མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པ་ཞིག་ལ་འཁྲིག་སྤྱོད་ཀྱི་ནག་ཉེས་བཙུགས།

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཊེ་ནེ་སི་རྩེད་མཁན་གྲགས་ཅན་ཞིག་གིས་རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་བ་ཞིག་ལ་འཁྲིག་སྤྱོད་ཀྱི་ཉེས་འཛུགས་བྱས་པ་དང་རྒྱ་ནག་གི་དྲ་ལམ་ཁག་ཏུ་དེ་འབྲེལ་གྱི་གནས་ཚུལ་ཚང་མ་བཀག་སྡོམ་བྱས་ཡོད་པ་རེད།

ཁ་སང་རྒྱ་ནག་གི་ཊེ་ནེ་སི་རྩེད་མཁན་གྲགས་ཅན་པཱང་ཧྲའེ་ (Peng Shuai) ཡིས། རང་ཉིད་ཀྱི་ཝེ་པོ་དྲ་རྒྱའི་སྟེང་གནས་ཚུལ་ཞིག་བཀོད་དེ། རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་བ་ཀྲང་ཀོ་ལི་ (Zhang Gaoli) ཡིས། ཁོ་མོར་བཙན་གྱིས་འཁྲིག་སྤྱོད་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེ་ནི་ད་སྔ་བར་རྒྱ་ནག་གི་ཆེས་གནས་རིམ་མཐོ་བའི་མགོ་ཁྲིད་ཅིག་ལ་བུད་མེད་རྩིབ་སྤྱོད་ཀྱི་ཉེས་འཛུགས་བྱས་པ་ཐོག་མ་ཆགས་ཀྱི་ཡོད་འདུག

ཝེ་པོ་དྲ་རྒྱའི་སྟེང་ཊེ་ནེ་སི་རྩེད་མཁན་གྲགས་ཅན་པཱང་ཧྲའེ་ཡིས་ཀྲང་ཀོ་ལི་ལ།  ཁྱེད་ཀྱིས་ཕྱི་ལོ་ ༢༠༡༨ ལོར་ང་ཊེ་ནེ་སི་རྩེད་སླད་ཁྱེད་ཀྱི་ཁྱིམ་དུ་སྐད་བཏང་རྗེས་བཙན་གྱིས་འཁྲིག་སྤྱོད་བྱས་ཡོད། སྐབས་དེར་ངས་ངུ་མཚམས་འཇོག་མ་ཐུབ། ཅེས་བརྗོད་ཡོད་པ་མ་ཟད། ཀྲང་ཀོ་ལི་གོ་གནས་མཐོ་བའི་རྒྱ་ནག་གི་དཔོན་རིགས་ཤིག་ཡིན་པ་དང་མོས་རང་གི་བྱེད་ཚུལ་དེ་ནི་སྲིལ་འབུ་ཞིག་གིས་མེར་རྒོལ་བ་ལྟ་བུ་ཡིན་ཡང་མོས་བདེན་པ་བཤད་པར་སྐྲག་སྣང་གང་ཡང་མེད་སྐོར་སོགས་བརྗོད་ཡོད་པ་རེད།

ད་རེས་པཱང་ཧྲའེ་ཡིས་ཝེ་པོ་དྲ་རྒྱའི་སྟེང་རྒྱ་ནག་གི་མཐོ་རིམ་མགོ་ཁྲིད་ཅིག་ལ་ནག་ཉེས་བཙུགས་པའི་གནད་དོན་དེ། ཝེ་པོ་དྲ་ཚིགས་སྟེང་བཀོད་དེ་ཆུ་ཚོད་དང་ཕྱེད་ཀ་ཙམ་ལས་མ་འགོར་བར་ནག་བསུབ་བཏང་ཡོད་པ་དང་། དེ་ནི་པཱང་ཧྲའེ་མོ་རང་གིས་བསུབ་པ་དང་ཡང་ན་རྒྱ་ནག་གི་དྲ་རྒྱའི་ཉེན་རྟོག་པས་བསུབ་པ་གང་ཡིན་གསལ་བོ་མེད་ཀྱང་། དབྱེ་ཞིབ་པ་ཚོས། ད་ལྟའི་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱལ་སྤྱིའི་ཚོགས་འདུ་གལ་ཆེན་འགའི་ཐོག་མཉམ་ཞུགས་བྱས་མེད་པ་དེས་ཞི་ཅིན་ཕིན་མུ་མཐུད་རྒྱ་ནག་གི་སྲིད་འཛིན་བྱས་ནས་གནས་རྒྱུ་ཡིན་མིན་དང་འབྲེལ་རྒྱ་ནག་ནང་ལོགས་ཀྱི་ཆབ་སྲིད་ཀྱི་གནས་བབ་ཛ་དྲག་ཅིག་ཏུ་བསླེབས་ཡོད་པ་དང་། ཆེས་དམ་དྲག་ཆེ་བའི་རྒྱ་ནག་གི་དྲ་རྒྱའི་སྒྲིག་ཁྲིམས་ཀྱིས་རྒྱ་ནག་གི་མཐོ་རིམ་མགོ་ཁྲིད་ཅིག་ལ་ཉེས་འཛུགས་བྱེད་དུ་འཇུག་མི་སྲིད་པ་ཞིག་ཡིན་སྐོར་སོགས་བརྗོད་འདུག་པ་མ་ཟད། ད་ལྟ་རྒྱ་ནག་ནང་པཱང་ཧྲའེ་དང་འབྲེལ་བའི་གནས་ཚུལ་གཅིག་ཀྱང་འཚོལ་ཞིབ་བྱ་མི་ཐུབ་པར་བཟོས་ཡོད་འདུག

སྤྱིར་རྒྱ་ནག་གིས་པཱང་ཧྲའེ་ཡི་ཝེ་པོ་དྲ་རྒྱ་དང་མོའི་མིང་དང་འབྲེལ་བའི་གནས་ཚུལ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་ཀྱང་། མོས་དབུས་ཆབ་སྲིད་རྒྱུན་ལས་ཀྱི་འཐུས་མི་ཟུར་བ་ཞིག་ལ་ཉེས་འཛུགས་བྱས་པའི་སྙིང་སྟོབས་ལ་རྒྱ་ནག་གི་མོ་གཙོ་རིང་ལུགས་ཀྱི་ལས་འགུལ་བ་ཚོས་ཡི་རངས་དང་འབྲེལ། རྒྱ་ནག་གི་བུད་མེད་རྣམས་ཀྱིས་བཙན་གཡེམ་གྱི་གཉའ་གནོན་དང་ཕམ་ཁ་འཁུར་རྒྱུ་མིན་པའི་བརྡ་ལན་བཏང་ཡོད་པ་རེད་ལ། བཙན་གཡེམ་གྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་གཞུང་གིས་གང་འདོད་དུ། མཚམས་རེར་མོ་གཙོ་རིང་ལུགས་ཀྱི་ལས་འགུལ་བ་དང་རྩུབ་སྤྱོད་ཕོག་མཁན་འཛིན་བཟུང་དང་ཡང་མཚམས་རེར་རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་མཁན་དམར་ཤོག་ཚོགས་པའི་ཚོགས་མི་སོགས་འཛིན་བཟུང་བྱས་དང་བྱེད་མུས་ཡིན་པ་རེད།

རྒྱ་ནག་ནང་བུད་མེད་ཀྱི་ཐོབ་ཐང་འདྲ་མཉམ་ཡོང་གི་མེད་པ་ནི། རྒྱ་ནག་དམར་ཤོག་ཚོགས་པས་སྒེར་གཅོད་འོག་རྒྱ་ནག་ལ་དབང་སྒྱུར་བྱེད་བཞིན་ཡོད་པའི་རྐྱེན་གྱི་ཡིན་པ་དང་། ད་སྔ་བར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་རྒྱུན་ལས་བདུན་གྱི་ནང་བུད་མེད་གཅིག་ཀྱང་བསླེབས་མ་མྱོང་བ་དང་། དབུས་སྲིད་གྲོས་ཀྱི་འཐུས་མི་ ༢༥ ཡི་གྲས་སུ་བུད་མེད་གཅིག་མ་གཏོགས་བྱུང་མེད་པ་རེད། དེར་བརྟེན། རྒྱ་ནག་གི་ཆབ་དཔལ་རིག་གསུམ་དང་འབྲེལ་བའི་སྲིད་ཇུས་གཏན་འབེབ་སྐབས།  བུད་མེད་ཀྱི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་གྱི་ཁོར་ཡུག་ཅིག་ཡུན་ནས་ཡོང་གི་མེད་པ་རེད། འདི་ལོ་ལོ་མགོར་མ་གཏོགས་དེ་སྔ་རྒྱ་ནག་ནང་བུད་མེད་ལ་རྩུབ་སྤྱོད་ཀྱི་གནད་དོན་དང་འབྲེལ་བའི་ཁྲིམས་ཤིག་མེད་པ་རེད་འདུག

རྒྱ་ནག་ནང་ཆེས་ཉེ་བའི་རྩུབ་སྤྱོད་ཀྱི་གྱོད་དོན་ནི་རྒྱ་ནག་གི་བུ་མོ་ཀྲའོ་ཞོ་ཤན་ (Zhou Xiaoxuan) གྱིས། རྒྱ་ནག་གཞུང་འབྲེལ་གྱི་མདོ་འཛིན་པ་དང་འཁྲབ་སྟོན་པ་ (Zhu Jun) གཏུགས་བཤེར་བྱས་པ་དེ་ཡིན་ཞིང་། བུ་མོ་ཀྲའོ་ཞོ་ཤན་གྱིས་ཕྱི་ལོ་ ༢༠༡༨ ནས་ལོ་ངོ་གསུམ་རིང་ཁྲིམས་གཏུགས་བྱས་པའི་མཐར། འདི་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་གཞུང་གི་ཁྲིམས་ཁང་ཞིག་གིས་མོའི་གཏུགས་བཤེར་ལ་དཔང་རྟགས་འདང་ངེས་མེད་པའི་ངོས་འཛིན་འོག་གྱོད་དོན་དེ་མཚམས་འཇོག་བྱས་ཡོད།

ད་རེས་པཱང་ཧྲའེ་ཡིས་རྩིབ་སྤྱོད་ཀྱི་གྱོད་དོན་ཐེར་འདོན་བྱས་པ་དེར་རྒྱ་ནག་དང་རྒྱལ་སྤྱིའི་ནང་དོ་སྣང་ཤུགས་ཆེན་བྱེད་ཀྱི་ཡོད་དོན་ནི། རྩུབ་སྤྱོད་སྤེལ་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་དང་སྲིད་བློན་གཞོན་པ་ཟུར་བ་ཀྲང་ཀོ་ལི་ཡིན་པས་རེད་ལ། དམིགས་བསལ་ཀྲང་ཀོ་ལི་ནི་ཞི་ཅིན་ཕིན་གྱི་མཐུན་གྲོགས་ཉེ་བོ་ཞིག་ཡིན་པ་དང་། ཁོས་ཕྱི་ལོ་ ༢༠༡༣ ནས་ ༢༠༡༨ བར་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་དང་སྲིད་བློན་གཞོན་པའི་ལས་འགན་འཁུར། ཕྱི་ལོ་ ༢༠༡༨ ཟླ་ ༣ པའི་ནང་རྒས་ཡོལ་ཞུས། ད་ལྟ་རང་ལོ་ ༧༥ ཡིན་པ་རེད།

པཱང་ཧྲའེ་ནི་ཕྱི་ལོ་ ༡༩༨༦ ལོར་སྐྱེས་ཤིང་ད་ལྟ་རང་ལོ་ ༣༥ ཡིན་པ་དང་། ཁོ་མོ་ཆུང་དུས་ནས་ཊེ་ནེ་སི་རྩེད་རྒྱུར་དགའ་ཞིང་། ལོ་ན་ ༨ ཀྱི་སྟེང་ནས་རང་གི་ཨ་ཞང་གི་རྒྱབ་སྐྱོར་འོག་ཊེ་ནེ་སི་རྩེད་མགོ་བརྩམས་ཏེ། ལོ་ན་ ༡༥ སྟེང་རྒྱལ་སྤྱིའི་ཊེ་ནེ་སི་རྩེད་འགྲན་ (International Tennis Federation) ཨང་རིམ་དང་པོ་དང་གཉིས་པ་བཅས་ཀྱི་བྱ་དགའ་བསྟུད་མར་བླངས། ཕྱི་ལོ་ ༢༠༡༣ ལོར་རྒྱལ་སྤྱིའི་ཊེ་ནེ་སི་རྩེད་འགྲན་གྱི་ཁྲོད་བུད་མེད་ཀྱི་ (Wimbledon ladies doubles) ཞེས་པའི་མཚན་སྙན་བླངས་ཤིང་། ཕྱི་ལོ་ ༢༠༡༤ ལོར་ཧྥ་རན་སིའི་རྒྱལ་སྤྱིའི་ཊེ་ནེ་སིའི་ (French Open) རྩེད་འགྲན་ཁྲོད་ཨང་དང་པོ་བླངས་ཡོད་པ་སོགས་རྒྱལ་སྤྱིའི་ཊེ་ནེ་སི་རྩེད་མཁན་གྲགས་ཅན་ཞིག་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༣ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese