མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་པའི་སློབ་མ་རྣམས་དགུན་ཁའི་ཟབ་འཁྲིད་ལ་བཀག་འགོག་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱ་ནག་གིས་བགོས་པའི་མཚོ་སྔོན་ཞིང་ཆེན་ཁུལ་གྱི་སློབ་མ་རྣམས་ཀྱིས་དགུན་དུས་ཟབ་སྦྱོང་སོགས་ལ་ཞུགས་མི་ཆོག་པ་དང་། དགེ་རྒན་ཚོས་ཟབ་འཁྲིད་བྱས་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་སྐད་ཡིག་རྩ་མེད་བཟོ་ཐབས་སུ་བོད་ཡིག་ཆེད་སྦྱོང་བྱེད་སའི་སློབ་གྲྭ་ཁག་རྩ་གཏོར་དང་རྒྱ་ནག་གི་སྤྱི་སྐད་སྦྱང་དགོས་ཟེར་ནས། བོད་ནང་གི་སློབ་གྲྭ་ཁག་གི་བསླབ་གཞི་རྣམས་རྒྱ་ཡིག་ཏུ་སྒྱུར་མུས་ཡིན་པ་ལྟར། ཉེ་ལམ་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་སློབ་གྲྭ་ཁག་གི་དགེ་རྒན་ཚོས་དགུན་གནང་སྐབས་སློབ་མར་ཟབ་ཁྲིད་བྱས་མི་ཆོག་པའི་བརྡ་ལན་ནན་མོ་བཏང་ཡོད་པ་དང་། དེ་བཞིན་དགོན་སྡེ་ཁག་དང་གཞུང་སྒེར་གང་རུང་གིས་རྒྱལ་ཁབ་ཀྱི་ཆོག་མཆན་མེད་པར། སློབ་མ་རྣམས་ཀྱི་གུང་སེང་དང་བསྟུན་ནས། བོད་ཀྱི་སྐད་ཡིག་སོགས་སློབ་འཁྲིད་བྱས་ཚེ། ཁྲིམས་ཐོག་ནས་ཆད་པ་ནན་མོ་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་དྲག་པོ་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་རྒྱའི་སྤྱི་སྐད་ཟེར་བ་གཙོ་བོ་བཟུང་ནས་སྦྱང་བརྩོན་བྱེད་དུ་བཅུག་སྟེ། གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་རྩ་གཏོར་གཏོང་ཐབས་སུ་ལས་འགུལ་སྣ་མང་སྤེལ་བ་དང་། ཏང་ལ་དགའ་མོས་བྱ་དགོས་པའི་སློབ་གསོ་སྤེལ་མུས་ཡིན་པ་རེད།

དེའི་ཐད་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ཀྱིས་འདི་གའི་གསར་འགོད་པར། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ་རྒྱ་ནག་དཔོན་རིགས་ཁག་གི་ཁྲོད། ལྟ་བ་དང་ལངས་ཕྱོགས་མི་འདྲ་བ་གཉིས་སུ་གྱེས་ནས། རིགས་གཅིག་གིས་རྒྱ་ནག་གཞུང་གིས་བོད་གཙོས་གྲངས་ཉུང་མི་རིགས་རྣམས་ལ་ཐོབ་ཐང་སོགས་སྤྲད་པའི་དབང་གིས། ཞི་རྒོལ་དང་ཡོ་ལང་གི་གནད་དོན་དེ་དག་བྱུང་མུས་ཡིན་སྐོར་བཤད་སྟབས། བོད་མི་རྣམས་ལ་ཐོབ་ཐང་སོགས་སྟེར་མི་ཉན་པའི་ལྟ་བ་ཞིག་མཁྲེགས་བཟུང་བྱས་པ་བརྒྱུད། བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་རིག་གཞུང་བར་དུ་བར་ཐག་བཀྱེད་ཐབས་བྱས་ནས། རྒྱ་ནག་གཞུང་གིས་བོད་ཁུལ་དུ་སྤེལ་མུས་ཡིན་པའི་སྐད་གཉིས་སློབ་གསོའི་ཁོངས་སུའང་ཉིན་གཅིག་ལ་བོད་ཡིག་ཚོགས་ཐེངས་གཅིག་ལས་མེད་པ་དང་། དེ་བཞིན་སློབ་གྲྭའི་གུང་སེང་དང་དགུན་གནང་སོགས་སུ་བོད་ཡིག་སྦྱང་བར་བཀག་བསྡོམས་བྱས་ཚེ།  མ་འོངས་པར་བོད་མི་མང་པོ་ཞིག་རྒྱ་མི་རིགས་ཀྱི་ཁྲོད་དུ་མཉམ་འདྲེས་བྱས་ནས་སིམ་འགྲོ་བས། རྒྱ་ནག་གཞུང་གིས་བོད་ནང་གི་སྔོན་འགྲོའི་སློབ་གྲྭ་མང་པོ་ཞིག་ཏུ་རྒྱ་ཡིག་སློབ་འཁྲིད་བྱེད་བཅུག་སྟེ། བོད་ཀྱི་མི་རབས་གསར་པ་ཚོར་བོད་ཀྱི་ཤ་དང་རུས་པ་ཡོད་པ་ཙམ་ལས། བོད་མི་རིགས་ཀྱི་རིག་གཞུང་གི་སྣུམ་ཞག་མེད་པར། རྒྱ་མི་རིགས་ཀྱི་ཁྲོད་དུ་སིམ་རྒྱུའི་འཆར་གཞི་བཏིང་གི་ཡོད་པ་དང་། བོད་ཡིག་སྦྱང་རྒྱུ་ཡོད་པའི་སྒེར་གཉེར་སློབ་གྲྭ་མང་པོ་ཞིག་བཙན་གྱིས་སྒོ་བརྒྱབ་ཏུ་བཅུག་གི་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཕྱི་ཟླ་ ༨  ཚེས་མགོ་ཙམ་ནས་རྒྱ་ནག་ས་གནས་སྲིད་གཞུང་གིས་མདོ་ཁམས་ཏྲེ་ཧོར་དར་རྒྱས་ཡུལ་གྱི་རྒྱལ་བསྟན་དགེ་རྩའི་བསླབ་གཞི་ཚང་མ་རྒྱ་ཡིག་རྒྱ་སྐད་ནང་བསྒྱུར་ཏེ་ལོ་འཁོར་ཡིག་རྒྱུགས་ཀྱང་རྒྱ་ཡིག་ནང་གཏོང་དགོས་པ་དང་། དེ་ལྟར་མ་བྱས་ཚེ་སློབ་གྲྭ་སྒོ་བརྒྱག་རྒྱུ་ཡིན་པའི་བཙན་བཀའ་བཏང་ཡོད་འདུག གཞན་ཡང་། ཉེ་སྔོན་ཕྱི་ཟླ་ ༧ པའི་ཟླ་མགོར་རྒྱ་ནག་གཞུང་གིས་མགོ་ལོག་དར་ལག་ཏུ་ཡོད་པའི་སེང་འབྲུག་སྟག་རྩེ་དངོས་སུ་དངོས་བརྒྱབ་བཅུག་ཡོད་པ་དང་། དེ་བཞིན་རྨ་ཆེན་རྫོང་ཁོངས་ཀྱི་སློབ་གྲྭ་གསུམ།  དགའ་བདེ་རྫོང་ཁོངས་ཀྱི་སློབ་གྲྭ་གཅིག དེ་བཞིན་གཅིག་སྒྲིལ་རྫོང་ཁོངས་ཀྱི་སློབ་གྲྭ་གཉིས་བཅས་སྒེར་གཉེར་སློབ་གྲྭ་ཁག་བདུན་སྒོ་བརྒྱག་དགོས་པའི་བཀའ་བཏང་སྟེ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཡིག་སྦྱང་སའི་སློབ་གྲྭ་ཁག་སྒོ་བརྒྱབ་ཏུ་བཅུག་ནས། བོད་ཀྱི་སྐད་ཡིག་དང་རིག་གཞུང་། བོད་ཀྱི་ངོ་བོ་སོགས་རྩ་མེད་གཏོང་ཐབས་བྱེད་མུས་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན།

 

 

 

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༧ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese