མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕགས་བོད་དང་རྒྱ་ནག་བཅས་ཀྱི་ལྟ་ཚུལ་གསར་པ་ཞེས་པའི་ཐོག་གསུང་བཤད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་བྷག་ཤི་མཆོག་ཆུང་དུས་ནས་བོད་དོན་སྐོར་ལ་དོ་སྣང་དང་བོད་སྐད་ཡིག་སློབ་སྦྱོང་གནང་ཡོད་པ་ལྟར་ཁོང་གིས་འཕགས་བོད་དང་རྒྱ་ནག་བཅས་ཀྱི་ལྟ་ཚུལ་གསར་པ་ཞེས་པའི་ཐོག་གསུང་བཤད་གནང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ སྟེང་བོད་ཀྱི་ཟློས་གར་ཚོགས་ཁང་དུ། འཕགས་བོད་མཛའ་འབྲེལ་ཚོགས་པ་གཙོ་བྱས་པའི་བཞུགས་སྒར་ཁུལ་གྱི་བོད་མིའི་ཚོགས་སྡེ་ཁག་ཐུན་མོང་གི་གོ་སྒྲིག་འོག རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་བྷག་ཤི་ (G.D Bhakshi) མཆོག་ནས་བོད་དང་རྒྱ་གར། དེ་བཞིན་རྒྱ་ནག་བཅས་ཀྱི་ལྟ་ཚུལ་གསར་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་སོང་བ་དང་། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་བྷག་ཤི་ (G.D Bhakshi) མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག  དེ་བཞིན་སྤྱི་འཐུས་ཚོགས་མི་ཟླ་བ་ཚེ་རིང་ལགས་ཀྱི་དབུས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་གསར་འགོད་པ། མི་མང་བཅས་འཛོམས་འདུག

དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས། བོད་ལ་མི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཀྱི་བྱུང་བ་ཡོད་སྟབས། དེས་བོད་མི་རིགས་ནི་རྒྱ་ནག་གི་ཆ་ཤས་སུ་ནམ་ཡང་གྱུར་མྱོང་མེད་པ་གསལ་འདོན་བྱས་ཐུབ་ཀྱང་། ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་བྱས་ཏེ། བོད་ཀྱི་ཆོས་རིག་རྩ་གཏོར་བཏང་དང་གཏོང་མུས་ཡིན་པ་རེད། དེར་བརྟེན་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་བོད་ནང་གི་བོད་མི་ཚོའི་མགྲིན་པ་བྱས་ཏེ། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མི་སྒེར་ལ་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་དྲིལ་བསྒྲགས་དང་གླེང་སློང་བྱ་རྒྱུ་ནི་ནམ་ཡང་འདོར་ཐབས་མེད་པའི་འགན་འཁྲི་ཉག་ཅིག་ཡིན་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་བོད་མིར་བཙན་གནོན་བྱེད་མུས་ཡིན་སྟབས། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་དང་ལྔ་བཅུ་ལྷག་གིས་སྐུ་ལུས་མེར་སྲེག་བཏང་ཡོད། དེ་ནི་ཁོང་ཅག་ལ་ཟས་གོས་གནས་མལ་གྱི་དཀའ་ངལ་ཡོད་པ་མ་ཡིན་པར། རྒྱ་ནག་གཞུང་གིས་བོད་ནང་དུ་དམ་དྲག་བྱས་ཏེ། བོད་ནང་གི་བོད་མིར་འགྲོ་འདུག་གི་རང་དབང་དང་། སྨྲ་བརྗོད་རང་དབང་སོགས་མེད་སྟབས། ཁོང་ཚོས་བོད་ལ་རང་དབང་དགོས་པ་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་ཞི་བའི་འབོད་སྒྲ་སྒྲོག་གི་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ནང་དུ་དམ་དྲག་ཤུགས་ཆེ་རུ་བཏང་ནས་དྲག་གནོན་བྱེད་ཀྱི་ཡོད་པ་དང་། མཐའ་ན་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་དང་ཉར་ཚགས་བྱས་པ་དེར་ནག་ཉེས་བཀལ་ནས་དྲག་གནོན་དང་བཙོན་འཇུག་བྱེད་མུས་ཡིན། རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་རྩ་གཏོར་དང་བོད་མི་ཚོའི་རྩྭ་སའི་བདག་དབང་སོགས་ཕྲོག་སྟེ། བོད་ཀྱི་ས་ཁུལ་ཁག་ནས་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད།  བོད་ཀྱི་གནད་དོན་ནི་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་སྟབས། རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་དོན་ལ་སྔར་ལས་ལྷག་པའི་དོ་སྣང་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་སྐོར་གསུངས་སོང་།

དེ་རྗེས་ལས་རིམ་གོ་སྒྲིག་གནང་མཁན་གྱི་གྲས་རྒྱ་གར་གྱི་དམག་དཔོན་ཟན་ཇི་པིར་ཤཱར་ (Captain Sanjay Prashar) ལགས་ཀྱིས། ཕྱི་ལོ་ ༢༠༢༡ ལོའི་ཧིན་བོད་དང་རྒྱ་ནག་གི་ལྟ་ཚུལ་གསར་པ་ཞེས་པའི་བརྗོད་གཞི་དང་འབྲེལ་ནས། ང་རང་རྒྱ་གར་གྱི་གྲོང་གསེབ་ཆུང་ཆུང་ཞིག་ནས་ཡིན་པ་དང་འདི་ནི་དྷ་རམ་ས་ལར་ང་རང་ལྟ་སྐོར་དུ་ཡོང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད། ཟླ་བ་གཅིག་གི་ནང་དུ་བོད་མི་ཚོ་དང་ལྷན་དུ་ཚར་གཉིས་རིང་ཐུག་འཕྲད་བྱུང་བ་དང་། དམག་སྤྱི་ཟུར་པ་སྐུ་ཞབས་བྷག་ཤི་ལགས་དང་ལྷན་དུ་ཚོགས་འདུ་འདིའི་ནང་མཉམ་ཞུགས་གནང་ཐུབ་པ་དེ་ནི་སྐལ་བ་བཟང་པོ་ཡིན་དྲན་གྱི་འདུག རྒྱ་གར་དང་བོད། རྒྱ་ནག་གི་སྐོར་ལ་སྐད་ཆ་བཤད་ན། ང་རང་རྒྱ་ནག་ཏུ་ཐེངས་མང་ཕྱིན་མྱོང་ཡོད་ལ། རྒྱ་ནག་ནང་གི་དབུལ་ཕྱུག་གཉིས་ཀ་མཐོང་མྱོང་ཡོད་པ་མ་ཟད། རྒྱ་ནག་གི་དྲག་སྤྱོད་ཀྱི་རྣམ་པའང་མཐོང་སོང་། དེ་ཡང་རྒྱ་ནག་གི་བྱ་སྤྱོད་ངན་ཤོས་ནི་ཏོག་དབྱིབས་རིམས་ནད་ཡིན་པ་དང་། ཏོག་ནད་འཛམ་གླིང་ཡོངས་སུ་ཁྱབ་གདལ་ཤུགས་ཆེན་ཕྱིན་ཏེ་མི་མང་གི་འཚོ་བར་བརྡབ་གསིག་ཚབས་ཆེན་བཟོས་པ་དང་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་རེད། དེ་ཡང་མི་ས་ཡ་གཅིག་ལྷག་རྐྱེན་འདས་སུ་ཕྱིན་ཡོད་འདུག  རྒྱ་ནག་རྒྱལ་ཁབ་དང་འབྲེལ་བ་ཡོད་པའི་རྩོད་རྙོག་ཆེ་ཤོས་གཉིས་ཡོད་པ་ནི། ཐའེ་ཝན་དང་བོད་ཀྱི་རྒྱལ་ཁབ་གཉིས་པོ་དེ་རེད། བོད་མི་ཁྱེད་རང་ཚོའི་ཡིད་ཆེས་དང་སྨོན་ལམ་ལ་ནུས་ཤུགས་ཆེན་པོ་ཡོད་ལ། མུ་མཐུད་ཡིད་ཆེས་གནང་རོགས་ཞུ་རྒྱུ་ཡིན།  རྒྱ་མིའི་ལྟ་བ་མཁྲེགས་པོ་ཡོད་ཀྱང་། ང་ཚོས་རྒྱ་ནག་དམར་པོའི་གཞུང་ལ་རེ་བ་བྱེད་དགོས་ཀྱི་མེད། རྒྱུ་མཚན་ནི་རྒྱ་ནག་གིས་བོད་མི་ཚོར་མེ་མདའ་སོགས་བེད་སྤྱད་ཀྱིས་འཚེ་བའི་ལས་སྣ་མང་བྱས་དང་བྱེད་བཞིན་ཡོད་ཀྱང་། ཁོ་ཚོ་སེམས་ཁྲལ་གྱིས་ཁེངས་པ་མ་ཟད། རྒྱ་ནག་གིས་དུས་ཚོད་བརྒྱ་ཆ་ ༩༠ ཙམ་དྷ་རམ་ས་ལའི་གནས་ཚུལ་དང་འབྲེལ་བའི་སྐོར་ལ་སེམས་ཁྲལ་བྱས་ནས་སྡོད་ཀྱི་ཡོད་པ་རེད། དེར་བརྟེན། བོད་མི་ཁྱེད་རང་ཚོར་དམིགས་བསལ་གྱི་ནུས་ཤུགས་ཤིག་ཡོད་པར་བརྟེན། པེ་ཅིན་བར་དུ་གོ་ཐུབ་པའི་ལག་པ་ཤུགས་ཆེན་པོ་བརྡབ་རོགས་གནང་། ༧གོང་ས་མཆོག་ནི་བོད་གཅིག་པུའི་བླ་ན་མེད་པའི་དབུ་ཁྲིད་རེད་བསམ་གྱི་མི་འདུག  རྒྱུ་མཚན་ནི་༧རྒྱལ་བ་རིན་པོ་ཆེ་མཆོག་ནི་གོ་ལ་ཡོངས་ཀྱི་དབུ་ཁྲིད་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།  ཅེས་གསུངས་སོང་།

ད་དུང་ཁོང་གིས་མུ་མཐུད་དུ། མི་སྐྱེས་པའི་རྗེས་སུ་འཆི་དགོས་པ་ལྟར། ཁ་ནས་སྐད་ཆ་བཤད་པ་ལྟར་ལག་བསྟར་མི་བྱེད་པའི་རྒྱལ་ཁབ་དེ་རིམ་གྱིས་རྒྱལ་ཁབ་བྱས་ནས་གནས་ཐུབ་ཀྱི་མེད་པ་དང་།  རྒྱ་ནག་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྩ་མེད་བཏང་དང་གཏོང་བཞིན་ཡོད་པ་དང་། བོད་མི་ཚོས་རྒྱ་ནག་གི་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་སྐབས་འདིར། རྒྱ་གར་གྱིས་བོད་མི་རྣམས་ལ་སྐད་ཡིག་དང་རིག་གཞུང་བཅས་པ་སྲུང་སྐྱོབ་བྱེད་པར་རོགས་རམ་གནང་གི་ཡོད་པ་ནི་ལྟས་དབང་ཞིག་མ་ཡིན་པར། རྒྱ་གར་ཡང་དཀའ་སྡུག་གི་བརྒྱུད་རིམ་འོག་སོང་མྱོང་ཡོད་སྐོར་དང་།  བོད་མི་ཚོས་མུ་མཐུད་དུ་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་དོན་དུ་ལས་འགུལ་སྣ་མང་སྤེལ་ཏེ་ཡིད་ཆེས་བྱེད་དགོས་པ་དང་། བོད་རང་བཙན་ཐོབ་ཀྱི་རེད་བསམ་དགོས་སྐོར་དང་། ཁོང་རང་མུ་མཐུད་ནས་བོད་མི་ཚོར་ཐུག་འཕྲད་བྱེད་དུ་ཡོང་རྒྱུའི་ཁས་ལེན་དང་། མ་འོངས་པར་བོད་ཀྱི་རྒྱལ་ས་ལྷ་སའི་བར་དུ་བོད་མི་ཚོ་དང་ལྷན་དུ་འགྲོ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་དམག་སྤྱི་ཟུར་པ་སྐུ་ཞབས་བྷག་ཤི་མཆོག་གིས། དེ་རིང་ང་རང་ལས་རིམ་འདིའི་ནང་མཉམ་ཞུགས་བྱེད་ཐུབ་པར་དགའ་པོ་ཞེ་དྲགས་བྱུང་། རྒྱུ་མཚན་ནི་ང་རང་བོད་མི་ཚོ་དང་ལྷན་དུ་དམིགས་བསལ་གྱིས་འབྲེལ་བ་གཏིང་ཟབ་ཡོད། ཆུང་དུས་སྐབས་སུ་ངའི་ཕ་མ་གཉིས་དང་ལྷན་དུ་ (Pachmarhi) ས་ཁུལ་དུ་ཕྱིན་པ་ཡིན། སྐབས་དེ་དུས་ང་རང་ལོ་ ༧ དང་ ༨ ཡས་མས་ཙམ་ཡིན། ངས་འབར་མ་ནས་ཡིན་པའི་ནང་པའི་གྲྭ་པ་གཅིག་མཐོང་སོང་། ངས་གྲྭ་པ་དེ་མཐོང་བ་དང་ཁོང་གི་རྗེས་སུ་ཕྱིན་པ་ཡིན་ལ་ཁོང་དང་མཉམ་དུ་སྐད་ཆ་མང་པོ་བཤད་པ་ཡིན། ཁོང་དང་ང་གཉིས་ཀྱི་བར་ལ་འབྲེལ་བ་སྔོན་མ་ནས་ཡོད་པ་ལྟ་བུ་ཚོར་སོང་། དེ་ནས་ང་རྒྱལ་སྲུང་སློབ་གསོ་ལྟེ་གནས་ཁང་ (National Defence Academy) ནང་སློབ་སྦྱོང་བྱེད་བཞིན་པའི་སྐབས། ངས་བོད་ཀྱི་ནང་ཆོས་སྐོར་གྱི་དེབ་སྣ་མང་བཀླགས་པ་ཡིན་ལ། ང་རང་གིས་དེབ་དེ་དག་བཀླགས་པའི་ཉམས་མྱོང་ལ་བརྟེན་ནས་ཡིད་དབང་འཕྲོག་སོང་། དེར་བརྟེན་ཕྱིས་སུ་ངས་བོད་ཀྱི་སྐད་ཡིག་སྐོར་ལ་སློབ་སྦྱོང་བྱེད་མགོ་བཙུགས་ཡིན་ལ། དེ་དུས་ང་རང་ལ་བོད་ཡིག་སློབ་མཁན་གྱི་དགེ་རྒན་ནི་བླ་མ་འཕྲིན་ལས་རྡོ་རྗེ་ (Bhutia) ལགས་རེད། ད་ལྟའང་ངས་དགེ་རྒན་ཁོང་གུས་ཞབས་དང་ལྡན་པའི་ངང་ནས་དྲན་གྱི་འདུག  ཅེས་དང་།  རྒྱ་ནག་གིས་བོད་ཀྱི་རྒྱལ་ཁབ་བཙན་འོག་ཏུ་བཅུག་ཚུལ་དང་། བོད་རྒྱལ་ཁབ་ཀྱི་རིག་གཞུང་དང་སྐད་ཡིག་དེ་དག་རིམ་གྱིས་རྩ་མེད་བཏང་དང་གཏོང་བཞིན་ཡོད་ཀྱང་། ཉིན་གཅིག་བོད་རང་བཙན་འཐོབ་སྐོར་དང་། ཉེ་བའི་ཆར་རྒྱ་ནག་གིས་ས་མཚམས་མང་པོ་ཞིག་ཏུ་དམག་སྒར་བརྩིགས་དགོས་དོན་ནི། ཁོང་ཚོར་དམག་མི་ཉུང་དྲགས་པའི་རྐྱེན་གྱིས་ཡིན་པ་དང་། རྒྱ་ནག་གིས་ཆུ་མཛོད་མང་པོ་རྒྱག་དོན་ནི། བོད་ནང་གི་ཆུ་དེ་དག་གསོག་ཉར་བྱེད་ཆེད་དུ་ཡིན་སྐོར། ཉེ་བའི་ཆར་བོད་ནས་རྒྱལ་ཁབ་གཞན་མང་པོ་ཞིག་གི་ནང་རྒྱུག་བཞིན་པའི་ཆུ་ཇེ་ཉུང་དུ་ཕྱིན་དང་འགྲོ་བཞིན་ཡོད་པའི་རྐྱེན་གྱིས། རྒྱལ་ཁབ་མང་པོ་ཞིག་ལ་ཆུ་ཡིས་དཀའ་ངལ་འཕྲད་དེ་ཞི་བདེ་ལྷིང་འཇགས་མེད་པ་ཆགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese