མཉམ་སྐྱེད་མཚོན་སླད། ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་དང་མྱུར་སྐྱོབ་ཀྱི་ལས་དོན་ཆེད་ཞལ་འདེབས་ཤིག་འབུལ་འདོད་ཡོད། ཅེས་གསུངས་འདུག

རང་བྱུང་གོད་ཆག་བྱུང་རྗེས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ནས་ཐུགས་གསོ་གནང་བའི་ནང་རང་བྱུང་གོད་ཆག་གི་གནད་དོན་དེའི་ཁྲོད་རྐྱེན་འདས་སུ་ཕྱིན་པའི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་བ་དང་སྦྲགས། འབྲེལ་ཡོད་ལས་བྱེད་ཚོས་མྱུར་སྐྱོབ་ཀྱི་ལས་དོན་ཧུར་ཐག་སྒྲུབ་བཞིན་ཡོད་སྐོར་གསུངས་འདུག

རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ནས་བསྟུད་མར་ཆར་པ་ཤུགས་ཆེན་བབས་པའི་རྐྱེན་གྱིས་ཁུལ་དེར་ཆུ་ལོག་དང་།  ས་ཉིལ་སོགས་བྱུང་སྟེ་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་། མི་གྲངས་ ༦༤༥༥ གནས་སྤོར་དགོས་བྱུང་ཡོད་པ་མ་ཟད། དེ་རིང་བར་ཉུང་མཐར་མི་གྲངས་ ༢༢ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་གྲངས་ ༥ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། མངའ་སྡེ་གཞུང་ནས་མཁའ་དམག་དང་མཚོ་དམག སྐམ་དམག་ཆེད་གཏོང་གིས་མྱུར་སྐྱོབ་གནང་མུས་ཡིན་འདུག

ཕྱི་ལོ་ ༢༠༡༨ ལོར་མངའ་སྡེ་དེའི་ནང་ཆུ་ལོག་རྒྱུགས་ཏེ་མི་ ༣༢༤ རྐྱེན་འདས་དང་། མི་གྲངས་ཁྲི་ ༣༠ ལྷག་གནས་སྤོར་བྱེད་དགོས་བྱུང་ཡོད་འདུག

 གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese