མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་ཏོག་དབྱིབས་ནད་པ་ཇེ་མང་དུ་འགྲོ་ཡི་འདུག་པས་ཡིད་གཟབ་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་བདུན་ཕྲག་གཅིག་རིང་བོད་མི་ ༣༢ ཙམ་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་དང་བོད་མི་ ༢ ཙམ་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག

ཁ་སང་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསར་བསྒྲགས་ཐེངས་ ༨༣ སྤེལ་བ་ལྟར་ན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་ ༩ དང་བལ་ཡུལ་གྱི་ས་གནས་གྲངས་ ༢   ནང་རང་ཁྱིམ་ལ་ཟུར་བཀག་ཏུ་སྡོད་མཁན་བོད་མི་ ༨༥ དང་། ཚོགས་སྡེའི་ཟུར་བཀག་ཁང་དུ་མི་གྲངས་ ༡༨༢ བཅས་ཁྱོན་བསྡོམས་ཟུར་བཀག་ཏུ་སྡོད་མཁན་མི་གྲངས་ ༢༦༧  ཡོད་པ་དང་། རྒྱ་གར་དང་བལ་ཡུལ་ནང་བོད་མི་ ༣༢ ཙམ་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་དང་།  མི་གྲངས་ ༢ ཙམ་རྐྱེན་འདས་སུ་ཕྱིན་ཡོད་འདུག

 གསར་འགོད་གསལ་བསྒྲགས་སྐབས་སྨན་པ་མཚམས་གཅོད་ལགས་ཀྱིས། སྤྱིར་རྒྱ་གར་ནང་དུ་ཏོག་དབྱིབས་རིམས་ནད་ཀྱི་ཕྱོགས་ཡོངས་ཀྱི་གནས་སྟངས་ཇེ་ལེགས་སུ་འགྲོ་མུས་ཡིན་ཡང་། ཉེ་ལམ་རྒྱ་གར་ནང་དུ་ཆོས་ཕྱོགས་ཀྱི་ལས་རིམ་མང་པོ་ཞིག་སྤེལ་གྱིན་ཡོད་པས། རིམས་ནད་འགོས་མཁན་གྱི་མི་གྲངས་ཇེ་མང་དུ་འགྲོ་མུས་ཡིན་པ་དང་། ཟླ་ ༡༡ ཚེས་ ༡ ཉིན་ནས་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་གྱི་དམའ་རིམ་དང་། འབྲིང་རིམ། མཐོ་སློབ་སློབ་གྲྭ་སོགས་འཚོག་འཆར་ཡོད་པ་དང་། རྒྱུན་ལྡན་བཞིན་ཚོང་གི་ལས་རིགས་དག་གཉེར་འཆར་ཡོད་སྟབས། རིམས་ནད་འགོས་ཁྱབ་ཀྱི་ཉེན་ཁ་ཆེན་པོ་ཞིག་ཡོད་པས། ཚང་མས་རིམས་ནད་ལ་དོགས་གཟོན་དང་རང་རང་གི་འཕྲོད་བསྟེན་ལ་དོ་སྣང་ཆེན་པོ་བྱ་དགོས་པ་དང་། དགུན་ཚོང་ལ་སྐྱོད་མཁན་བོད་མི་རྣམས་ཀྱིས་ས་ཁུལ་དེ་དག་གི་སྨན་ཁང་སོགས་ལ་འབྲེལ་འདྲིས་ཀྱིས། སྔོན་ཚུད་ནས་གྲ་སྒྲིག་འཐུས་ཚང་བྱ་དགོས་པ་དང་། བོད་མི་དགུན་ཚོང་ལ་སྐྱོད་མཁན་ཚོས་ས་གནས་ཁག་གི་ཏོག་དབྱིབས་རིམས་ནད་ཀྱི་སྒྲིག་གཞིར་བརྩི་སྲུང་བྱ་རྒྱུ་གལ་ཆེན་ཡིན་སྐོར་གྱི་ལམ་སྟོན་སོགས་གནང་འདུག

 ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། རྒྱ་གར་ནང་དུ་ཆོས་ཕྱོགས་ཀྱི་ལས་རིམ་མང་པོ་ཞིག་སྤེལ་མུས་ཡིན་སྟབས། ཏོག་དབྱིབས་རིམས་ནད་འགོས་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་མུས་ཡིན་པ་དང་། ལྷག་པར་བཞུགས་སྒར་ཁུལ་གྱི་ཀང་ར་རྫོང་སོགས་ཀྱི་ནང་དུའང་ནད་པ་ཇེ་མང་དུ་འགྲོ་ཡི་ཡོད་སྟབས། མི་ཚོགས་འདུ་འཛོམས་ཀྱི་རིགས་ལ་གཡོལ་དགོས་པ་དང་། ཁ་རས་གྱོན་དགོས་པ། ལག་པ་སོགས་དུག་སེལ་ཡང་ཡང་བྱས་ཏེ། སོ་སོའི་འཕྲོད་བསྟེན་ལ་དོ་སྣང་དང་ཡིད་གཟབ་ཀྱིས། ཁྲོམ་གཞུང་དུ་བར་ཐག་སོགས་འཇོག་དགོས་པ་དང་། འགོག་ཁབ་བརྒྱབ་མེད་པའི་བོད་མི་རྣམས་ཀྱིས་ངེས་པར་དུ་འགོག་ཁབ་བརྒྱག་དགོས་སྐོར་གྱི་ལམ་སྟོན་སོགས་གནང་བྱུང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་མི་གྲངས་ ༦༧༣༦ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༦༥༢༨  དང་། རྐྱེན་འདས་སུ་ཕྱིན་པ་ ༡༥༥། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པ་བོད་མི་ ༥༣ ཡོད་འདུག དེ་བཞིན་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་   ༤༤༠༧༨ དང་། དང་པོ་བརྒྱབ་ཟིན་པའི་མི་གྲངས་ ༧༢༢༨ ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པ་མི་ ༦༦༩༧ ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༠༨
ཨ་མ་རྗེ་བཙུན་པདྨའི་གཟེངས་རྟགས་བཞེས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།

༢༠༢༦/༡༠/༠༧
TTTT
Mobile App

ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

༢༠༢༦/༡༠/༠༧
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཧྥ་རན་སིསི་ཧལ་ཛེན།

༢༠༢༦/༡༠/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese