མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་གཙོ་མཆོག་ནས་སིལ་སྤོལ་རྩེད་འགྲན་པ་ཨེ་ནེ་སི་ཀན་ཊིར་ལགས་ལ་ཐུགས་རྗེ་ཆེ་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་ཨེ་ནེ་སི་ཀན་ཊིར་ལགས་ནས་དྲང་བདེན་ལ་རྒྱབ་སྐྱོར་གནང་བར་བོད་མི་ཡོངས་ཀྱི་ཚབ་གནང་སྟེ་ཐུགས་རྗེ་ཆེ་ཞུས་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་ཨེ་ནེ་སི་ཀན་ཊིར་(Enes Kanter)ལགས་ལ་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་བསྐུར་གནང་བའི་གསུང་འཕྲིན་ནང་དུ།  ཁྱེད་ཀྱིས་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་དེར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེས་ང་ཚོར་དགའ་སྤོབས་ཆེན་པོ་སྦྱིན་བྱུང་། ཁྱེད་ཀྱིས་བསྒྲགས་པའི་འབོད་སྒྲ་དེས་ཁྱེད་ཀྱིས་དྲང་བདེན་ལ་ཇི་ཙམ་རྒྱབ་སྐྱོར་གནང་གི་ཡོད་པ་མཚོན་ཐུབ། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་ཁྲིམས་འགལ་གྱི་ཐོག་ནས་བོད་ལ་བཙན་འཛུལ་བྱས་ཏེ། བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་རང་དབང་སོགས་བཙན་གྱིས་འཕྲོག་ཡོད་པ་དང་། བོད་མི་རྣམས་ངལ་རྩོལ་ར་བ་སོགས་སུ་བཅུག་སྟེ་ཆབ་སྲིད་སློབ་གསོ་སྤྲད་དེ་བསམ་བློ་བསྒྱུར་བཅོས་བྱེད་ཐབས་སོགས་བྱེད་བཞིན་ཡོད་པ་མ་ཟད། བོད་མི་གནས་སྡོད་བྱས་ཡོད་པའི་ས་ཁུལ་ཁག་ཏུ་བརྙན་མིག་སོགས་བཙུགས་ནས་བོད་མིའི་འཚོ་བར་བཙན་གནོན་སུན་གཙེར་གཏོང་གི་ཡོད་སྟབས། བོད་མི་ཚོས་འཇིགས་སྣང་གི་ཁྲོད་ནས་འཚོ་བ་སྐྱེལ་མུས་ཡིན་པ་རེད། ཅེས་གསུངས་འདུག

ཡང་ཚོགས་གཙོ་མཆོག་གིས། རྒྱ་ནག་གཞུང་གིས་དེ་སྔོན་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་གཞོན་པ་རྒྱ་མི་ཝང་ཅིན་ཀྲིན་(Wang Junzheng)ཟེར་བ་ཞིག་བོད་ནང་དུ་གནས་སྤོར་བཏང་བ་དེས། བོད་ནང་གི་བོད་མི་ཚོས་རང་ཉིད་བོད་པ་ཞིག་ཡིན་བསམ་པའི་དགའ་སྤོབས་དང་འབྲེལ་བའི་ལས་འགུལ་ཚང་མར་དྲག་གནོན་བྱ་རྒྱུ་ཡིན་པ་གསལ་པོ་ཡིན་པ་དང་།  རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་ཚད་ལས་འདས་པའི་མནར་གཅོད་གཏོང་བཞིན་ཡོད་པའི་སྐབས་འདིར། ང་ཚོས་ཁྱེད་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་ཆེད་དུ་བསྒྲགས་པའི་འབོད་སྒྲ་དེ་རིན་ཐང་ཅན་ཞིག་ཏུ་ངོས་འཛིན་བྱེད་ཅིང་། ང་ཚོས་ཁྱེད་ཀྱིས་མུ་མཐུད་འགྲོ་བ་མིའི་རིགས་ཀྱི་ངག་མེད་ཀྱི་མགྲིན་ཚབ་པ་ཞིག་གནང་རྒྱུར་འབོད་སྐུལ་ཞུ་ཡི་ཡོད་ལ། ཁྱེད་ཀྱི་འབོད་སྒྲ་དེས་ཁོང་ཚོར་རེ་བའི་འོད་སྣང་ཞིག་བསྐྲུན་ཐུབ། ཅེས་གསུངས་འདུག

ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་ཨེ་ནེ་སི་ཀན་ཊིར་(Enes Kanter)ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གིས་སྐྱོན་བརྗོད་ངོ་རྒོལ་བྱེད་མིན་ལ་མ་ལྟོས་པར་བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་རྒྱ་ནག་གཞུང་གི་གདུག་རྩུབ་འོག་མནར་གཅོད་གཏོང་བཞིན་པ་མཚམས་འཇོག་བྱས་ཏེ་བོད་ལ་རང་དབང་དགོས་པའི་གཏམ་བཤད་འཛེམ་ཟོན་མེད་པར་ཡོངས་ཁྱབ་ཏུ་སྤེལ་ཡོད་པ་དང་། རེས་གཟའ་སྤེན་པ་ཕྱི་ཚེས་ ༣༠ ཉིན་ལའང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་གི་མདུན་གྱི་རྒྱལ་ཡོངས་ཐང་ཆེན་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཡུ་གུར་ཨ་རབ་བྷི་ཡའི་མཐུན་ཚོགས། ཨ་རིའི་རྒྱབ་སྐྱོར་ཚོགས་པ་སོགས་ཀྱི་གོ་སྒྲིག་འོག  ཡུ་གུར་བ་དང་བོད་པ། ཧོང་ཀོང་བ་བརྒྱ་ཕྲག་མང་པོ་མཉམ་རུབ་ཀྱི་འབོད་སྐུལ་ལས་འགུལ་སྤེལ་སྐབས། ཨེ་ནེ་སི་ཀན་ཊིར་ལགས་མཉམ་ཞུགས་གནང་སྟེ་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཡུ་གུར་བ་རྣམས་བཙན་པོའི་ངལ་རྩོལ་དུ་བཀོལ་བཞིན་པ་སྔོན་འགོག་གི་ཁྲིམས་འཆར་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་གཏམ་བཤད་གནང་ཡོད་འདུག

ལས་འགུལ་སྐབས་སིལ་སྤོལ་རྩེད་མོ་བ་ཨེ་ནེ་སི་ཀན་ཊིར་ལགས་ཀྱིས། ཁོང་རང་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱི་རྩེད་འགྲན་པ་ཡིན་པའི་ཆ་ནས། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གྱི་གནད་དོན་དང་འབྲེལ་བ་ཆེན་པོ་ཡོད་པའི་རྒྱ་ནག་གི་ཐོག་ལ་སྐད་ཆ་མ་བཤད་པར་བསྡད་པ་ནི་ངོ་ཚ་དགོས་པ་ཞིག་ཆགས་ཀྱི་ཡོད་པར་བརྟེན། གནད་དོན་འདིའི་ཐོག་ལ་ང་ནམ་ཡང་ཁུ་སིམ་པོར་སྡོད་ཀྱི་མིན་ལ། གདུག་རྩུབ་ཅན་གྱི་མགོ་ཁྲིད་ཞི་ཅིན་ཕིང་གིས་སྣེ་འཁྲིད་དེ་རྒྱ་ནག་གཞུང་གིས་ཡི་ཤུ་དང་། ནང་པ། ཁ་ཆེ་སོགས་ཆོས་དད་བྱེད་མཁན་ཚང་མར་གདུག་རྩུབ་དང་དྲག་གནོན་བྱེད་ཀྱི་ཡོད་པས། རྒྱ་ནག་གཞུང་འདི་ངོ་ཚ་དགོས་པ་ཞིག་ཏུ་གྱུར་ཡོད་རེད་ཅེས་དང་། ཞི་ཅིན་ཕིང་གིས་ངའི་སྐད་ཆ་འདི་ཉན་གྱི་ཡོད་ན། འདི་ནི་མི་རབས་གསར་པའི་རེ་བ་བྱེད་སའི་འཐབ་རྩོད་ཅིག་ཡིན་སྐོར་དང་། མི་མང་གིས་འདེམས་བསྐོ་བྱས་པའི་མགོ་ཁྲིད་ཚོས་ཚིག་སྐམ་པོ་སྟོང་བཤད་གཅིག་པོས་མི་འགྲིག་པར་རྒྱ་ནག་གི་ནང་དུ་གདུག་རྩུབ་མྱངས་དང་མྱོང་བཞིན་པའི་མི་རིགས་དེ་དག་གི་ཆེད་དུ། ནུས་པ་ལྡན་པའི་ལས་དོན་བརྩམ་དགོས་པའི་འབོད་སྐུལ་གནང་འདུག་ལ། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝུན་པིན་(Wang Wenbin)གྱིས། ཀན་ཊིར་གྱིས་ཡུ་གུར་བ་དང་བོད་པ། ཧོང་ཀོང་བ་སོགས་ལ་རྒྱབ་སྐྱོར་གྱི་སྐད་ཆ་བཤད་པ་དེ་ནི་ཁོ་རང་ལ་གཞན་གྱིས་དམིགས་བསལ་གྱི་དོ་སྣང་བསླེབ་ཆེད་ཡིན་སྐོར་སྐྱོན་བརྗོད་བྱས་འདུག

ད་དུང་ཀན་ཊིར་ལགས་ཀྱི་སྤྱི་ཚོགས་དྲ་ལམ་(Instagram)ནང་ ༢༠༢༢ ལོའི་པེ་ཅིན་ཨོ་ལོམ་པིག་ལ་ངོ་རྒོལ་གྱི་ལྷམ་སྣ་ཚོགས་ཁྱབ་བསྒྲགས་གནང་སྟེ། ཞི་ཅིན་ཕིང་ནི་མི་རིགས་རྩ་གཏོར་བྱེད་མཁན་གྱི་རྒྱ་ནག་གི་གཞུང་དང་དྲག་སྤྱོད་དབང་འཛིན་པ་ཞིག་ཡིན་པར་བརྟེན། ཕྱི་ལོ་ ༢༠༢༢ ལོའི་ཨོ་ལིམ་པིག་སྐོང་ཚོགས་དང་གོ་སྒྲིག་བྱེད་ཆོག་གི་མེད་ཅེས་བརྗོད་ཡོད་པ་མ་ཟད། ཁོང་གིས་ཨ་རིའི་རྒྱལ་སར་སིལ་སྤོལ་རྩེད་འགྲན་སྐབས་ལྷམ་དེ་རྣམས་ཁྱབ་བསྒྲགས་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese