མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ཧོང་ཀོང་ནས་གནས་སྤོར་བྱ་དགོས་བྱུང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་ནང་བདེ་འཇགས་ཁྲིམས་ཟེར་བ་ལག་བསྟར་གྱིས་རང་དབང་དང་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་སོགས་སྲུང་སྐྱོབ་བྱེད་མཁན་གྱི་ཚོགས་སྡེ་ཁག་ལ་གནོད་ཤུགས་ཐེབས་ཀྱི་ཡོད་པ་ལྟར། ཧོང་ཀོང་ནང་ཡོད་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཡན་ལག་ལས་ཁུངས་གནས་སྤོར་བྱ་གཏན་འཁེལ་ཡོད་པ་རེད།

Amnesty International said its local office in Hong Kong would close this month while its regional office will close by the end of the year. (AFP)

ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ལོ་མཇུག་ཙམ་ལ་ཧོང་ཀོང་ནང་ཡོད་པའི་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་ཧོང་ཀོང་ཡན་ལག་ལས་ཁུངས་དང་དེ་འབྲེལ་གྱི་རྒྱལ་སྤྱིའི་ལས་གཞི་ཁག་མཚམས་འཇོག་བྱ་རྒྱུ་ཡིན་པ་དང་། ཚོགས་པ་དེའི་འགན་འཛིན་ལྷན་ཚོགས་ཀྱིས། ཧོང་ཀོང་ནང་གི་ཉེས་ཡངས་ཚོགས་པའི་ལས་དོན་མཚམས་བཞག་བྱེད་དོན་ནི། ཧོང་ཀོང་ནང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལག་བསྟར་བྱེད་བཞིན་པའི་གནས་སྟངས་འོག འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ནས་ལས་དོན་སྒྲུབ་རྒྱུ་མི་སྲིད་པ་ལྟ་བུ་ཆགས་ཡོད་སྐོར་བརྗོད་ཡོད་པ་རེད།

དེ་འབྲེལ་ཐད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ (Anjhula Mya Singh Bais ) ལགས་ཀྱིས། ང་ཚོས་ལས་དོན་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་འདི་ནི། སེམས་ངལ་དང་བཅས་བླངས་པ་ཞིག་ཡིན། རྒྱུ་མཚན་ནི་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྲིམས་དེའི་འོག ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ནས་རང་དབང་ལྡན་ཞིང་སྲིད་གཞུང་གི་དྲག་གནོན་མེད་པར་ལས་དོན་སྒྲུབ་རྒྱུ་ནི་མི་སྲིད་པ་ཞིག་ཆགས་བསྡད་ཡོད། ཅེས་བརྗོད་ཡོད་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཧོང་ཀོང་གི་ལས་ཁུངས་དང་རྒྱལ་སྤྱིའི་ལས་གཞི་ཡོངས་མཚམས་འཇོག་གིས། ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཚོགས་པའི་ལས་ཁུངས་གཞན་གྱི་ནང་གནས་སྤོར་བྱ་འཆར་ཡོད་པ་རེད།

ཡང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས། ཧོང་ཀོང་ནི་མིག་དཔེར་འོས་པའི་རྒྱལ་སྤྱིའི་ཚོགས་སྡེ་འདུས་སྡོད་བྱེད་ས་ཞིག་ཡིན་ཡང་། ཉེ་ལམ་ནས་ས་གནས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ཚོགས་འབྲེལ་མཐུན་ཚོགས་ཁག་ལ་སྲིད་གཞུང་གིས་དམ་དྲགས་དང་དམིགས་འབེན་དུ་འཛིན་གྱི་ཡོད་པས། བདེ་འཇགས་མེད་པའི་ཁོར་ཡུག་དེ་འདྲ་ཞིག་གི་འོག་ནས་ང་ཚོས་མུ་མཐུད་ལས་དོན་སྒྲུབ་པར་དཀའ་ངལ་ཇེ་ཆེར་ཕྱིན་ཡོད། ཅེས་བརྗོད་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་བདེ་འཇགས་ཁྲིམས་ཟེར་བ་ལག་བསྟར་གྱིས། ཧོང་ཀོང་མི་མང་གི་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ལ་བཀག་སྡོམ་ཤུགས་ཆེར་བྱེད་མུས་ཡིན་པ་མ་ཟད། ད་ལྟ་ཧོང་ཀོང་ནང་རྒྱ་ནག་གཞུང་གི་ལྟ་ཕྱོགས་དང་འགལ་བའམ་ཡང་ན་སྲིད་གཞུང་གི་སྒེར་གཅོད་རིང་ལུགས་ལ་ཞི་བས་ངོ་རྒོལ་ཙམ་བྱས་པ་ཡིན་ན་འཛིན་བཟུང་བཀག་ཉར་གྱིས་ཉེས་ཆད་གཅོད་ཀྱི་ཡོད་པ་རེད།

གཞན་ཡང་འདས་ལོ་ནས་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་གཙོའི་ཧོང་ཀོང་ནང་ཡོད་པའི་སྤྱི་དམངས་ཐོབ་ཐང་གཏུགས་བཤེར་དང་རྩོད་ལེན་དང་འབྲེལ་བའི་ཚོགས་སྡེ་ཁག་དང་མང་གཙོ་དང་རང་དབང་གི་ཆབ་སྲིད་ཚོགས་པ་ཁག་སོགས་ཧོང་ཀོང་ནང་གི་དྲང་བདེན་དང་འདྲ་མཉམ་གྱི་གཞི་རྩར་ལངས་པའི་ཚོགས་སྡེ་ཁག་མང་པོ་ཞིག་བདེ་འཇགས་ཁྲིམས་ལག་བསྟར་གྱི་གནས་སྟངས་འོག ཧོང་ཀོང་དང་ཁ་གྱེས་དགོས་བྱུང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༧ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༨ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༨ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese