མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་དུ་ཏོག་དབྱིབས་ནད་པ་ཐོན་རྐྱེན་འགྲོ་འོང་བཀག་སྡོམ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༢༥ ཉིན་ནས་བཟུང་གནས་སྐབས་རིང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཕྱིར་སྐྱོད་གཞུང་ལམ་ཁག་ཅིག་བཀག་སྡོམ་བྱས་ཏེ་གསར་དུ་ཐོན་པའི་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག་དང་ཏོག་དབྱིབས་ནད་རྟགས་ཐོན་པའི་ཡུལ་སྐོར་བ་ཚོར་འབྲེལ་འདྲིས་བྱུང་བ་རྣམས་ལ་བརྟག་དཔྱད་བྱེད་བཞིན་ཡོད་འདུག

དེ་རིང་རྒྱ་ནག་གཞུང་ཕྱོགས་ནས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་ནང་ཏོག་དབྱིབས་པ་གསར་པ་ ༣༩ ལྷག་ཐོན་ཏེ་བསྐྱར་དུ་སྔོན་འགོག་ཤུགས་སྣོན་དང་འགྲོ་སྐྱོད་བཀག་སྡོམ་བྱེད་བཞིན་ཡོད་པ་ལྟར། ཟླ་འདིའི་ཚེས་ ༢༡ ཉིན་རྒྱ་ནག་གིས་དབྱེ་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཁུལ་ནས་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པ་གཅིག་ཐོན་ཡོད་པར་བརྟེན། རིམས་ནད་ཅན་ལ་འབྲེལ་འདྲིས་བྱུང་ཡོད་མེད་རྩད་གཅོད་དང་སྔོན་འགོག་བྱ་བར་བསྐྱར་དུ་ཤུགས་སྣོན་བྱེད་བཞིན་ཡོད་འདུག

དེ་ཡང་མཚོ་སྔོན་བརྙན་འཕྲིན་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༢༥ ཉིན་ནས་བཟུང་ཟི་ལིང་མཁར་གྱི་གཞུང་ལམ་གཙོ་བོ་དང་རྫོང་ཁོངས་གཏོགས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ནས་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱེད་རྒྱུ་དང་། གཞུང་ལས་རླངས་འཁོར་དང་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ལས་གཞན་གླ་གཏོང་རླངས་འཁོར་དང་ཐག་རིང་འགྲུལ་སྐྱེལ་རླངས་འཁོར། སྤྱི་སྐྱོད་རླངས་འཁོར། ཡུལ་སྐོར་བའི་སྐྱེལ་འདྲེན་རླངས་འཁོར་སོགས་གནས་སྐབས་སུ་གཏོང་མཚམས་འཇོག་རྒྱུ་ཡིན་ལ། རྫོང་མཁར་ནང་ལོག་གི་མི་སྒེར་གྱི་རླངས་འཁོར་དང་སྦག་སྦག་སོགས་དོན་དག་ཆེན་པོ་མེད་ན་འགྲོ་འོང་མ་བྱས་ན་ལེགས་པའི་ལམ་སྟོན་བྱས་འདུག་ལ། དེ་བཞིན་དེ་རིང་ཕྱི་ཚེས་ ༢༥ ཉིན་ནས་བཟུང་ཟི་ལིང་ནས་ན་གོར་མོ་དང་། ལྷ་ས། ཧྲང་ཧེ། ཁྲིན་ཏུའུ། ཁྲུང་ཆིན་སོགས་སུ་འགྲོ་མཁན་འགྲུལ་སྐྱེལ་མེ་འཁོར་ཁག་ཅིག་གནས་སྐབས་རིང་སྐྱོད་མཚམས་འཇོག་གི་ཡོད་འདུག

མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཚིགས་དང་། གནས་མཇལ་ཁུལ་མང་པོ་ཞིག་ཀྱང་གནས་སྐབས་རིང་བཀག་སྡོམ་བྱེད་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་སྐུ་འབུམ་བྱམས་པ་གླིང་གིས་ནད་ཡམས་སྔོན་འགོག་སླད། ཡུལ་སྐོར་སྤྲོ་འཆམ་པ་དང་། དད་ལྡན་མང་ཚོགས་རྣམས་ལ་གནས་སྐབས་རིང་མཆོད་མཇལ་སོགས་མཚམས་འཇོག་གནང་ཡོད་པའི་གསལ་བརྡ་བཏང་གནང་འདུག

དེ་བཞིན་རྒྱ་ནག་གཞུང་གིས་དབྱེ་བགོས་བྱས་པའི་ཀན་སུའུ་ཞིང་ཆེན་ཐེ་བོ་རྗོང་གིས་གནས་ཚུལ་སྤེལ་བ་ལྟར། ཡུན་ནན་ནས་ཡོང་བའི་ཡུལ་སྐོར་བ་སྤྲོ་འཆམ་པ་ ༢༠ ཙམ་ལན་ཀྲུའུ་གྲོང་ཁྱེར་དུ་ཡོང་སྟེ་ཕྱིས་སུ་བརྟག་དཔྱད་བྱེད་སྐབས། དེའི་ཁྲོད་ཀྱི་མི་དྲུག་ཙམ་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་མ་ཟད། མི་ ༤ ཙམ་མཛོད་དགེ་རྫོང་ཁོངས་སུ་ཕྱིན་ཡོད་འདུག དེའི་སྐོར་ལ་འདི་གའི་གསར་འགོད་པར་མཛོད་དགེ་སྟག་ཚང་ལྷ་མོ་ནས་ཡིན་པའི་བོད་མི་ཞིག་གིས། ནད་པ་དེ་ཚོ་ཐོན་རྗེས་སྟག་ཚང་ལྷ་མོ་རུ་ཡོད་པའི་ཚོང་ཁང་ཟ་ཁང་སོགས་སྒོ་བརྒྱབ་ཏུ་བཅུག་ནས་བརྟག་དཔྱད་བྱས་ཡོད་ཀྱང་། བོད་མིར་རིམས་ནད་འགོས་པའི་གནས་ཚུལ་གོ་ཐོས་བྱུང་མེད་སྐོར་དང་། ས་གནས་ཀྱི་ཚོང་ཁང་ཟ་ཁང་སོགས་མུ་མཐུད་སྒོ་བརྒྱབ་ཡོད་པ་མ་ཟད། ས་གནས་བོད་མི་ཚོས་ངེས་པར་ནད་ཡམས་ལ་དོགས་གཟོན་དང་། གོང་རིམ་འབྲེལ་ཡོད་ཚན་པའི་བཀའ་བཀོད་ལྟར་སྔོན་འགོག་གི་བྱ་བར་ནན་ཏན་གྱིས་ཞུགས་དགོས་པའི་ལམ་སྟོན་བྱས་ཡོད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ཏུ་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡུལ་ལུང་གང་སར་ཁྱབ་གདལ་དུ་ཕྱིན་ཡོད་པ་ལྟར། ད་བར་འཛམ་གླིང་གི་མི་གྲངས་ས་ཡ་ ༢༤༤ (༢༤༤༥༣༡༨༦༣) ལྷག་ལ་ཏོག་དབྱིབས་ནད་ཡམས་འགོས་པའི་ཁྲོད། མི་འབུམ་ ༤༩ (༤༩༦༥༦༨༢ )ལྷག་རྐྱེན་འདས་སུ་ཕྱིན་ཡོད་དང་། ད་ལྟ་མི་གྲངས་འབུམ་ ༡༨༠ (༡༨༠༢༤༧༦༧)ལྷག་ཏོག་དབྱིབས་ཀྱིས་མནར་མུས་ཡིན་འདུག ཡིན་ནའང་། རྒྱ་ནག་གཞུང་གིས་ད་བར་དུ་རྒྱ་ནག་ནང་དང་རྒྱའི་བཙན་འོག་ཏུ་ཡོད་པའི་ས་ཁུལ་བཅས་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་པ་ ༩༦༧༩༧ ལྷག་བྱུང་ཡོད་པའི་ཁྲོད་ནས། མི་ ༤༦༣༦ ལྷག་ལས་འདས་གྲོངས་སུ་ཕྱིན་མེད་པ་དང་། ད་ལྟ་ན་བཞིན་པ་མི་ ༥༧༣ ལས་མེད་སྐོར་བརྗོད་ཀྱི་ཡོད་པ་དེར་འཛམ་གླིང་གི་གནད་དོན་དབྱེ་ཞིབ་པ་མང་པོས་དོགས་སློང་ཆེན་པོ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese