མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་བོད་སོག་གཉིས་ནས་འཛམ་གླིང་མི་མང་ལ་ཞབས་འདེགས་སྒྲུབ་རྒྱུའི་གོ་སྐབས་ཤིག་ཏན་ཏན་ཡོད་པ་རེད།

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དང་སང་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨུ་རུ་སུའི་དད་ལྡན་དོན་གཉེར་ཅན་རྣམས་ལ་དྲ་ལམ་ཐད་གཏོང་བརྒྱུད་མདོ་སྡེ་རྒྱན་གྱི་གསུང་ཆོས་དང་ཆོས་ཞུ་བའི་དྲི་བར་བཀའ་ལན་གནང་གི་འདུག

ཨུ་རུ་སུའི་ནང་པའི་རྗེས་འཇུག་པ་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་ནས་ཉིན་གཉིས་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན་གྱི་གསུང་ཆོས་དབུ་འཛུགས་གནང་བ་དང་བསྟུན། ཆོས་དད་ཡོད་མེད་དང་ནང་པ་ཡིན་མིན་གྱི་དབྱེ་བ་མེད་པར་སེམས་ཁམས་རིག་པ་དང་ཤེས་ཡོན་གྱི་འདུ་ཤེས་ཀྱི་ཐོག་ནས་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་ཚད་མ་རིག་པའི་སྐོར་ལ་དོ་སྣང་གསར་པ་ཞིག་ཡོང་གི་ཡོད་པ་ལྟར། ང་ཚོ་བོད་སོག་གཉིས་ནས་ཞབས་འདེགས་སྒྲུབ་རྒྱུའི་གོ་སྐབས་ཤིག་ཏན་ཏན་ཡོད་སྐོར་གསུངས་སོང་།

ཐོག་མར་༧གོང་ས་མཆོག་གིས། བཅོམ་ལྡན་འདས་ཀྱིས་ངའི་བསྟན་པ་འདི་བྱང་ནས་བྱང་དུ་དར་ཡོང་ཟེར་ནས་གསུངས་པ་དེ་ཡོད་པ་རེད། རྒྱ་གར་བྱང་རྒྱུད་ཀྱི་གཙོ་བོ་ནཱ་ལེཎྜ་ནས་སངས་རྒྱས་ཀྱི་བསྟན་པ་ཤུགས་ཆེན་པོ་དར་ཏེ་བོད་ལ་བསླེབས་པ་རེད། དེ་ནས་སོག་པོ་ལ་སོགས་པའི་ཡུལ་གྲུ་ཁག་མང་པོ་ཞིག་ལ་བོད་ནས་སངས་རྒྱས་ཀྱི་ཆོས་དར་ཏེ་བསྟན་པ་བྱང་ནས་བྱང་དུ་དར་ཡོང་ཟེར་ནས་གསུངས་པ་འདི་དེ་འདྲ་ཞིག་ལ་གོ་བ་ལེན་གྱི་ཡོད་པ་རེད། དངོས་ཡོད་གནས་ཚུལ་ལ་དུས་རབས་ཁ་ཤས་ཤིག་གི་རིང་ལ་ཨེ་ཤ་ཡའི་ལུང་པའི་ནང་དུ་སངས་རྒྱས་ཀྱི་ཆོས། དེ་ཡང་དཔལ་ནཱ་ལེནྜ་ཡི་ཆོས་བརྒྱུད་དྲི་མ་མེད་པ་ལུང་དང་རིག་པའི་ཐོག་ནས་གཏན་ལ་ཕབ་པ་ཞིག་དད་པ་གཅིག་པོ་མིན་པར། རིག་པའི་ཐོག་ནས་དཔྱད་པ་བྱས་ཏེ་འགྲོ་བ་དང་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དང་། ཐོགས་མེད་སྐུ་མཆེད་ཀྱི་གཞུང་སོགས་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་འདི་ཚོ་གཙོ་བོ་བྱེད་ཀྱི་ཡོད་པ་རེད། གཞུང་འདི་ཚོ་ཡག་པོ་བལྟ་བར་ཚད་མ་རིག་པའི་འགྲོ་སྟངས་ཤེས་དགོས་ཀྱི་ཡོད་རེད། དེར་བརྟེན། དེ་སྔ་ང་ཚོ་བོད་ལ་གཞུང་པུ་ཏི་ལྔ་ཡོད་པ་རེད། དེའི་ནང་ནས་མཛོད་འདུལ་གཉིས་བསླབ་བྱ་སྤྱིར་བཏང་ཡོད་པ་ཞིག་རེད། གལ་ཆེ་བ་དེ་ཚད་མ་རྣམ་འགྲེལ་དང་དབུ་མ། ཕར་ཕྱིན་འདི་ཚོར་སློབ་གཉེར་བྱ་རྒྱུ་གཙོ་བོ་དེ་རེད། དེ་འདྲ་སོང་ཙང་ཧོར་གྱི་ཡུལ་ལའང་བོད་ལ་སློབ་གཉེར་བྱེད་སྟངས་ལྟར་བསྟན་པ་བྱང་ནས་བྱང་དུ་དར་ཡོང་གསུངས་པ་ཇི་བཞིན་ཧོར་གྱི་ཡུལ་ཁག་གིས་གཞུང་ཆེན་ཡག་པོ་ཞེ་དྲགས་བལྟས་པ་རེད། ཅེས་གསུངས་སོང་།

མུ་མཐུད་༧རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་རང་ལོ་ཆུང་དུས་སྒོ་མང་གི་དགེ་བཤེས་ཕལ་ཆེ་བ་སོག་པོ་རེད། སེ་ར་བྱེས་ཀྱི་དགེ་བཤེས་ཁྲོད་སོག་པོ་ཁ་ཤས་ཡོད་རེད་ལ་དགའ་ལྡན་བྱང་རྩེ་ནས་སོག་པོ་ཁ་ཤས་ཤིག་ཡོད་པ་རེད། གང་ལྟར་སྒོ་མང་གི་དགེ་བཤེས་མང་ཆེ་བ་སོག་པོ་རེད་འདུག  ངོས་རང་ཆུང་ཆུང་སྐབས་སུ་གཞུང་ཆེན་སྤྱི་དང་ལྷག་པར་རྟགས་གསལ་གཏོང་རྒྱུ་དེ་ཚོའི་གྲས་གཙོ་བོ་སློབ་མཁན་དེ་སོག་པོ་རེད། མདོར་ན་བོད་ཀྱི་དགེ་བཤེས་ལྷག་པར་དུ་སྒོ་མང་གི་མཁས་པ་ཡིན་ན་ཧ་ལམ་སོག་པོ་ཡིན་པས་ཁྱབ་པ་ལྟ་བུ་བཤད་ཆོག་གི་རེད། དེར་བརྟེན་སྔར་སངས་རྒྱས་ཀྱི་བསྟན་པ་བོད་གངས་ཅན་ལྗོངས་ལ་ཡོད་པ་དེ་ཧོར་གྱི་ཡུལ་ལ་དར་རྒྱས་ཆེན་པོ་ཆགས་ཏེ་བསྐྱར་དུ་བོད་ནང་དུ་སོག་པོའི་དཔེ་ཆ་མང་པོ་ཞིག་བོད་ཀྱི་སངས་རྒྱས་ཀྱི་བསྟན་པར་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་བཤད་སྒྲུབ་ཟུང་སྦྲེལ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཡོད་པ་རེད། ད་ལྟའི་ཆར་ང་ཚོ་བཙན་བྱོལ་བ་ཆགས་ཡོད་པའི་གནས་ཚུལ་ཉམ་ཐག་པོ་རེད་དེ། ཡིན་ནའང་གྲྭ་ས་ལ་དེང་སང་སོག་པོ་ཁ་ཤས་ཡོད་རེད་ལ། ལྷག་པར་དུ་བར་སྐབས་ཤིག་ནས་སོག་པོའི་གྲྭ་རྒྱུན་གང་ལ་གང་འཚམས་ཤིག་རྒྱ་གར་དུ་འབྱོར་ནས་སྒོ་མང་དུ་སོག་པོའི་གྲྭ་རྒྱུན་ཏོག་ཙམ་ཡོད་རེད། དེ་སྔ་ཡིན་ན་ང་ཚོའི་བོད་ལ་བླ་མ་ཡིད་གསུམ་ཟེར་བའི་མིང་བཏགས་ཏེ་བསྡད་ཀྱི་ཡོད་པ་རེད། བར་སྐབས་ནས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དངོས་གནས་དྲང་གནས་ཀྱི་ཚད་མ་རིག་པ། ལྟ་གྲུབ་གཏིང་ཟབ་པོ་ཡོད་པའི་ཆོས་ལུགས་ཤིག་ཡིན་པ་འཛམ་བུ་གླིང་ཡོངས་གྲགས་ཀྱིས་ཕལ་ཆེར་ངོས་ལེན་ཡོད་པ་ལྟ་བུ་རེད། དེར་བརྟེན་ང་ཚོ་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་དཔལ་ནཱ་ལེནྜའི་ཆོས་བརྒྱུད་ཕལ་ཆེར་དྲི་མ་མེད་པ་ཆགས་འདུག  ཤྲི་ལངྒ་དང་འབར་མ། ཐའེ་ལིན་ཌི་རྒྱལ་ཁབ་ཀྱིས་པཱ་ལིའི་ཆོས་བརྒྱུད་འཛིན་གྱི་ཡོད་པ་དེ་སངས་རྒྱས་ཀྱི་ཆོས་བརྒྱུད་གཞི་མ་ལྟ་བུ་རེད་ལ། མདོའི་ཉམས་ལེན་དེ་ཚོ་ཞེ་དྲགས་ཡག་པོ་ཡོད་རེད། ཚད་མ་རིག་པ་དང་དབུ་མ། དེ་བཞིན་ཚད་མ་རིག་པའི་ཐོག་ནས་དཔྱད་པ་བྱ་རྒྱུ་དེ་ཚོའི་གྲས་ནི་ཕལ་ཆེར་ནཱ་ལེནྜའི་ཆོས་བརྒྱུད་འཛིན་མཁན་ང་ཚོ་བོད་སོག་གཉིས་པོ་རྐྱང་རྐྱང་རེད། དེང་སང་བཙན་བྱོལ་དུ་བོད་པ་བསླེབས་པ་དེ་ཚོས་གཞུང་ཆེན་སློབ་གཉེར་བྱ་རྒྱུ་དེ་གལ་ཆེན་པོ་ཞིག་ལ་རྩིས་ནས་གདན་ས་གསུམ་གཙོ་བོར་གྱུར་བའི་བཤད་གྲྭ་ཆེན་པོ་འདི་ཚོ་ང་ཚོ་རྒྱ་གར་ལ་བསྐྱར་གསོ་བྱས་ཏེ་ཡག་ཐག་ཆོད་བཙུགས་ཡོད་པ་རེད། ཅེས་གསུངས་སོང་།

ཡང་མགོན་པོ་མཆོག་གིས།  དེ་རིང་ཨུ་རུ་སུའི་ཆོས་གྲོགས་ཚོར་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ཞེ་དྲགས་དགའ་པོ་བྱུང་། རིམ་པས་སོག་པོའི་གྲྭ་རྒྱུན་སྟོང་ཕྲག་ཁ་ཤས་ཤིག་རྒྱ་གར་ནང་དུ་བསླེབས་ཏེ་སློབ་སྦྱོང་བྱེད་བཞིན་པ་རེད། དེ་སྔོན་ངོས་རང་སོག་ཡུལ་དུ་སླེབས་པའི་སྐབས། སོག་པོའི་མཁན་པོ་དང་ངོས་གཉིས་སྐད་ཆ་བྱུང་། སྔོན་མ་ངོས་རང་དགའ་ལྡན་དགོན་པར་དང་པོ་བསླེབས་པའི་སྐབས། ཁྱེད་རང་ཚོ་སོག་པོའི་ཆོས་གྲོགས་ཚོས་མནྜལ་ཕུལ་ཏེ་མནྜལ་གྱི་གདངས་བཏང་སྟེ་གསུངས་དུས་ངོས་རང་སེམས་པ་ཞེ་དྲགས་སྐྱོ་བྱུང་ལ་མིག་ཆུ་ཤོར་བྱུང་། གང་ལྟར་དེའི་ཚེ་དེའི་དུས་ཆེན་པོ་ཧོར་གྱི་ཡུལ་ལའང་སངས་རྒྱས་ཀྱི་བསྟན་པ་ཞེ་དྲགས་ཉམས་བཞིན་ཡོད་རེད། དེ་དག་སླར་གསོ་ཡོང་བའི་རྣམ་པ་གསལ་པོ་འདུག  ཨུ་རུ་སུ་དམར་པོའི་འོག་ལ་ཆོས་ལ་བསམ་བཞིན་དུ་དགག་པ་བརྒྱབ་སྟེ་ཡོང་གི་ཡོད་པའི་གནས་སྟངས་འོག་ངོས་རང་སོག་ཡུལ་དུ་བསླེབས་པའི་དུས། དངོས་གནས་དྲང་གནས་ཀྱི་ཆོས་ཀྱི་དད་པ་གཡོ་བ་མེད་པ་ཞིག་འདུག  སློབ་གཉེར་བྱ་རྒྱུ་དེ་གལ་ཆེན་པོ་རེད། འདོན་པ་བཏོན་བསྡད་པ་ཙམ་མིན་པར་སློབ་གཉེར་བརྒྱག་རྒྱུ་དེ་ཞེ་དྲགས་གལ་ཆེན་པོ་རེད་འདུག་ཟེར་ནས་སོག་པོའི་མཁན་པོ་དང་ལྷན་དུ་སྐད་ཆ་བྱུང་། ཐོགས་མེད་ཀྱི་གཞུང་བྱམས་ཆོས་སྡེ་ལྔ་ཟེར་བ་འདིའི་ནང་ནས་མངོན་རྟོགས་རྒྱན་དང་མདོ་སྡེ་རྒྱན་གཉིས་པོ་དེ་གཙོ་ཆེ་བ་ཆགས་ཀྱི་ཡོད་པ་རེད། མངོན་རྟོགས་རྒྱན་དེ་ང་ཚོ་ཆུང་དུས་སྐབས་སུ་བློ་ལ་འཛིན་གྱི་ཡོད་རེད། མངོན་རྟོགས་རྒྱན་འདི་ཚོ་བཅོམ་ལྡན་འདས་ཀྱི་ཤེར་ཕྱིན་གྱི་དོན་དག་གི་ས་བཅད་བསྒྲིགས་པ་ཞིག་རེད་འདུག  ཤེར་ཕྱིན་གཞུང་གི་གཙོ་བོ་དབུ་མའི་ལྟ་བ་འདི་དབུ་མ་རྩ་བ་ཤེས་རབ་དང་དབུ་མ་འཇུག་པ་འདི་ཚོ་གལ་ཆེན་པོ་རེད་འདུག  ལྟ་གྲུབ་དང་སེམས་ཁམས་རིག་པའི་སྐོར་ལ་སྐད་ཆ་ཤོད་སྐབས་ཚན་རིག་པ་མང་པོ་ཞིག་གིས་དགའ་མོས་ཆེན་པོ་བྱས་ཏེ། ང་ཚོར་བསླབ་པའི་སེམས་ཁམས་རིག་པའི་སྐོར་གྱི་གཞུང་ལུགས་དེ་དག་ལ་ཚན་རིག་པས་དམིགས་བསལ་དོ་སྣང་དང་དགའ་པོ་བྱེད་པ་ཡོང་གི་འདུག  དེར་བརྟེན་དེང་སང་འཛམ་བུ་གླིང་འདིའི་སྒང་ལ་བོད་ཀྱི་ནང་ཆོས་ཟེར་དུས་ཆེ་མཐོང་ཡོད་པ་ཞིག་ཆགས་ཡོད་རེད། དེ་ཡང་ང་ཚོའི་གཞུང་ཆེན་འདི་ཚོ་གཙོ་བོ་རིག་པས་དཔྱད་པ་བྱ་རྒྱུ་ཡོད་པས་རེད། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་དཔལ་ནཱ་ལེནྜའི་ཆོས་བརྒྱུད་འཛིན་མཁན་གྱིས་རིག་པས་དཔྱད་པ་བྱས་པ་དེ་གཙོ་བོར་བྱས་པས་ཆེ་མཐོང་སྤྲོད་ཀྱི་ཡོད་པ་རེད། ང་ཚོའི་འཛམ་བུ་གླིང་འདིའི་སྒང་ལ་ངོམ་ཆོག་པ་ཡོད་པ་དེ་ང་ཚོ་བོད་སོག་གཉིས་ལ་སོགས་པའི་ཡུལ་གྲུ་འདི་ཚོར་སངས་རྒྱས་ཀྱི་བསྟན་པ་སླར་གསོ་ཡག་པོ་བྱ་ཐུབ་ན། ཆོས་དད་ཡོད་མེད་དང་ནང་པ་ཡིན་མིན་གྱི་དབྱེ་བ་མེད་པར་སེམས་ཁམས་རིག་པ་དང་ཤེས་ཡོན་གྱི་འདུ་ཤེས་ཀྱི་ཐོག་ནས་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་ཚད་མ་རིག་པའི་སྐོར་དེ་ཚོའི་གྲས་ལ་དོ་སྣང་གསར་པ་ཞིག་ཡོང་གི་འདུག་ལ། ང་ཚོས་ཞབས་འདེགས་སྒྲུབ་རྒྱུའི་གོ་སྐབས་ཤིག་ཏན་ཏན་ཡོད་རེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese