མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་རྒྱབ་སྐྱོར་བ་ཞིག་སྐུ་གྲོངས་བར་ཐུགས་གསོ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་བོད་དོན་རྒྱབ་སྐྱོར་བ་རི་ཀི་ལགས་སྐུ་གྲོངས་བར་དམ་པ་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུས་གནང་འདུག

ཟླ ༡༠ ཚེས་ ༣༡ ཉིན་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཀི (Riki Hyde-Chambers)  ལགས་དགུང་གྲངས་ ༧༧ ཐོག་དབྱིན་ཡུལ་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་ཡོད་པར་བརྟེན། ཁ་སང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དམ་པ་ཁོང་གི་བུ་ཕྲུག་གཉིས་ཀྱི་མིང་ཐོག་ཏུ་ཐུགས་གསོའི་འཕྲིན་ཡིག་ཅིག་བསྐུར་གནང་བའི་ནང་།  ང་ཚོས་སྐུ་ཞབས་རི་ཀི་ལགས་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་དུས་བློ་ཕམ་ཆེན་པོ་བྱུང་། ངས་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་དང་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། ཁྱེད་དང་ཁྱེད་ཀྱི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ། སྐུ་གཤེགས་དམ་པ་ཁོང་གིས་བོད་ཀྱི་རྩ་དོན་ཐད་ནུས་པ་ཤུགས་ཆེན་བཏོན་ཡོད་པ་མ་ཟད། ཁོང་གིས་སྐུ་ཚེ་གང་བོར་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་སྟབས། ཁོང་ལྟ་བུའི་རྒྱབ་སྐྱོར་བ་དང་གྲོགས་པོ་རླབས་ཆེན་ཞིག་བྱུང་བ་ནི། ང་ཚོའི་བསོད་ནམས་ཡིན་ཞིང་། ཁོང་ཉིད་གཏན་དུ་ང་ཚོའི་སེམས་ནང་ཡོད། ཅེས་གསུངས་འདུག

ཡང་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཁོང་གིས་མི་ལོ་ལྔ་བཅུ་ལྷག་རིང་བོད་དོན་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པ་དང་།  ལྷག་པར་དབྱིན་ཡུལ་དུ་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་ཅིང་། སྤྱི་འཐུས་སོགས་དབྱིན་ཡུལ་དུ་ཕྱོགས་སྐྱོད་ལ་ཕེབས་སྐབས། དུས་རྒྱུན་ནས་རྒྱབ་སྐྱོར་གནང་གི་ཡོད་སྟབས། ཁྱེད་ཉིད་བོད་དོན་སོགས་ཀྱི་ཐད་ནས་བཀྲིན་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག

དེ་བཞིན་ཟླ་འདིའི་ཚེས་ ༢ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐུ་སྒེར་གྱི་ཊི་ཝེ་ཊར་དུ། སྐུ་ཞབས་དམ་པ་རི་ཀེ་ལགས་སྐུ་གྲོངས་པར་བློ་ཕམ་བྱུང་། ཕྱི་ལོ་ ༡༩༦༠ ཙམ་ནས་ཁོང་གིས་བོད་དང་བོད་མིའི་འབོད་སྒྲར་རྒྱབ་སྐྱོར་གནང་བ་དང་། ཁོང་གི་རོགས་རམ་ནི་འགྲན་ཟླ་བྲལ་བ་ཞིག་ཡིན་སྟབས། ང་ཚོས་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་དང་། ཁོང་ལ་བསྔོ་སྨོན་ཞུ་ཡི་ཡོད་ཅེས་གསུངས་འདུགད་ལོ་དགུང་ལོ་ ༧༧ ཡིན་པའི་སྐུ་ཞབས་རི་ཀི་ལགས་ནི་བོད་དོན་རྒྱབ་སྐྱོར་བ་རྙིང་ཤོས་ཀྱི་གྲས་ཤིག་ཡིན་པ་དང་།  ཕྱི་ལོ་ ༡༩༨༤ ལོར་ཁོང་གིས་བླ་མ། བོད་ཀྱི་བརྩམས་སྒྲུང་ (Lama; A Norval of Tibet )ཞེས་པ་དང་། དེ་བཞིན། བོད་ཀྱི་སྒྲུང་གཏམ་(Tibetan Folk Tales)ཞེས་པ་གཉིས་བརྩམས་ཡོད་པ་མ་ཟད། ཁོང་ནི་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་ཅིང་། དུས་རྟག་ཏུ་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་མཁན་ཞིག་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༠༨
ཨ་མ་རྗེ་བཙུན་པདྨའི་གཟེངས་རྟགས་བཞེས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།

༢༠༢༦/༡༠/༠༧
TTTT
Mobile App

ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

༢༠༢༦/༡༠/༠༧
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཧྥ་རན་སིསི་ཧལ་ཛེན།

༢༠༢༦/༡༠/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese