མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་བཙན་དབང་འོག་བྲག་མགོ་དགེ་ལྡན་ནང་བསྟན་སློབ་གྲྭ་རྩ་གཏོར་བྱེད་དུ་བཅུག་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་དྲག་གནོན་བཙན་བཀའ་འོག་བྲག་མགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་པ་མ་ཟད། སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་སོགས་རྩ་གཏོར་གྱིས་སློབ་མ་ཁག་ཅིག་ཕྱིར་རང་ཁྱིམ་དུ་ལོག་དགོས་བྱུང་ཡོད་པ་རེད།

ཁ་སང་བོད་ནས་འབྱོར་བའི་བརྙན་ཞིག་གི་ནང་དུ། བྲག་མགོ་དགེ་ལྡན་ནང་བསྟན་སློབ་གྲྭ་རྒྱ་ནག་གཞུང་གིས་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་བ་ལྟར། ས་གནས་བོད་མི་ཚོས་དགེ་ལྡན་ནང་བསྟན་སློབ་གྲྭ་བཤིག་གི་ཡོད་པའི་ཡུལ་དངོས་ཀྱི་གནས་ཚུལ་ཞིག་མཐོང་བྱུང་བས། དེ་རིང་འདི་གའི་གསར་འགོད་པས་ཕ་ཡུལ་བྲག་མགོ་ནས་ཡིན་པའི་སྐལ་བཟང་ནོར་བུ་ལགས་སུ་གནས་ཚུལ་དེ་དངོས་བདེན་ཡིན་མིན་སྐོར་སྐད་ཆ་དྲིས་པར་ཁོང་གིས། ས་གནས་རྒྱ་ནག་སྲིད་གཞུང་གིས་བྲག་མགོ་དགེ་ལྡན་ནང་བསྟན་སློབ་གྲྭར་ཡིག་ཆ་ཚད་ལྡན་མེད་པར་བསྙད་དེ། ཕྱི་ཟླ་ ༡༠ ཚེས་ ༣༡ ནས་ཉིན་གྲངས་གསུམ་བཞིའི་ནང་ཚུད་དུ་སློབ་གྲྭ་དེ་བཤིག་སྟེ་གཏན་དུ་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

སྐལ་བཟང་ནོར་བུ་ལགས་ཀྱི་གསུངས་པ་ལྟར་ན། ཕྱི་ཟླ་ ༡༠ བའི་ནང་ས་གནས་རྒྱ་ནག་སྲིད་གཞུང་གིས། བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པའི་འཛིན་སྐྱོང་འོག་ཡོད་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་དགོས་པའི་བཀའ་བཏང་སྟེ། ཕྱི་ཟླ་ ༡༠ ཚེས་ ༣༡ ཙམ་ནས་ཟླ་ ༡༡ ཚེས་གསུམ་ཡས་མས་ཙམ་ལ་དགོན་པས་སློབ་གྲྭ་དེ་སྒོ་མ་བརྒྱབ་ཚེ། ས་གནས་སྲིད་གཞུང་རང་གིས་ས་སྔོག་བྱེད་ཀྱི་འཕྲུལ་འཁོར་སོགས་འཁྲིད་ཡོང་ནས། སློབ་གྲྭ་གཏོར་རྒྱུ་ཡིན་པ་མ་ཟད། སློབ་གྲྭའི་ཤིང་ཆ་སོགས་ཅ་དངོས་གཅིག་ཀྱང་དགོན་པར་སྤྲོད་རྒྱུ་མིན་པའི་འཇིགས་སྐུལ་བྱས་སྟབས། བྲག་འགོ་དགོན་པས་སློབ་གྲྭ་དེ་ཉིད་སྒོ་མི་རྒྱག་ཁ་མེད་བྱུང་བའི་གནོན་ཤུགས་འོག  ས་གནས་མང་ཚོགས་ལ་རེ་སྐུལ་ཞུས་ཏེ། དགོན་པ་རང་ངོས་ནས་སློབ་གྲྭ་བཤིག་སྟེ་ཤིང་ཆ་རྣམས་དགོན་པ་ནས་ཀེ་ལོ་མེ་ཊར་ཕྱེད་ཀ་ཙམ་གྱི་སར་ཡོད་པའི་དགོན་པའི་སྨན་ཁང་དུ་བཞག་ཡོད་འདུག

བྲག་མགོ་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་བར་དགོན་གྲོང་གཉིས་ཀྱི་ས་གནས་ཡུལ་མིས་རྣམ་འགྱུར་བསྟན་ཡོད་མེད་དྲིས་པར་ནོར་བུ་ལགས་ཀྱིས། ན་ནིང་དང་ད་ལོ་བྲག་འགོ་རུ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། དེ་སྔོན་ཕྱི་ལོ་ ༢༠༠༨ ལོའི་ས་ཞི་ཞི་རྒོལ་ཆེན་མོའི་སྐབས་དང་ཕྱི་ལོ་ ༢༠༡༢ ལོར་བཅས་བསྟུད་མར་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་སྟབས། དམ་དྲག་ཧ་ཅང་ཤུགས་ཆེན་བྱེད་ཀྱི་ཡོད་པས། དམིགས་བསལ་ངོ་རྒོལ་གནང་མཁན་བྱུང་མི་འདུག་ལ། ད་རེས་སློབ་གྲྭ་དགོན་པ་རང་གིས་མང་ཚོགས་ལ་མངགས་ནས་བཤིག་པ་དང་རྒྱ་ནག་ཡོང་མེད་པ་རེད། ཅེས་དང་། སློབ་གྲྭའི་ནང་ཉམ་ཐག་གི་སློབ་མ་མང་པོ་ཡོད་པ་དང་ད་ལྟ་སློབ་གྲྭ་སྒོ་བརྒྱབ་པ་ཙམ་དུ་མ་ཟད་རྩ་གཏོར་དུ་བཏང་ཡོད་སྟབས། སློབ་མ་མང་པོ་ཞིག་ཕྱིར་རང་ཉིད་ཀྱི་ཁྱིམ་དུ་ལོག་དགོས་བྱུང་ཡོད་སྐོར་བརྗོད་བྱུང་།

རྒྱུས་ལོན་བྱུང་བ་ལྟར་ན། ད་རེས་བྲག་མགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་རྩ་གཏོར་བྱེད་མཁན་གྱི་གཙོ་བོ་ནི། ཉག་རོང་དུ་སྐྱེས་པའི་བྲག་མགོ་ རྫོང་དམར་ཤོག་དྲུང་ཆེ་ཝང་ཏུང་ཧྲིན་(王东升) ཟེར་བ་ཁོ་ཡིན་ཞིང་། འདི་ལོའི་ཕྱི་ཟླ་ ༡༠ པ་ནས་ཁོ་བྲག་མགོ་རུ་གནས་སྤོར་བྱས་ཏེ། ད་ལྟ་ཟླ་གཅིག་ཙམ་མ་གཏོགས་འགྲོ་ཡི་མེད་པ་དང་། ཁོ་བྲག་མགོ་རུ་གནས་སྤོར་བྱས་པ་དང་ཁོས་ག་རེ་བྱས་ན་དེར་རྒྱ་ནག་དབུས་ནས་རྒྱབ་སྐྱོར་ཡོད་པའི་སྐད་ཆ་ཞིག་ས་གནས་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་བརྡལ་དུ་འགྲོ་མུས་ཡིན་པ་རེད། ཝང་ཏུང་ཧྲིན་(王东升) ཟེར་བ་ནི་ཁོའི་རྒྱ་མིང་ཙམ་ལས་དོན་དངོས་ཐོག་རིགས་རུས་བོད་པ་ཡིན་པ་དང་། ཁོ་ནི་ཕྱི་ལོ་ ༢༠༡༦ ལོར་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་ ༤༥༠༠ དང་ཕྱི་ལོ་ ༢༠༡༧ ལོར་གྲྭ་ཤག་ ༣༢༢༥ ཙམ་གཏོར་བཤིག་དང་། དེ་བཞིན་དུ་ཕྱི་ལོ་ ༢༠༡༧ ལོར་ཕྱོགས་མཐའ་ཁག་གི་གྲྭ་བཙུན་ ༣༧༢༩ དང་། ཕྱི་ལོ་ ༢༠༡༧ ལོར་གྲྭ་བཙུན་ ༨༩༥ བཅས་བཙན་གྱིས་ཕྱིར་ཕུད་གཏོང་མཁན་གྱི་གཏེ་བོ་དེ་ཡིན་པ་རེད་ལ། ཕྱི་ལོ་ ༢༠༡༦ ཟླ་ ༡༢ པའི་ནང་ཁོ་གསེར་རྟ་ཕྱོགས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པར་བསྐོས་པ་དང་། དེ་རྗེས་གསེར་རྟ་རྫོང་གི་རྫོང་དཔོན་དུ་བསྐོས་ཡོད་འདུག

དགེ་ལྡན་ནང་བསྟན་སློབ་གྲྭ་ནི་ཕྱི་ལོ་ ༢༠༡༤ ལོར་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པས་གསར་འཛུགས་གནང་ཞིང་། ཁམས་བྲག་མགོ་ཕྱོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་གཙོ་བྱས་པའི་བོད་ཀྱི་སྐད་ཡིག་རིག་གནས་སོགས་སློབ་འཁྲིད་བྱེད་སའི་སློབ་གྲྭ་གལ་ཆེན་ཞིག་ཆགས་ཡོད་པ་དང་། སློབ་གྲྭ་དེའི་ནང་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད། རིག་གནས། དབྱིན་ཡིག་དང་རྒྱ་ཡིག དེ་བཞིན་འདུལ་བ་དང་ཕར་ཕྱིན། དབུ་མ་སོགས་སློབ་འཁྲིད་ཀྱིས། བྲག་མགོ་ཕྱོགས་ཀྱི་དགེ་འདུན་པ་རྣམས་ལ་གནའ་དེང་གཉིས་ཀྱི་ཤེས་བྱ་ཡོན་ཏན་བསླབ་ཡུལ་ཞིག་ཡིན་པ་རེད། ཕྱི་ལོ་ ༢༠༡༩ ཙམ་ལ་སློབ་གྲྭ་དེར་སློབ་མ་ཁྱོན་ ༡༣༠ ལྷག་ཡོད་ཀྱང་། ཕྱིས་སུ་རྒྱ་ནག་གིས་སློབ་མ་ ༢༠ ཡས་མས་ཙམ་ལོ་ཆུང་དྲགས་པར་སྙད་འདོགས་བྱས་ནས་རང་ཁྱིམ་དུ་ལོག་བཏང་ཡོད་པ་དང་། ད་ལྟ་ད་དུང་སློབ་གྲྭའི་སློབ་མ་བརྒྱ་ལྷག་ཡོད་འདུག་ལ། ཉམ་ཐག་སློབ་མ་མང་པོ་ཞིག་གཏན་སྡོད་སློབ་གྲྭའི་ནང་གཏན་སྡོད་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༡༥ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༢༠༢༦/༠༧/༡༥
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤

མཆན། 2

  1. གློ་བྷེ། says:
    ལོ་ 5 སྔོན།

    ༄། ཨ་རོག་འདི་ནང་བོད་བའི་མྱང་དེ་མི་ཧྲ་འུ་ཡ།

    Reply
    • ཀྲ་ཁོག། says:
      ལོ་ 5 སྔོན།

      གསར་འགྱུར་འདི་གང་སར་ཐོན་ཐལ། འདི་འདྲ་གཏོར་མཁན་མ་དེ་བོད་བ་རེད་ཟེར་ནི་དུས་བབས་ཚང་ལས་ཡོད་མ་ཐལ། ཧ་བོ་མདང་ཞིག་རྒྱབ་ན་ཆོག་གི་ཡ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese