མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཨི་ཊ་ལིའི་གནད་ཡོད་མི་སྣར་བོད་དོན་གླེང་སློང་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་རང་དབང་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་དགའ་མོས་ཡོད་མཁན་ཚང་མས་ནུས་པ་མཉམ་དུ་སྤུངས་བ་ཡིན་ན་བོད་ཙམ་མ་ཟད་འཛམ་གླིང་སྤྱི་ཡོངས་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

Meeting with Dr Arno Kompatscher, Honourable President of South Tyrol on 28 October 2021.
དེ་རིང་ཨི་ཊ་ལིའི་རྒྱལ་ས་རོམ་དུ་འཚོག་གི་ཡོད་པའི་རྒྱ་ནག་གཞུང་ལ་ཁ་གཏད་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ (Inter-Parliamentary Alliance on China) གྱི་ཚོགས་འདུའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀྱང་མཉམ་ཞུགས་གནང་གི་ཡོད་པ་རེད།

སྲིད་སྐྱོང་མཆོག་གི་སྤྱི་ཚོགས་དྲ་ལམ་ངོ་དེབ་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཕྱོགས་ཕེབས་ཉིན་གཉིས་པར་ལྷོ་ཊི་རོལ་ (South Tyrol) རང་སྐྱོང་མངའ་ཁུལ་གྱི་སྲིད་འཛིན་སྐུ་ཞབས་ (Dr. Arno Kompatscher) མཆོག་དང་མཇལ་འཕྲད་གནང་རྗེས། ཨི་ཊ་ལི་ཡི་ཞིང་ཆེན་(Trentino)སུ་ཕེབས་སྐབས་ཁུལ་དེའི་མགོ་འཁྲིད་ཟུར་པ་རོ་བྷིར་ཊོ་པིན་ཊིར་(Roberto Pinter) དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཤིང་། (Trentino)ཡི་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་ (Vice Mayor Roberto Stanchina) ལགས་ལ་མཇལ་འཕྲད་གནང་སྟེ་བོད་དོན་ཐོག་གོ་སྡུར་གནང་ཡོད་འདུག

ཉིན་དེའི་ཉིན་རྒྱབ་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨི་ཊ་ལིའི་བྱང་ཕྱོགས་སུ་ཆགས་པའི་ (Rovereto) གྲོང་ཁྱེར་དུ་ཕེབས་ཏེ། དེ་སྔ་དམག་ཆེན་གཉིས་པའི་སྐབས་སུ་དམག་མཚམས་བཞག་ནས་ཞི་བདེ་གོང་སྤེལ་གྱི་མཚོན་དོན་རྗེས་དྲན་གྱི་དྲིལ་བུ་ (Bell of Peace) ཡོད་པ་དེར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པ་དེར་ཆེད་ཕེབས་ཀྱིས། གནད་ཡོད་མི་སྣ་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་འཛོམས་ཏེ་མཛད་སྒོ་སྟབས་བདེ་ཞིག་ཀྱང་ཚོགས་ཡོད་འདུག  མཛད་སྒོའི་སྐབས་སུ་ (Vicereggente Campana di Rovereto Lorenzo Saiani) དང་གྲོང་སྡེ་སྤྱི་ཁྱབ་ (Francesco Valduga) ལགས། དེ་བཞིན་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་འགན་འཛིན་ (Arianna Miorandi) ལགས་དང་བསོད་རྒན་རི་པོ་ཆེ། ཐུབ་བསྟན་འོད་གསལ་གླིང་ཆོས་ཚོགས་ཨི་ཊ་ལི་བོད་རིགས་ཚོགས་པའི་ཙོགས་གཙོ་ལ་སོགས་པས་མཉམ་ཞུགས་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན།  སྐུ་ཞབས་ (Roberto Pinter) ལགས་དང་བོད་དོན་གོ་སྡུར་གནང་སྐབས་སྲིད་སྐྱོང་མཆོག་གིས། མི་ནི་སེམས་ཅན་གཞན་དང་མི་འདྲ་བར་བསམ་བློ་གཏོང་རྒྱུ་དང་ལས་ཀ་སྒྲུབ་ཐུབ་ཀྱི་ཡོད་པས་རང་དབང་དགོས་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་མི་ཚོར་ཐ་ན་སོ་སོའི་སྐད་ཡིག་སློབ་སྦྱོང་དང་ཆོས་དད་རང་དབང་སོགས་ཀྱང་གཏན་ནས་རྩ་མེད་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་། བོད་ཀྱི་རིག་གཞུང་ལ་འཛམ་གླིང་སྟེང་ཞི་བདེ་བསྐྲུན་པར་ནུས་པ་ཆེན་པོ་ཡོད་སྟབས། བོད་སྐད་ཡིག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན་སྟབས། རང་དབང་དང་དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་དགའ་མོས་ཡོད་མཁན་ཚོས་ནུས་པ་མཉམ་དུ་སྤུངས་བ་ཡིན་ན། བོད་ཙམ་མ་ཟད་འཛམ་གླིང་སྤྱི་ཡོངས་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese