མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་ཀརྨ་སིང་ལགས་ཨ་རིའི་གྲོང་ཁྱེར་སིན་སི་ནཱ་ཊི་ཡི་སྤྱི་ཁྱབ་ལ་འོས་འདེམས་བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཀརྨ་སིང་ལགས་ཀྱིས་སྐྱབས་བཅོལ་བའི་ཕ་མ་གཉིས་ཀྱིས་རང་གི་བུ་ཕྲུག་ལ་མི་ཚེ་ཡག་པོ་ཞིག་སྐྱེལ་བཅུག་ན་འདོད་པའི་ཕུགས་བསམ་དེས། ཁོ་ཚང་སྐྱབས་བཅོལ་བ་ནས་སིན་སི་ཊིའི་སྤྱི་ཁྱབ་པའི་ཁྱིམ་ཚང་ཞིག་ཆགས་ཡོད་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༥ བའི་ནང་བོད་རིགས་ཨ་རི་བ་ཨབ་ཊབ་ཀརྨ་སིང་པུ་རི་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་ཨོ་ཧ་ཡོ་ (Ohio) མངའ་སྡེའི་ནང་གི་གྲོང་ཁྱེར་སིན་སིན་ན་ཊི་ (Cincinnati) ཡི་སྤྱི་ཁྱབ་ཀྱི་འོས་མིར་ལངས་ཡོད་པ་ལྟར། ཁ་སང་གྲོང་ཁྱེར་སིན་སི་ན་ཊིའི་སྤྱི་ཁྱབ་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་གནང་བའི་ནང་། ཀརྨ་སིང་ལགས་སུ་འོས་གྲངས་ ༣༣༡༢༤ དང་ཁ་གཏད་འོས་མི་ཌེ་ཝི་ཌི་མན་ (DAVID MANN) ལགས་སུ་འོས་ ༡༧༢༠༧ ཆགས་ཏེ། ལོ་ན་ ༣༩ ཡིན་པའི་ཀརྨ་སིང་ལགས་ཨ་རིའི་གྲོང་ཁྱེར་དེའི་ལོ་རྒྱུས་ནང་གི་ཨེ་ཤ་ཡའི་སྤྱི་ཁྱབ་ཐོག་མ་ཆགས་ཡོད་པ་རེད།

ཀརྨ་སིང་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དང་ཁོང་གིས། ང་ཚོས་གྲོང་ཁྱེར་སིན་སི་ཊིའི་ནང་ལོ་རྒྱུས་བཟོས་ཡོད། ཅེས་དང་། སྐྱབས་བཅོལ་བའི་ཕ་མ་གཉིས་ཨ་རིར་ཡོང་ནས་རང་གི་བུ་ཕྲུག་ལ་མི་ཚེ་ཡག་པོ་ཞིག་སྤྲོད་འདོད་ཡོད་པའི་ཕུགས་བསམ་དེས། ཁོ་ཚང་སྐྱབས་བཅོལ་བའི་ཁྱིམ་ཚང་ཞིག་ནས་གྲོང་ཁྱེར་སིན་སི་ཊིའི་སྤྱི་ཁྱབ་པ་ཆགས་པའི་གྲུབ་འབྲས་བྱུང་ཡོད་སྐོར་དང་། གྲོང་ཁྱེར་སིན་སི་ཊིའི་ནང་སྟོབས་འབྱོར་དང་འབྱུང་ཁུངས། མདོག་ཡོད་མེད་ལ་ཁྱད་པར་མེད་པ་དང་། གཙོ་བོ་ལས་ལ་བརྩོན་ཞིང་ཕུགས་བསམ་ལྡན་པའི་མི་ཡིས་རང་ཉིད་ཀྱི་རྨི་ལམ་མངོན་འགྱུར་བྱུང་ཐུབ་ཀྱི་ཡོད་སྐོར། དེ་བཞིན། ཁོང་གི་རྒྱལ་སྐྱོར་བ་ཚོས་གྲོང་ཁྱེར་སིན་སི་ཊིའི་ནང་ལོ་རྒྱུས་གསར་པ་ཞིག་མགོ་བརྩམས་ཡོད་སྐོར་བརྗོད་པ་དང་འབྲེལ། རང་ཉིད་ལ་འོས་བསྡུའི་བརྒྱུད་རིམ་ཁྲོད་སྒོ་ཀུན་ནས་རྒྱབ་སྐྱོར་གནང་མཁན་ཚོར་བཀའ་དྲིན་ཆེ་ཞུས་ཡོད་པ་རེད།ད་ལྟ་ཀརྨ་ལགས་ནི་ཨ་རིའི་ཨོ་ཧའོ་མངའ་སྡེའི་ཧ་མིལ་ཊོན་ (Hamilton County) རྫོང་ཁྲིམས་ཁང་གི་ཁྲིམས་དྲུང་ཆེན་མོ་ཡིན་འདུག་ལ། ཕྱི་ལོ་ ༢༠༢༥ ལོར་ཁོང་གི་ལས་ཡུན་དེ་རྫོགས་ཀྱི་ཡོད་འདུག དེ་ནི་ས་གནས་སུ་ལོ་ངོ་ ༡༠༠ ལྷག་གི་རིང་ཨ་རིའི་དམངས་གཙོ་ཚོགས་པའི་ཚོགས་མི་ཞིག་ཁྲིམས་དྲུང་ཆེན་མོར་བསླེབས་པ་ཐོག་མ་དེ་ཆགས་ཡོད་འདུག དེ་བཞིན་ཕྱི་ལོ་ ༢༠༡༨ ལོར་ཁོང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་ལངས་ཏེ་བོད་མི་ཨ་རི་བ་ཞིག་ཨ་རིའི་གྲོས་ཚོགས་འཐུས་མིར་ལངས་བ་ཐེངས་དང་པོ་ཆགས་ཡོད་པ་དང་། འོས་བསྡུའི་དྲིལ་བསྒྲགས་སྐབས་ཁོང་གིས་རང་ཉིད་ཀྱི་ཕ་མའི་མི་རིགས་ལ་བརྟེན། ཁོང་བོད་མི་ཨ་རི་བ་དང་རྒྱ་གར་ཨ་རི་བ་ཞིག་ཡིན་པར་སྤོབས་པ་སྐྱེས་ཀྱི་ཡོད་སྐོར་དང་། ཁོང་ནི་ཁོང་གི་རིག་གཞུང་དང་མི་རིགས་བཅས་ལ་ཧ་ཅང་སྤོབས་པ་ཡོད་སྐོར་བརྗོད་ཡོད་པ་རེད།

རང་ལོ་ ༣༩ ཡིན་པའི་ཀརྨ་ལགས་ཀྱི་ཨ་མ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་མེ་སོར་དུ་སློབ་སྦྱོང་བྱས་ཏེ། ཕྱིས་སུ་ལྡི་ལི་མཐོ་སློབ་ནང་སློབ་སྦྱོང་བྱེད་སྐབས། རྒྱ་གར་པན་ཇབ་མི་རིགས་ཡིན་པ་བྷི་རིག་ཨ་རྗེ་ཐི་སིང་ (Brig Ajit Singh) ཞེས་པ་དང་ཐུག་ནས་གཉེན་སྒྲིག་བྱས། ཕྱིས་སུ་ཨ་རིར་གནས་སྤོར་བྱས་ཏེ་ཕྱི་ལོ་ ༡༩༨༢ ལོར་ཀརྨ་ལགས་ཨོ་ཧའོ་ཞེ་ནི་ཡ་ (Xenia) གྲོང་ཁྱེར་དུ་སྐྱེས་ཡོད་པ་དང་། ཁོང་གིས་ཁྲིམས་ལུགས་རིག་པར་སློབ་སྦྱོང་བྱས་ཡོད་འདུག ཕྱི་ལོ་ ༡༩༩༤ ལོར་ཁོང་དགུང་གྲངས་ ༡༣ སྟེང་བོད་ཀྱི་རྒྱལ་ས་ལྷ་སར་ཕྱིན་ཡོད་འདུག ཕྱི་ལོ་ ༢༠༡༨ ལོར་ཁོང་གིས་(Dr. Whitney June Whitis)དང་གཉེན་སྒྲིག་བྱས་ཏེ། ལོ་གཉིས་ཡིན་པའི་བུ་ཆུང་བྷོ་དྷི་ (Bodhi) ཞེས་པ་ཞིག་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མི་དམངས་དྲ་བའི་པར།
Mobile App

ཞི་ཅིན་ཕིན་གྱིས་རྒྱལ་མཚན་ནོར་བུར་དམར་པོའི་ལམ་སྟོན་བྱས།

ཆུ་ཚོད་ ༢ སྔོན་ལ།
External Affairs Minister S Jaishankar and Chinese Vice President Han Zheng
Mobile App

བོད་ཀྱི་གནད་དོན་དེ་རྒྱ་དཀར་ནག་གཉིས་བར་ཚེར་མ་ལྟ་བུ་ཞིག་ཡིན་སྐོར་བཤད།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཁྲི་མཐོན་པོར་བསྡད་དེ་བླ་མ་རྩ་ཆེན་པོ་ཞིག་ཡིན་མདོག་མདོག་བྱས་ན་ནོར་འཁྲུལ་རེད་ཅེས་གསུངས།

ཆུ་ཚོད་ ༥ སྔོན་ལ།
Mobile App

གངས་ལྗོངས་ལྷ་མི་ཡོངས་ཀྱི་སྟོན་པ། (ཚན་པ་གཉིས་པ།)

ཆུ་ཚོད་ ༦ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཨོ་གླིང་ནང་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་པ་གནང་བཞིན་འདུག ༢༠༢༥།༠༧།༡༡ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་དང་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་ཡོད་ཀྱང་འབྲེལ་བ་སླར་གསོ་བྱེད་པར་ཕན་ཐོགས་གང་ཡང་བྱུང་མེད་ཅེས་གསུངས།

༢༠༢༥/༠༧/༡༡
Arunachal Pradesh CM Pema Khandu (Photo/DNA)
Mobile App

རྒྱ་གར་དང་བོད་ས་འབྲེལ་ཡིན་པ་ལས་རྒྱ་ནག་ལ་འབྲེལ་བ་མེད་ཅེས་གསུངས།

༢༠༢༥/༠༧/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese