མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྤྱི་ཚོགས་ནང་ཏོག་དབྱིབས་ནད་པ་ཇེ་ཉུང་དུ་འགྲོ་ཡི་འདུག་ཀྱང་ད་དུང་གཟབ་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་འདས་པའི་བདུན་ཕྲག་ནང་བོད་མི་ཏོག་དབྱིབས་ནད་པ་ ༣༦ བྱུང་བ་བཅས་ད་ལྟ་ཏོག་དབྱིབས་ཀྱིས་ན་བཞིན་པ་བོད་མི་ ༥༧ ཡོད་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༤ ཙམ་གྱི་སྟེང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༨༢ སྤེལ་བའི་ནང་། ཐོག་མར་སྨན་པ་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་གྱི་ས་གནས་གྲངས་ ༡༡  དང་བལ་ཡུལ་གྱི་ས་གནས་གྲངས་ ༡ གི་ནང་རང་ཁྱིམ་ལ་ཟུར་བཀག་ཏུ་སྡོད་མཁན་བོད་མི་ ༩༨ དང་ཚོགས་སྡེའི་ཟུར་བཀག་ཁང་དུ་མི་ ༡༥༡ བཅས་ཁྱོན་བསྡོམས་ཟུར་བཀག་ལ་མི་གྲངས་ ༢༤༩ ཡོད་པ་དང་། བདུན་ཕྲག་འདིའི་ནང་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ཐོག་ནས་ཏོག་དབྱིབས་གཉན་རིམས་ཕོག་པའི་མི་གྲངས་ ༡༠ ལ་ཁ་པར་བརྒྱུད་འབྲེལ་བ་བྱས་ཏེ་ལམ་སྟོན་གནང་ཡོད་ལ། དབུས་དང་ས་གནས་ཛ་དྲག་ཚོགས་ཆུང་ངོས་ནས་ཚོགས་འདུ་འཚོག་འཆར་ཡོད་སྐོར་དང་། ས་གནས་ཁག་ཁ་ཤས་ཤིག་ལ་ནད་གཞི་གསར་པ་ཕོག་པའི་གྲངས་ཚད་མཐོ་རུ་འགྲོ་ཡི་ཡོད་པས་ས་གནས་སུ་ནད་ཡམས་ཁྱབ་གདལ་བཀག་འགོག་གི་ཆེད་དུ་བྱེད་སྒོ་ལམ་སྟོན་མུ་མཐུད་ནས་སྤེལ་བཞིན་ཡོད་སྐོར་དང་། འདས་པའི་བདུན་ཕྲག་ནང་རྒྱ་གར་དང་བལ་ཡུལ་ནང་ཏོག་དབྱིབས་ནད་གཞི་གསར་དུ་ཕོག་མཁན་བོད་མི་ ༣༦ བྱུང་བའི་ཁྲོད་ནས་སྐྱེས་པ་ ༡ འདས་གྲོངས་སུ་ཕྱིན་ཡོད་སྐོར་བརྗོད་སོང་།

སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་ ༡༩ ནད་གཞིའི་ཕོག་པའི་གྲངས་འབོར་དེ་ཉུང་དུ་འགྲོ་ཡི་ཡོད་པ་ལྟར། རྒྱ་གར་ནང་དུ་ནད་པའི་གྲངས་འབོར་ཉུང་དུ་འགྲོ་དང་འགྲོ་བཞིན་པ་རེད་འདུག  འདས་པའི་ཆུ་ཚོད་ ༢༤ ནང་ནད་གཞི་གསར་པ་ཕོག་མཁན་གྱི་མི་གྲངས་ ༡༨༤༥༤ རེད་འདུག དེ་བཞིན་འདས་པའི་བདུན་ཕྲག་གཅིག་གི་ནང་ཆ་སྙོམས་ཀྱི་ནད་པའི་གྲངས་འབོར་ ༡༥༣༢༢ ཆགས་ཀྱི་འདུག  འདིའི་ནང་ནས་ན་ཚ་ན་མཁན་མང་ཆེ་བ་ནི་རྒྱ་གར་གྱི་མངའ་སྡེ་ཀེ་ར་ལ་ (Kerala) ནས་རེད་འདུག  འཛམ་གླིང་ནང་ཏོག་དབྱིབས་ནད་གཞིའི་གྲངས་འབོར་ཉུང་དུ་འགྲོ་བ་དང་བཟང་དུ་ཕྱིན་པའི་རྒྱུ་མཚན་གཙོ་བོ་ནི་རྒྱལ་ཁབ་ཡོངས་ཀྱིས་སྔོན་འགོག་སྨན་ཁབ་མང་པོ་བརྒྱབ་ཐུབ་པ་དང་སོ་སོའི་ངོས་ནས་སྔོན་འགོག་ཐབས་ལམ་དེ་དག་ལག་ལེན་བསྟར་བར་བརྟེན་ནས་ཆགས་པ་ཞིག་ལ་ངོས་འཛིན་བྱེད་ཆོག་གི་ཡོད་རེད་བསམ་གྱི་འདུག  དཔེར་ན་རྒྱ་གར་ནང་ཆ་བཞག་ན།  སྔོན་འགོག་སྨན་ཁབ་བརྒྱབ་པ་ནས་བཟུང་ད་ལྟ་བར་དུ་སྔོན་འགོག་སྨན་ཁབ་ཐེར་འབུམ་གཅིག་བརྒྱབ་ཐུབ་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་སྨན་པ་རྣམ་གྲོལ་ལགས་ཀྱིས། སྤྱིར་བཏང་ཁྱོན་ཡོངས་ནས་ཡར་རྒྱས་འགྲོ་ཡི་ཡོད་རེད་དེ་ས་གནས་ཁ་ཤས་ལ་ན་ཚ་ན་མཁན་མང་པོ་ཡོད་རེད། དེར་བརྟེན་ཚང་མས་ལྷོད་གཡེང་མི་གཏོང་བའི་ཐོག་ནས་སྔར་བཞིན་སྔོན་འགོག་གི་བྱེད་སྒོ་དེ་དག་ལག་ལེན་བསྟར་རོགས་གནང་ཞུ་རྒྱུ་ཡིན། ད་དུང་རྒྱ་གར་ནང་དུས་ཆེན་མང་པོ་ཞིག་འཁེལ་གྱི་ཡོད་པས་སྐབས་དེ་དུས་དམིགས་བསལ་གྱིས་དོ་སྣང་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་སྔོན་འགོག་གི་ཐབས་ལམ་ཁག་ལག་བསྟར་མུ་མཐུད་བྱ་རྒྱུ་གལ་ཆེན་པོ་རེད་འདུག  ད་དུང་སྔོན་འགོག་སྨན་ཁབ་ད་ལྟའང་བསྐྱོན་མེད་ན་བསྐྱོན་རོགས་གནང་ཞུ་ཡི་ཡིན། རྒྱ་གར་ནང་སློབ་གྲྭ་ཁག་རིམ་པས་སྒོ་འབྱེད་ཀྱི་ཡོད་པ་ལྟར་བོད་པའི་སློབ་གྲྭ་ཁག་ཀྱང་རིམ་པས་སྒོ་ཕྱེས་ཀྱི་ཡོད་པ་རེད། ཚང་མས་མཁྱེན་གསལ་ལྟར་སློབ་གྲྭའི་ཁོར་ཡུག་ནང་མི་མང་པོ་འཛོམས་པའི་རྐྱེན་གྱིས་ན་ཚ་ཁྱབ་གདལ་ཆེན་པོ་ཕྱིན་གྱི་ཡོད་པ་རེད། དེར་བརྟེན་སློབ་གྲྭའི་ཁོར་ཡུག་ནང་བཞུགས་མཁན་ཚོས་དམིགས་བསལ་གྱིས་སྔོན་འགོག་གི་ཐབས་ལམ་ལག་བསྟར་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་སོང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་བར་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་  ༤༡༠༨༡ དང་། དང་པོ་བརྒྱབ་ཟིན་པའི་མི་གྲངས་ ༡༠༣༩༧ ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པ་མི་ ༦༦༩༧ ཡོད་འདུག དེ་བཞིན་ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་ ༦༧༠༤ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༦༤༩༤ དང་། འདས་གྲོངས་སུ་ཕྱིན་པ་ ༡༥༣། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པ་བོད་མི་ ༥༧ ཡོད་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ (WHO) དྲ་རྒྱའི་ནང་དུ་གནས་ཚུལ་སྤེལ་བ་ལྟར་ན། ད་བར་འཛམ་གླིང་སྤྱི་ཡོངས་ཀྱི་ཏོག་དབྱིབས་ནད་གཞི་ཕོག་པའི་མི་གྲངས་འབུམ་ ༢༤༡ ལྷག་དང་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ས་ཡ་ ༤ ལྷག་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese