མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཚོད་འཛིན་གྱི་སྒྲིག་ལམ་གཏན་འབེབ་དགོས།

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་དང་བོད་ཀྱི་ཆུ་མོ་ལ་བརྟེན་ཞིང་འཚོ་བའི་མི་དང་ཚོགས་སྡེ་རྒྱལ་ཁབ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ལ་ཚོད་འཛིན་དོ་དམ་བྱེད་མཁན་གྱི་རྩ་འཛུགས་སམ་ཡང་ན་སྒྲིག་ལམ་ཞིག་ཕྱི་གསལ་ནང་གསལ་གྱིས་གཏན་འབེབ་གནང་གལ་ཆེ་བའི་འབོད་སྐུལ་ལས་འགུལ་སྤེལ་བཞིན་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ལྷན་ཚོགས་འཚོག་ལ་ཉེ་བ་དང་བསྟུན། དེ་རིང་འཛམ་གླིང་ཁྱོན་ཡོངས་སུ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ ༧ ཐུན་མོང་ནས་མེག་གྷན་ཁྲོམ་གཞུང་དུ་བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་དཀའ་རྙོག་སྐོར་དྲིལ་བསྒྲགས་དང་འབྲེལ། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ པའི་བར་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་གྱིན་ཡོད་འདུག

གནམ་གཤིས་ལས་འགུལ་གོ་སྒྲིག་བྱེད་མཁན་གྲས་སུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་འདི་གའི་གསར་འགོད་པར།  དེ་རིང་འཛམ་གླིང་ཡོངས་ནང་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ལས་འགུལ་སྤེལ་གྱི་ཡོད་པར་བརྟེན། ང་ཚོ་བོད་པ་ཡིན་ནའང་རྒྱལ་སྤྱིར་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་འཕྲད་བཞིན་པའི་ནང་མཉམ་ཞུགས་བྱས་པ་རེད། དེ་ལྟར་བྱས་དོན་གཙོ་བོ་ནི། སྤྱིར་འཛམ་གླིང་ཡོངས་ལ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་འཕྲད་ཀྱི་ཡོད་རེད་དེ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དང་འབྲེལ་བའི་གནམ་གཤིས་གནད་དོན་ཐོག་སྐད་ཆ་བཤད་མཁན་ཧ་ཅང་དཀོན་པོ་ཡིན་པར་བརྟེན། ང་ཚོ་བོད་པ་རང་གིས་སོ་སོའི་གནད་དོན་རྒྱལ་སྤྱིའི་ཐོག་འཁྱེར་ཐུབ་རྒྱུར་དམིགས་པ་ཞིག་རེད། ཅེས་དང་། ཕྱོགས་གཅིག་ནས་ཟླ་འདིའི་ཕྱི་ཚེས་ ༣༡ ནས་ཕྱི་ཟླ་ ༡༡ ཡི་ཚེས་ ༡༢ བར་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུ་འཚོག་གི་ཡོད་སྟབས། ཚོགས་འདུ་དེའི་ནང་བོད་ནང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་རྣམས་འཁྱེར་ཐུབ་པ་བྱ་རྒྱུ་དང་། རྒྱལ་སྤྱིའི་གནམ་གཤིས་ཚོགས་འདུའི་ནང་བོད་པ་མཉམ་ཞུགས་བྱ་ཐུབ་པ་དང་། བོད་ནང་ལ་མཚོན་ནའང་རྒྱ་ནག་གཞུང་གི་ཁོར་ཡུག་དང་འཛུགས་སྐྲུན་གྱི་སྲིད་ཇུས་ཁག་ནང་བོད་མིའི་མངོན་འདོད་མཚོན་ཐུབ་པ་ཞིག་ཡོང་རྒྱུའི་དགོས་འདུན་འདོན་བཞིན་ཡོད་སྐོར་སོགས་བརྗོད་བྱུང་།

བཞུགས་སྒར་དྷ་སའི་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཁོར་ཡུག་སྡེ་ཚན་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཀྱིས་སྤེལ་བའི་མཉམ་འབྲེལ་བསྒྲགས་གཏམ་ནང་། འཚོག་ལ་ཉེ་བའི་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ངོས་ནས་བོད་མཐོ་སྒང་དེ་ཉིད་འཛམ་གླིང་གི་ཁོར་ཡུག་གལ་གནད་ཅིག་ལ་ངོས་འཛིན་བྱ་དགོས་པ་མ་ཟད། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་བགྲོ་གླེང་གང་འདྲ་ཞིག་ཡིན་རུང་བོད་མཐོ་སྒང་དེ་གཙོ་གནད་དུ་འཛིན་དགོས་སྐོར་དང་། བོད་མི་དང་། ལྷག་པར་དུ་བོད་ཀྱི་འབྲོག་པ་རྣམས་ལ་རང་གི་འཚོ་གནས་དང་འཚོ་ཐབས་དེ་རྩྭ་ཐང་སྟེང་དུ་བསྐྱལ་རྒྱུའི་རང་དབང་དང་། རང་གི་རིག་གནས་དང་འཚོ་ཐབས་ཀྱི་རྒྱབ་ལྗོངས་སྟེང་ནས་གནམ་གཤིམ་འགྱུར་ལྡོག་ལ་བསྟུན་འགྱུར་བྱ་རྒྱུའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོད་པ་དང་། བོད་དང་བོད་ཀྱི་ཆུ་མོ་ལ་བརྟེན་ཞིང་འཚོ་བའི་མི་དང་ཚོགས་སྡེ་རྒྱལ་ཁབ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ལ་ཚོད་འཛིན་དོ་དམ་བྱེད་མཁན་གྱི་རྩ་འཛུགས་སམ་ཡང་ན་སྒྲིག་ལམ་ཞིག་གཏན་འབེབ་བྱ་དགོས་ཤིང་། རྩ་འཛུགས་དེ་ཡང་ཕྱི་གསལ་ནང་གསལ་དང་། འབྲེལ་ཡོད་ཚང་མ་ཚུད་ཐུབ་པ། ཕུགས་རྒྱང་རིང་པོར་གནས་ཐུབ་པ་ཞིག་དགོས་གལ་ཆེ་སྐོར་བཅས་འཁོད་འདུག

ཟླ་འདིའི་ཕྱི་ཚེས་ ༣༡ ནས་ཟླ་རྗེས་མའི་ཕྱི་ཚེས་ ༡༢ བར་དབྱིན་ཇིའི་མངའ་ཁོངས་སི་ཁོ་ཊི་ལན་ཌིའི་གྲོང་ཁྱེར་གྷ་ལ་སི་ཁོ་རུ་འཚོག་གཏན་འཁེལ་བའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་དེ་བཞིན་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༢༠༡༥ ལོའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐེངས་ ༢༡ པའི་སྟེང་། ཚོགས་ཞུགས་རྒྱལ་ཁབ་རྣམས་ཀྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་གདོང་ལེན་ཆེད་དུ་གོ་ལའི་སྤྱི་སྙོམས་ཚ་ཚད་བྱུང་ན་ ༡།༥ ལས་མི་བརྒལ་རྒྱུ་དང་། དེ་ལྟར་མ་བྱུང་ནའང་ཚ་ཚད་ ༢ འོག་ལ་འཇོག་རྒྱུའི་རྒྱལ་སྤྱིའི་རང་བཞིན་གྱི་པེ་རི་སི་གནམ་གཤིས་སྤྱི་ཆིངས་ (Paris Agreement) དེ་ཉིད་བཞག་ཡོད་ཅིང་། ད་ལན་གྱི་ཚོགས་ཆེན་སྟེང་རྒྱལ་ཁབ་རྣམས་ཀྱིས་སོ་སོའི་གནས་སྟངས་ལ་དཔག་སྟེ་འཛམ་གླིང་གི་ཚ་དྲོད་གཅོག་ཐབས་ཀྱི་སྲིད་ཇུས་ཅི་ཞིག་སྤེལ་འཆར་ཡོད་མེད་བཤད་དགོས་ཀྱི་ཡོད་ཅིང་། སྲིད་ཇུས་དེ་དག་གིས་ང་ཚོའི་ཉིན་རེའི་འཚོ་བར་འགྱུར་བ་ཆེན་པོ་ཐེབས་སྲིད་པ་ཞིག་ཡིན་སྐོར་རྗོད་ཀྱིན་འདུག་ལ། རྒྱལ་སྤྱིའི་སྟེང་གི་ཁོར་ཡུག་ལས་འགུལ་བ་དང་ཚོགས་སྡེ་ཁག་གིས་ཚོགས་ཆེན་དེར་ངང་སྒུག་བྱེད་ཀྱིན་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༧ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༧ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese