མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་མཐའ་མཚམས་དམག་མི་རྣམས་ལ་བོད་རིག་པའི་བསླབ་གཞི་སློབ་ཁྲིད་བྱེད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་མཐའ་མཚམས་ཀྱི་དམག་མི་དང་གཞུང་འབྲེལ་མི་སྣ་རྣམས་ལ་བོད་ཀྱི་སྐད་ཡིག་ལོ་རྒྱུས་དང་བཅས་པའི་བསླབ་གཞི་སློབ་ཁྲིད་ཀྱིས། ཧིན་བོད་ས་མཚམས་ཀྱི་གནད་དོན་ཁག་ལ་སྔར་ལྷག་དོ་སྣང་བྱ་རྒྱུ་ཡིན་འདུག

There are people of the same tribes living on both sides of the LAC (File Photo)

ད་ལྟའི་ཆར་རྒྱ་དཀར་ནག་གཉིས་དབར་ས་མཚམས་རྩོད་རྙོག་གི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར། རྒྱ་གར་གཞུང་གིས་ཧིན་བོད་མཐའ་མཚམས་སུ་བཅའ་སྡོད་བྱེད་བཞིན་པའི་རྒྱ་གར་གྱི་དམག་མི་རྣམས་དང་དེ་འབྲེལ་གྱི་གཞུང་འབྲེལ་མི་སྣ་ཁག་གིས། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། སྐད་ཡིག བོད་ཀྱི་ས་ཁམས་ཆགས་ཚུལ་བཅས་ལ་གོ་རྟོགས་གང་ལེགས་བྱུང་ཆེད་བོད་རིག་པའི་བསླབ་གཞི་ཞིག་མགོ་འཛུགས་བྱས་ཏེ། མ་འོངས་པར་རྒྱ་གར་གྱི་དམག་མི་ཚོར་ཧིན་བོད་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་བའི་ཐག་གཅོད་ལེན་པར་སྟབས་བདེ་བཟོ་རྒྱུ་ཡིན་པ་རེད།

རྒྱ་གར་གྱི་མཐའ་མཚམས་དམག་མི་དང་གཞུང་འབྲེལ་མི་སྣར་བོད་རིག་པའི་བསླབ་གཞི་སློབ་ཁྲིད་ལག་བསྟར་གྱི་ལས་གཞི་དེ་ནི། རྒྱ་གར་དབུས་བཀོད་འདོམ་དམག་དཔུང་གི་ལས་ཁུངས་དང་། འབྲས་ལྗོངས་ཀྱི་རྣམ་རྒྱལ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་ (Namgyal Institute of Tibetology) དང་དབུས་ཧི་མ་ལ་ཡའི་རིག་གཞུང་སློབ་གཉེར་ཁང་ (Central Institute of Himalayan Culture Studies (CIHCS) བཅས་ཀྱི་བར་རྒྱུས་ལོན་གྲོས་ཆོད་ཅིག་བཞག་སྟེ་བྱུང་བ་ཞིག་ཡིན་ཞིང་། འདི་ལོའི་ཕྱི་ཟླ་ ༣ པ་ནས་ ༦ བར་རྒྱ་གར་གྱི་གཞུང་འབྲེལ་ལས་བྱེད་ ༡༥ དང་དམག་མི་ ༥ བཅས་ལ་ཟླ་གསུམ་གྱི་བོད་རིག་པའི་སློབ་ཁྲིད་ཐོག་མ་དེ་སྤྲད་ཡོད་འདུག་ལ། ཕྱི་ཟླ་ ༡༡ པའི་ནང་སླར་ཡང་སློབ་ཐུན་གསར་པ་ཞིག་མགོ་འཛུགས་བྱ་འཆར་ཡོད་པ་རེད།

རྒྱ་གར་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན། ད་ལན་ནི་རྒྱ་གར་གྱི་དམག་མི་རྣམས་ལ་བོད་ཀྱི་སྐད་ཡིག་གཙོས་ལོ་རྒྱུས་དང་རིག་གཞུང་སོགས་ཡོངས་གྲགས་ཐོག་སློབ་ཁྲིད་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་ལྟར། ཧིན་བོད་མཐའ་མཚམས་ཀྱི་རྒྱ་གར་དམག་མི་དང་གཞུང་འབྲེལ་མི་སྣ་དག་བོད་རིག་པའི་སློབ་ཁྲིད་ནང་ཞུགས་མིན་རང་ཉིད་ཀྱི་འདོད་པ་ཡིན་ཡང་། བོད་རིག་པར་སྦྱོང་བ་བྱེད་མཁན་རྣམས་ལ་གོ་གནས་དང་མ་འོངས་པར་གནས་སྤོར་བྱེད་ཕྱོགས་བཅས་ཀྱི་ཁེ་སྤོགས་ཡོད་སྐོར་བརྗོད་འདུག་ལ། ད་བར་དུ་རྒྱ་གར་རྒྱལ་ཡོངས་ཀྱི་དམག་མི་གྲངས་ ༡༥༠ ཙམ་གྱིས་བོད་རིག་པའི་བསླབ་གཞིར་སྦྱོང་བ་བྱས་ཡོད་འདུག

རྒྱ་གར་དམག་མིའི་ནང་བོད་རིག་པའི་སློབ་ཁྲིད་ལག་བསྟར་གྱི་ལས་གཞི་དེ་ཐོག་མར་ཟླ་གཅིག་དང་ཕྱེད་ཙམ་རིང་གཏན་འཁེལ་བྱས་ཡོད་ཀྱང་། རྒྱ་གར་ནང་བཀོད་འདོམ་དམག་དཔུང་ཁང་ ༦ ཡོད་པའི་ནང་གི་ཤར་རྒྱུད་བཀོད་འདོམ་དམག་དཔུང་ཁང་གིས། དབུས་བཀོད་འདོམ་དམག་དཔུང་ཁང་ལ་བོད་རིག་པའི་སློབ་ཁྲིད་ཀྱི་དུས་ཡུན་ཇེ་རིང་དུ་གཏོང་དགོས་པའི་རེ་སྐུལ་ཞུས་པ་ལྟར། ད་ལྟ་བོད་རིག་པའི་སློབ་ཁྲིད་ཀྱི་དུས་ཡུན་ཟླ་གསུམ་རིང་ཡིན་ཞིང་། རྒྱ་གར་དབུས་བཀོད་འདོམ་དམག་དཔུང་ཁང་གིས་རྒྱལ་ཡོངས་སུ་བོད་རིག་པའི་བསྟི་གནས་ཁང་ ༧ ཙམ་ཡོད་པ་ངོས་འཛིན་ཐུབ་པའི་ཁྲོད། ད་ལྟ་ཨ་རུ་ན་ཅལ་གྱི་དབུས་ཧི་མ་ལ་ཡའི་རིག་གཞུང་སློབ་གཉེར་ཁང་དང་འབྲས་ལྗོངས་ཀྱི་རྣམ་རྒྱལ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་གཉིས་སུ་བསླབ་གཞི་ལག་བསྟར་བྱེད་མུས་ཡིན་འདུག

Representative Images

དེ་འབྲེལ་ཐད་ཤར་རྒྱུད་བཀོད་འདོམ་དམག་དཔུང་གི་སྡེ་ཁག་བཞི་( 4 Corps ) པའི་དམག་མི་རྒན་གྲས་ཤིག་གིས། ཟབ་ཁྲིད་དེས་དམག་མི་ཚོར་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལོ་རྒྱུས་དང་ཆབ་སྲིད་སོགས་ཀྱི་གནས་སྟངས་ཐད་ལ་བློ་སྐྱེད་ཆེན་པོ་ཐོབ་ཀྱི་ཡོད་པ་མ་ཟད། ཧིན་བོད་ས་མཚམས་སུ་དམག་མི་འགྲེམས་འཇོག་སོགས་བྱེད་སྐབས། ཁོང་ཚོར་དམིགས་བསལ་གྱི་བློ་སྤོབས་དང་ནུས་སྟོབས་འཕར་མ་ཞིག་སྤྲད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག གཞུང་འབྲེལ་མི་སྣ་གཞན་ཞིག་གིས། ཁོང་ཚོ་བོད་མི་གཞིས་ཆགས་དང་རྒྱ་གར་ནང་གནས་སྡོད་བོད་མི་དང་འབྲེལ་ལམ་ཡག་པོ་ཡོད་ལ། བསླབ་གཞི་དེས་བོད་མིར་སྔར་ལས་ལྷག་པའི་མཐུན་ལམ་དང་བོད་ཀྱི་རིག་གཞུང་སོགས་ཀྱི་ཐད་ལ་གོ་རྟོགས་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༡ ཙམ་ནས་ལ་དྭགས་དང་འབྲས་ལྗོངས་སུ་འཁེལ་བའི་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་འབྱུང་བཞིན་པའི་གནས་སྟངས་དང་། རྒྱ་ནག་གི་དྲིལ་བསྒྲགས་དང་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཆེད་རྒྱ་གར་གྱི་དམག་མི་ཚོས་བོད་ཀྱི་ལོ་རྒྱུས་དང་། རིག་གནས། སྐད་ཡིག་བཅས་སྦྱོང་རྒྱུའི་ལས་གཞི་དེ་ཐོག་མར་མགོ་འཛུགས་བྱས་པ་ཞིག་ཡིན་པ་རེད་འདུག

རྒྱ་གར་གྱི་དམག་མིར་བོད་རིག་པའི་སློབ་ཁྲིད་ལག་བསྟར་བྱེད་བཞིན་པའི་ཐད། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཟེར་བའི་སྟེང་དཔྱད་ཞིབ་བཅར་འདྲི་ཞིག་བྱས་པའི་ནང་། རྒྱ་གར་གྱིས་དམག་མི་དང་གསང་བའི་མི་སྣ་དག་ལ་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག་རིག་གཞུང་དང་བཅས་པ་སློབ་ཁྲིད་ཀྱིས། རྒྱ་གར་གྱི་འཇམ་པོའི་སྟོབས་ཤུགས་རྒྱ་སྐྱེད་དང་དམག་དོན་གྱི་གསང་བའི་ལས་གཞི་གོང་མཐོར་གཏོང་འདོད་ཡོད་པ་མ་ཟད། རྒྱ་གར་ལ་ས་མཚམས་རྩོད་རྙོག་གི་དཀའ་ངལ་སེལ་འདོད་མེད་པ་དང་ཕུགས་རྒྱང་རིང་པོར་ས་མཚམས་ཁུལ་དུ་གནས་སྡོད་བྱེད་རྩིས་ཡོད་པའི་སྐྱོན་བརྗོད་བྱས་འདུག

བཅར་འདྲི་དེའི་ནང་ཚེ་ཧྥ་གཙུག་ལག་སློབ་ཆེན་གྱི་རྒྱལ་ཁབ་ཀྱི་སྲིད་ཇུས་ལྟེ་གནས་ཁང་གི་འགན་འཛིན་ཆིན་ཧྥན་ (Qian Feng) ཟེར་བས། རྒྱ་གར་གྱི་དམག་མི་རྣམས་ལ་བོད་རིག་པའི་སློབ་ཁྲིད་བྱེད་ཀྱི་ཡོད་པར་ཧ་ལས་དོན་ཅི་ཡང་མེད། དེས་རྒྱ་གར་གྱི་དམག་མི་རྣམས་ས་མཚམས་ཁུལ་དུ་གཏན་སྡོད་བྱེད་རྩིས་ཡོད་པའི་ཕུགས་བསམ་བཟུང་ཡོད་པ་བསྟན་པ་མ་ཟད། དུས་རྒྱུན་དུ་རྒྱ་ནག་ལའང་དོགས་ཟོན་བྱེད་ཀྱི་ཡོད་པའི་རྐུབ་བརྡོལ་ཡོད་སྐོར་དང་། རྒྱ་ནག་གིས་མཐོ་སྒང་གི་རྒྱལ་ཁོངས་དང་མཐའ་མཚམས་སྲུང་སྐྱོབ་བྱ་རྒྱུ་ཡིན་པའི་ལངས་ཕྱོགས་བརྟན་པོ་བཟོས་ཡོད། གལ་སྲིད་ད་ཐེངས་རྒྱ་གར་གྱིས་བསླབ་བྱ་ལེན་མ་ཐུབ་པའམ་ཡང་ན་མུ་མཐུད་དྲག་རྩུབ་སྤེལ་རྩིས་ཡིན་ཚེ། རྒྱ་ནག་གི་མཇུག་མ་རྫོགས་པར་དུ་འཐབ་རྩོད་བྱ་རྒྱུ་ཡིན། ཞེས་རྒྱ་གར་ལ་ཉེན་བརྡ་བཏང་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese