མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུའུ་ཏན་རྒྱལ་ཁབ་ནང་སྲིད་འགྱུར་ཟིང་འཁྲུག་བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

སུའུ་ཏན་རྒྱལ་ཁབ་ཀྱི་དམག་ཕྱོགས་ནས་ཡུལ་དེའི་སྲིད་བློན་སོགས་མགོ་འཁྲིད་རྣམས་འཛིན་བཟུང་བྱས་ཏེ་སྲིད་དབང་བཙན་འཕྲོག་བྱས་པར་བརྟེན་རྒྱལ་ཡོངས་ཀྱི་ས་ཁུལ་གང་སར་ངོ་རྒོལ་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་འདུག

Protesters burning tires in Khartoum, Sudan, after the military detained civilian leaders on Monday.
— Getty Images

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཨ་ཧྥེ་རི་ཀའི་བྱང་ཤར་གྱི་རྒྱལ་ཁབ་སུ་དྷན་ (Sudan) གྱི་དམག་སྤྱི་ཨབ་དེལ་ཧྥ་ཊ་ཨལ་བྷུ་རན་(Abdel Fattah al-Burhan) གྱིས་སྣེ་ཁྲིད་པའི་དྲག་པོའི་དམག་གིས། ཡུལ་དེའི་སྲིད་བློན་གཙོས་པའི་སྤྱི་དམངས་མགོ་འཁྲིད་རྣམས་བཙོན་འཇུག་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་བསློགས་པར་བརྟེན། ཡུལ་དེའི་རྒྱལ་ས་ཁར་ཊོམ་ (Khartoum) གྱིས་གཙོས་ས་ཁུལ་མང་པོའི་ནང་ཉིན་གསུམ་བསྟུད་མར་དམག་ལ་ངོ་རྒོལ་གྱི་ཁྲོམ་སྐོར་ལས་འགུལ་སྤེལ་ཏེ། ཉུང་མཐར་མི་གྲངས་ ༡༠ རྐྱེན་འདས་དང་མི་གྲངས་ ༡༤༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། དྲག་དམག་རྣམས་ཁྱིམ་ཚང་རེ་རེའི་སྒོ་ཁར་སོང་སྟེ་ལས་འགུལ་གོ་སྒྲིག་པ་རྣམས་འཛིན་བཟུང་བྱེད་ཀྱིན་པའི་གནས་ཚུལ་ཐོན་ཡོད་པ་རེད། ད་ལྟའི་ཆར་ཡུལ་དེའི་སྨན་པ་དང་། ངལ་རྩོལ་བ། དངུལ་ཁང་གི་ལས་བྱེད་ལྷན་ཚོགས་བཅས་ཀྱིས་ཀྱང་དམག་གི་སྲིད་དབང་བཙན་འཕྲོག་ལ་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད་པ་རེད།

ད་ལྟའི་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་སུའུ་ཏན་གྱི་དམག་ལ་སྲིད་དབང་ཕྱིར་སློག་དགོས་པའི་གནོན་ཤུགས་སྤྲོད་མུས་ཡིན་པ་རེད། དེ་ཡང་ཕྱི་ཚེས་ ༢༥ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨེན་ཊོ་ནིའོ་གྷུ་ཊེ་རེ་སི་ (Antonio Guterres) ཡིས་སྲིད་དབང་བཙན་འཕྲོག་ལ་སྐྱོན་བརྗོད་དང་སྦྲགས། རྒྱལ་ཚོགས་ཀྱིས་སྔར་བཞིན་སུའུ་ཏན་མི་མང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་དང་། འཛིན་བཟུང་བྱས་པའི་སྲིད་བློན་ཧམ་ཌོག་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་བ་ལྟར། སྲིད་བློན་ཧམ་ཌོག་དང་ཁོ་པའི་བཟའ་ཟླ་གཉིས་ཀློད་གྲོལ་བཏང་ཟིན་ནའང་ཁོང་གཉིས་ཀྱི་འགྲོ་སྐྱོད་སོགས་ལ་བཀག་སྡོམ་བྱེད་ཀྱི་ཡོད་མེད་གསལ་ཁ་མེད་པ་རེད། གཞན་ཡང་། དབྱིན་ཇི་གཞུང་གིས་ད་ཐེངས་ཀྱི་སྲིད་དབང་བཙན་འཕྲོད་དེ་ཉིད་སུའུ་ཏན་གྱི་མི་མང་ལ་མགོ་སྐོར་བསླུ་བྲིད་བཏང་བ་ཞིག་ཡིན་སྐོར་དང་། གཞན་ཡང་ཡུ་རོབ་མཐུན་ཚོགས་ངོས་ནས་ཀྱང་སུའུ་ཏན་གྱི་ཆབ་སྲིད་ལྷིང་འཇགས་མ་བྱུང་བར་དུ་དཔལ་འབྱོར་སོགས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་མིན་སྐོར་བསྒྲགས་ཡོད་འདུག

Abdalla Hamdok is Sudan’s interim prime minister in the power-sharing deal created after long-term ruler Omar al-Bashir was toppled in 2019.

འཛམ་གླིང་དངུལ་ཁང་གིས་འདི་ལོ་ཕྱི་ཟླ་ ༣ པའི་ནང་སུའུ་ཏན་གྱི་ཞིང་ལས་དང་འགྲིམ་འགྲུལ། སྨན་བཅོས་ཚན་པ། ཤེས་ཡོན་སོགས་ཡར་རྒྱས་གཏོང་ཆེད་ཨ་སྒོར་ཐེར་འབུམ་ ༣ གྱི་རོགས་དངུལ་བྱིན་ཡོད་ཅིང་། དེ་ནི་འཛམ་གླིང་དངུལ་ཁང་གིས་སུའུ་ཏན་ལ་ལོ་ངོ་ ༣༠ རྗེས་སུ་རོགས་དངུལ་སྤྲོད་ཐེངས་ཐོག་མ་དེ་ཆགས་ཀྱི་ཡོད་ནའང་། ད་ལན་དམག་གིས་སྲིད་དབང་བཙན་འཕྲོག་བྱས་པའི་རྐྱེན་གྱིས་རོགས་དངུལ་སྦྱིན་རྒྱུ་གནས་སྐབས་མཚམས་འཇོག་བྱས་ཡོད་པ་མ་ཟད། སུའུ་ཏན་གྱི་ད་ལྟའི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་སྐོར་བརྗོད་ཡོད་པ་རེད། དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མཐུན་ཚོགས་ཀྱིས་ད་ལན་གྱི་སྲིད་དབང་བཙན་འཕྲོག་དེ་རྩ་ཁྲིམས་དང་རྒྱབ་འགལ་དུ་སོང་བར་ངོས་འཛིན་གྱིས་སུའུ་ཏན་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་ཕྱིར་ཕུད་བཏང་ཡོད་འདུག དེ་ཙམ་དུ་མ་ཟད་ཨ་རིས་སུའུ་ཏན་ལ་སྤྲོད་བཞིན་པའི་རོགས་དངུལ་ཨ་སྒོར་ས་ཡ་ ༧༠༠ དེ་བཀག་ཡོད་འདུག

འདས་པའི་བདུན་ཕྲག་འགའ་ཤས་ནང་སུའུ་ཏན་གྱི་དམག་དང་སྤྱི་དམངས་མགོ་འཁྲིད་དབར་ལ་འགལ་ཟླ་ཡོད་པའི་རྣམ་པ་ཤུགས་ཆེན་པོ་ཐོན་ཡོད་ལ། དམག་གིས་སྔ་ཕྱི་མ་གཏོགས་སྲིད་དབང་མགོ་རྟིང་སློང་རྩིས་ཡོད་པའི་ཚོད་དཔག་ཀྱང་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་དམག་གིས་བར་བརྒལ་སྲིད་གཞུང་གི་སྲིད་བློན་ཨབ་དྷ་ལ་ཧམ་ཌོག་ (Abdalla Hamdok) དང་ཁོང་གི་བཟའ་ཟླ། དེ་བཞིན་བློན་ཆེན་དང་གཞུང་གི་ལས་བྱེད་སྐོར་ཞིག་འཛིན་བཟུང་བཀག་ཉར་བྱས་ཏེ། ད་ཡོད་དམག་དང་སྤྱི་དམངས་མགོ་འཁྲིད་གཉིས་མཉམ་འབྲེལ་གྱིས་སྐྱོང་བཞིན་པའི་བར་བརྒལ་སྲིད་གཞུང་དེ་ནུས་མེད་བཟོས་པ་མ་ཟད། རྒྱལ་ཡོངས་ཛ་དྲག་ནང་ལྷུང་བ་གསལ་བསྒྲགས་བྱས་ཡོད་པ་མ་ཟད། སྲིད་དབང་མགོ་རྟིང་བསློགས་རྗེས་དམག་སྤྱི་ཨལ་བྷུ་རན་གྱིས་འདས་པའི་ལོ་ ༢ རིང་སྤྱི་དམངས་མགོ་འཁྲིད་དང་ལྷན་དུ་འཇོག་རྒྱུའི་གྲོས་ཆོད་རྣམས་དཀའ་རྙོག་ཏུ་གྱུར་ཏེ། སུའུ་ཏན་གྱི་ཞི་བདེ་དང་མཐུན་སྒྲིལ་ལ་གནོད་གཞིར་གྱུར་ཡོད་ཚུལ་བརྗོད་འདུག འོན་ཀྱང་ཕྱི་ལོ་ ༢༠༢༣ ལོའི་རྒྱལ་ཡོངས་འོས་བསྡུའི་ཐོག་འདེམས་ཐོན་བྱུང་བའི་སྲིད་གཞུང་ལ་སྲིད་དབང་རྩིས་སྤྲོད་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

Sudan top General, Abdel Fattah al-Burhan, say military seize power on Monday to prevent “civil war”.

སུའུ་ཏན་དེ་འདས་པའི་ལོ་ངོ་བཅུ་ཕྲག་ ༣ ཙམ་རིང་སྲིད་འཛིན་ཨོ་མར་ཨལ་བྷ་ཤིར་ (Omar al-Bashir) གྱི་སྒེར་གཅོད་རིང་ལུགས་ཀྱིས་བཟུང་སྟེ། ཕྱི་ལོ་ ༢༠༡༩ ལོར་དམག་གིས་སྲིད་དབང་བཙན་འཕྲོག་བྱས་ཡོད་ནའང་། མང་ཚོགས་ཀྱིས་སྤྱི་དམངས་སྲིད་གཞུང་ཤིག་འཛུགས་དགོས་པའི་ངོ་རྒོལ་ལས་འགུལ་ཤུགས་ཆེར་སྤེལ་བའི་རྐྱེན་གྱིས། དམག་དང་སྤྱི་དམངས་ཀྱི་མགོ་འཁྲིད་གཉིས་ལས་བསྡུས་པའི་བར་བརྒལ་སྲིད་གཞུང་ཆེས་མཐོའི་ལྷན་ཚོགས་ (Sovereign Council) ཞེས་པ་ཞིག་གསར་འཛུགས་ཀྱིས་ད་བར་དམག་དང་སྤྱི་དམངས་མགོ་འཁྲིད་གཉིས་ཀྱིས་དབང་ཆ་མཉམ་སྤྱོད་བྱེད་མུས་ཡིན་ཞིང་། ཕྱོགས་གཉིས་བར་གྲོས་མཐུན་བྱུང་བ་བཞིན་ཕྱི་ལོ་ ༢༠༢༣ ལོར་སུའུ་ཏན་གྱིས་རྒྱལ་ཡོངས་འོས་བསྡུ་བརྒྱུད་དམངས་གཙོའི་སྲིད་གཞུང་ཞིག་འཛུགས་གཏན་ཁེལ་ཡོད་པ་རེད།

ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཕལ་མོ་ཆེ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་རང་བཙན་ཐོབ་པ་བཞིན། སུའུ་ཏན་དེ་ཡང་ཕྱི་ལོ་ ༡༩༥༦ ལོའི་ཟླ་ ༡ ཚེས་ ༡ ཉིན་དབྱིན་ཇི་དང་ཨི་ཇིབ་གཉིས་དབར་ཆིངས་ཡིག་བཞག་སྟེ་རང་བཙན་ཐོབ་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། དེའི་རྗེས་ཕྱི་ལོ་ ༡༩༧༢ བར་ལོ་ངོ་ ༡༧ རིང་སུའུ་ཏན་གྱི་ལྷོ་བྱང་གི་དྲག་ཚོགས་དབར་ལ་སྡེ་གཟར་བྱུང་ཞིང་། དེའི་བར་སྲིད་དབང་མགོ་རྟིང་སློག་པའི་དོན་རྐྱེན་ཐེངས་འགའ་བྱུང་། ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༣༠ ཉིན་དམག་སྤྱི་ཨོ་མར་ཨལ་བྷ་ཤིར་གྱིས་སྐབས་དེའི་སྲིད་བློན་སཱ་ཌིག་ཨལ་མཱ་དྷི་ (Sadiq al-Mahdi) ཡིས་སྣེ་ཁྲིད་པའི་སྤྱི་དམངས་སྲིད་གཞུང་མགོ་རྟིང་བསློགས་ཏེ། སུའུ་ཏན་གྱི་ཆབ་སྲིད་ཚོགས་པ་ཡོངས་རྫོགས་སྒོ་རྒྱག་ཏུ་བཅུག་པ་མ་ཟད། གསར་འགོད་པ་དང་ཁ་གཏད་སྲིད་དོན་ཚོགས་པའི་ཚོགས་མི་རྣམས་གང་བྱུང་བཙོན་འཇུག་བྱས་ཏེ་ཕྱི་ལོ་ ༢༠༡༩ བར་སྒེར་གཅོད་རིང་ལུགས་ཀྱི་སྲིད་དབང་ཡུན་རིང་གནས། ཕྱི་ལོ་ ༢༠༠༥ ལོར་སུའུ་ཏན་ལྷོ་བྱང་དབར་ལ་ཞི་བདེའི་གྲོས་ཆོད་བཞག་སྟེ། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༩ ལྷོ་སུའུ་ཏན་ལ་རང་བཙན་ཐོབ་ཡོད། ད་ལྟའི་ཆར་སུའུ་ཏན་གྱི་སྒེར་གཅོད་རིང་ལུགས་པ་བྷ་ཤིར་གྱིས་ཨ་སྒོར་ས་ཡ་ ༡༣༠ ཙམ་ལྐོག་ཟ་བྱས་པའི་ནག་ཉེས་འོག་བཙོན་ཁང་དུ་ཁྲིམས་ཆད་མྱོང་མུས་ཡིན་ལ། ཁོ་པར་ད་དུང་ཕྱི་ལོ་ ༡༩༨༩ ལོར་སྲིད་དབང་མགོ་རྟིང་བསློགས་པའི་ཉེས་མིང་ཕོག་ཡོད་ལ། ཕྱི་ལོ་ ༢༠༠༩ དང་ ༢༠༡༠ ལོར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ (International Criminal Court) གིས་ཨལ་བྷ་ཤིར་གྱིས་མི་རིགས་རྩ་མེད་དང་དམག་འཁྲུག་གི་ནག་ཉེས་བསགས་པའི་ཉེས་མིང་འོག་འཛིན་བཟུང་བཀའ་རྒྱ་བཏང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese