མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡུ་རོབ་ཏུ་རྒྱལ་སྤྱིའི་ཚོགས་འདུ་གལ་ཆེན་འགའི་སྟེང་མཉམ་ཞུགས་གནང་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ཚོགས་པར་གདན་ཞུ་གནང་བ་ལྟར། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཉིས་བརྒྱ་ལྷག་གི་ལྷན་ཚོགས་སྟེང་མཉམ་ཞུགས་ཀྱིས་གསུང་བཤད་གནང་གཏན་འཁེལ་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡུ་རོབ་རྒྱལ་ཁབ་འཇར་མན་གྱི་གནམ་ཐང་བརྒྱུད་ཨི་ཊ་ལིའི་ནང་ཕེབས་འབྱོར་བྱུང་འདུག་ལ། རྒྱ་ནག་གཞུང་ལ་ཁ་གཏད་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་( Inter Parliamentary Alliance on China) གྱིས་གདན་ཞུ་གནང་བ་ལྟར། སང་ཉིན་ཕྱི་ཚེས་ ༢༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་དེའི་ཚོགས་འདུའི་ནང་མཉམ་ཞུགས་གནང་གི་ཡོད་པ་དང་། ཚོགས་འདུ་དེ་ནི་ཡུལ་དེའི་རྒྱལ་ས་རོམ་དུ་ཕྱི་ཚེས་ ༣༠ ནས་ ༣༡ བར་འཚོག་གཏན་འཁེལ་བའི་འཛམ་གླིང་སྟོབས་ལྡན་རྒྱལ་ཁབ་ ༢༠ ཡི་དབུ་འཁྲིད་ལྷན་ཚོགས་(G 20 Rome Leaders’ Summit )ཐོག རྒྱ་ནག་དམར་གཞུང་ལ་ཁ་གཏད་ཀྱི་བཞེང་ཕྱོགས་བརྟན་པོ་འཛིན་ཐུབ་པར་སྐུལ་སློང་ཆེད་སྐོང་ཚོགས་གནང་བ་ཞིག་ཡིན་འདུག

གྲོས་ཚོགས་འཐུས་མི་ ༢༠༠ ལྷག་ལས་གྲུབ་པའི་རྒྱ་ནག་གཞུང་ལ་ཁ་གཏད་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ཚོགས་འདུ་དེའི་ཐོག་རྒྱ་ནག་གཞུང་གི་མིག་ནང་གི་འཚེར་མ་ལྟ་བུར་གྱུར་བའི་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ (Jaushieh Joseph Wu) ལགས་དང་ཡུ་གུར་གྱི་ཐོབ་ཐང་རྩོད་ལེན་པ་ (Rahima Mahmut) ལགས། དེ་བཞིན་ཧོང་ཀོང་ནས་བྲོས་བྱོལ་དུ་ཕེབས་པའི་མང་གཙོའི་ལས་འགུལ་བ་ (Nathan Law) ལགས་གཙོས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་བཅས་མཉམ་ཞུགས་གནང་རྒྱུ་ཡིན་ཞིང་། ཚོགས་འདུའི་སྟེང་(G20 Summit) སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ལྷན་ཚོགས་སུ་རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་ཕྱོགས་མཁྲེགས་པོར་འཛིན་དགོས་པའི་དགོས་འདུན་ཆེར་བཏོན་གནང་རྒྱུ་འདུག

སྲིད་སྐྱོང་མཆོག་གི་སྤྱི་ཚོགས་དྲ་གནས་སུ་གནས་ཚུལ་སྤེལ་གནང་བ་ལྟར་ན། དེ་རིང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྷོ་ཊི་རོལ་རང་སྐྱོང་ཁུལ་(South Tyrol) གྱི་རྒྱལ་ས་ (Bolzano) ནང་རྟེན་གཞི་བྱས་པའི་ (Eurac Research) ཡུ་རེག་གཙུག་ལག་ཉམས་ཞིབ་ལྟེ་གནས་ཁང་གི་ཚོགས་གཙོ་དང་ངེས་སྟོན་པ། ཉམས་ཞིབ་པ་བཅས་ལ་མཇལ་འཕྲད་གནང་སྟེ། ཕྱི་ལོ་ ༡༩༩༣ ལོར་སྲིད་འཛིན་ (President Lius Durnwalder) ལགས་ཀྱིས་༧གོང་ས་མཆོག་ལྷོ་ཊི་རོལ་དུ་གདན་འདྲེན་ཞུས་པའི་སྐོར་དང་། དེ་བཞིན་བོད་དོན་དང་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་དང་སྐབས་དེར་སུད་སི་དོན་འཆི་མེད་རིག་འཛིན་ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།

སྲིད་སྐྱོང་མཆོག་གི་མཛད་འཆར་ལྟར་ན། ཕྱི་ཚེས་ ༣༠ ཉིན་ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་གནད་ཡོད་མི་སྣ་ཁག་དང་མཇལ་མོལ་གནང་རྒྱུ་ཡིན་པ་མ་ཟད། ཨི་ཊ་ལའི་གྲོང་ཁྱེར་ (Milan) དུ་གནས་བཞུགས་ས་གནས་བོད་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་ཞིང་། ཉིན་གྲངས་བཞི་རིང་གི་ཨི་ཊ་ལི་ནང་གི་མཛད་རིམ་རྣམས་གྲུབ་རྗེས། སུད་སི་རྒྱལ་ཁབ་ནང་ཕྱི་ཟླ་ ༡༡ ནང་འཚོག་འཆར་ཡོད་པའི་ཕྱི་ལོ་ ༢༠༢༡ ལོའི་ཇི་ནི་ཝ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་མཉམ་ཞུགས་བྱ་རྒྱུ་མཚོན་པའི་བོད་དོན་རྒྱབ་སྐྱོར་བ་དང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཀྱིས། བོད་དོན་སྐོར་ལ་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་རིམ་སྐྱོང་འཆར་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist