མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ནས་ཀ་རྡོར་སྒང་གསུམ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་མངའ་སྡེ་ནུབ་བྷེང་གྷལ་གྱི་བྷག་ཌོ་ར་གནམ་ཐང་དུ་བདེ་འབྱོར་བྱུང་སྟེ་ཉིན་གྲངས་ ༩ ཙམ་རིང་ཀ་རྡོར་སྒང་གསུམ་གྱིས་མཚོན་པའི་རྒྱ་གར་ཤར་ཕྱོགས་ཁུལ་དུ་གནས་སྡོད་བོད་མིའི་གནས་སྟངས་ལ་གཟིགས་ཞིབ་གནང་བཞིན་ཡོད་འདུག

Sikyong being welcomed on arrival at Bagdogra airport near Siliguri on the first leg of his visit to Darjeeling, Kalimpong, and Sikkim on 19 October 2021.

ཁ་སང་བྷག་ཌོ་ར་གནམ་ཐང་དུ་ཀ་ལིམ་པོང་དང་། སོ་ན་ཌ། རྡོ་རྗེ་གླིང། ས་ལུ་གྷུ་རུ་བཅས་ནང་འདུས་སྡོད་ས་གནས་བོད་མི་རྣམས་ཀྱིས་སྲིད་སྐྱོང་མཆོག་ལ་ཕེབས་བསུ་ཞུས་པ་དང་འབྲེལ། སྲིད་སྐྱོང་མཆོག་ནས་འཚམས་གཟིགས་ཀྱི་ཉིན་དང་པོར་སོ་ན་ཌ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་དང་ཁར་ཤངས་(Kurseong)ཁུལ་གྱི་བོད་མི་རྣམས་ལ་ཐུག་འཕྲད་གནང་། ཕྱི་དྲོར་ཨོ་རྒྱན་ཀུན་བཟང་ཆོས་འཁོར་གླིང་དང་། ཕུན་ཚོགས་པདྨ་ཆོས་འཁོར་གླིང་། རྡོ་རྗེ་གླིང་འཛི་སྒར་ཐུབ་བསྟན་བཤད་སྒྲུབ་གླིང་བཅས་སུ་མཆོད་མཇལ་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་བའི་གནས་ཚུལ་ལྟར་ན། སྲིད་སྐྱོང་མཆོག་གིས་སོ་ན་ཌ་དང་ཁར་ཤངས་ཁུལ་གྱི་མི་མང་རྣམས་ལ། བོད་མིའི་སྒྲིག་འཛུགས་ཀྱི་བསྒྲུབ་བྱ་གཉིས་ཏེ། གཉིས་ཕན་དབུ་མའི་ལམ་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་བཙན་བྱོལ་བོད་མིའི་བདེ་སྡུག་ལ་ལྟ་རྟོག་བྱེད་ཐབས་སྐོར་དང་། བོད་མི་གཞོན་སྐྱེས་རྣམས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་རྟོགས་པའི་ཆེད་དུ་ཁོང་གི་བཀའ་སློབ་ལ་སློབ་སྦྱོང་བྱེད་དགོས་པ། དེ་བཞིན་ད་ལྟ་རྒྱ་གར་ནང་བོད་དོན་ཐད་རྒྱབ་སྐྱོར་སྔར་ལྷག་ཡོང་གཞི་དེ་རྒྱ་དཀར་ནག་དབར་འཕགས་བོད་ས་མཚམས་ཐད་དཀའ་རྙོག་བྱུང་བ་དེས་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ས་ཁྱོན་དུ་བོད་མི་རིགས་ཀྱི་སྐད་ཡིག་དང་ངོ་བོ་རྩ་བརླག་གཏོང་ཆེད་བོད་ཕྲུག་རྣམས་ལ་རྒྱའི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པའི་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་འདུག་ལ། གཞན་ཡང་རྒྱ་གར་ནང་ཡོད་པའི་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་སློབ་མ་འཛུལ་ཞུགས་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་དང་འབྲེལ། བོད་སློབ་ཁག་རྒྱ་གར་གཞུང་གིས་བོད་མིར་གཡར་པོ་གནང་བ་ཞིག་ཡིན་སྟབས། ཅི་སྟེ་བོད་མིར་དགོས་གལ་མ་བྱུང་ཚེ་རྒྱ་གར་གཞུང་ལ་ཕྱིར་སློག་བྱ་དགོས་སྐོར་སོགས་གསུངས་ཡོད་འདུག

Sikyong with members of the Tibetan community of Kurseong, 19 October 2021.

སྤྱིར་སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་རྟ་དབང་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་གཏན་འཁེལ་ཡོད་ནའང་། རྒྱ་དཀར་ནག་གི་དབར་གྱི་འབྲེལ་ལམ་ཅུང་ཛ་དྲག་ཏུ་གྱུར་བའི་རྐྱེན་གྱིས་གཟིགས་སྐོར་ཕྱིར་འཐེན་གནང་དགོས་བྱུང་ཡོད་པ་རེད། དེ་ཡང་ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྨན་རྩིས་ཁང་དབུ་བརྙེས་པའི་མཛད་སྒོའི་སྟེང་། ཐོག་མའི་འཆར་གཞི་ལྟར་ན་དེ་རིང་ང་རྒྱ་གར་གྱི་གུ་ཝཱ་ཧཱ་ཊིར་འབྱོར་དགོས་པ་རེད། རྒྱ་གར་བྱང་ཤར་ཁུལ་ལ་བཅར་རྒྱུ་བང་བསྒྲིགས་པ་ཡིན། འོན་ཀྱང་འདས་པའི་ཉིན་ཤས་རིང་རྟ་དབང་ཁུལ་ལ་རྒྱ་དཀར་ནག་གཉིས་དབར་འཕགས་བོད་ས་མཚམས་དང་འབྲེལ་བའི་གནས་ཚུལ་ཅུང་ཙམ་རྣོ་ངར་ཆགས་པར་བརྟེན་རྒྱ་གར་གཞུང་ལ་ཐུགས་སུན་བཟོ་མི་དགོས་པའི་ཆེད་དུ་ཨ་རུ་ན་ཅལ་ལ་བཅར་མི་དགོས་པའི་ཐག་གཅོད་བྱས་པ་ཡིན། དེའི་ཚབ་ཏུ་ཀ་རྡོར་སྒང་གསུམ་ལ་བཅར་རྒྱུ་ཐག་གཅོད་བྱས་པ་ཡིན། ཞེས་གསུངས་ཡོད་པ་རེད།

Sikyong offering prayers at Zigar Thupten Shedrupling monastery, 19 October 2021.

ཤེས་རྟོགས་བྱུང་བ་ལྟར་ན། ད་ལན་སྲིད་སྐྱོང་མཆོག་ཀ་རྡོར་སྒང་གསུམ་གྱི་བོད་མི་གནས་སྡོད་བྱས་ཡོད་པའི་ས་ཁུལ་ཆེ་ཆུང་ཚང་མའི་ནང་གཟིགས་ཞིབ་ཏུ་ཕེབས་འཆར་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༦ ཡས་མས་སུ་ཕྱིར་དྷ་རམ་ས་ལར་ཕེབས་འབྱོར་གནང་རྒྱུ་དང་། དེ་ནས་ཡུ་རོབ་ཁུལ་དུ་ཕེབས་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

༢༠༢༦/༠༦/༡༢
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese