མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་འདིའི་ཕྱི་ཚེས་ ༡༥ ནས་དཔེ་སྟོན་སློབ་གྲྭའི་འཛིན་གྲྭ་དང་པོ་ནས་དངོས་སུ་འཚོག་གཏན་འཁེལ་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་མངའ་སྡེའི་གཞི་རིམ་བར་མ་དང་འོག་མའི་སློབ་ཁག་དངོས་སུ་འཚོག་ཆོག་པའི་བཀའ་ཁྱབ་གནང་བ་ལྟར་ཟླ་འདིའི་ཕྱི་ཚེས་ ༡༥ ནས་བཟུང་སཾ་བྷོ་ཊའི་ཁྱབ་ཁོངས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འཛིན་རིམ་དང་པོ་ནས་འཛིན་གྲྭ་དངོས་སུ་མགོ་འཛུགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག

རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འདས་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཡས་མས་ནས་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྒོ་བརྒྱབ་སྟེ་ལོ་གཅིག་དང་ཟླ་ ༨ ཙམ་འགྲོ་བཞིན་ཡོད་པ་དང་། ད་ལྟ་མངའ་སྡེ་ཁག་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་གནས་སྟངས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༨ ཉིན་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ལྷན་ཚོགས་ཐོག་ཐག་གཅོད་བྱུང་བ་ལྟར། སློབ་གྲྭ་ཁག་གིས་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་དང་བདེ་འཇགས་ཀྱི་འགན་ཁུར་འཐུས་ཚང་གནང་བའི་ཐོག་ནས་སང་ཉིན་ཕྱི་ཚེས་ ༡༠ ཉིན་ནས་འཛིན་རིམ་ ༣ ནས་ ༧ བར་གྱི་གཞི་རིམ་བར་མའི་སློབ་ཁག་དང་། ཟླ་འདིའི་ཚེས་ ༡༥ ནས་འཛིན་གྲྭ་དང་པོ་དང་ ༢ བར་གྱི་སློབ་ཁག་བསྐྱར་དུ་སྒོ་ཕྱེས་ཏེ་དངོས་སུ་འཛིན་གྲྭ་འཚོག་ཆོག་པའི་བཀོད་ཁྱབ་གནང་ཡོད་པ་རེད།

འདི་གའི་གསར་འགོད་པས་སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་སུ་མངའ་ཁོངས་སློབ་གྲྭ་ཁག་ག་དུས་མགོ་འཛུགས་གནང་འཆར་ཡོད་མེད་དྲིས་པར་ཁོང་གིས། ཧི་མ་ཅལ་མངའ་སྡེ་གཞུང་ནས་བཀོད་ཁྱབ་གནང་བ་ཇི་བཞིན་ལག་བསྟར་གནང་གི་ཡོད་གསུངས་བྱུང་ལ། དེ་རིང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ཡིག་ཚང་ནས་བརྡ་ཁྱབ་བཏང་བའི་ནང་། མངའ་སྡེ་གཞུང་ནས་བཀོད་ཁྱབ་གནང་བ་བཞིན་འཛིན་རིམ་དང་པོ་ནས་ཟླ་འདིའི་ཕྱི་ཚེས་ ༡༥ ནས་འཚོག་གཏན་འཁེལ་ཡོད་པ་དང་། འཛིན་རིམ་བཞི་པ་ཡན་གྱི་ཉལ་ཁང་སློབ་ཕྲུག་ཕ་མའི་སར་ཡོད་པ་རྣམས་ཕྱི་ཚེས་ ༡༤ རེས་གཟའ་ཉི་མའི་ཕྱི་དྲོ་ཆུ་ཚོད་ ༥ པའི་གོང་ལ་ཉལ་ཁང་དུ་འབྱོར་ཟིན་པ་དགོས་པ་དང་། དཔེ་སྟོན་ཉིན་སློབ་ཀྱི་སློབ་ཕྲུག་རྣམས་ལ་ཏོག་དབྱིབས་བརྟག་འབྲས་(RT-PCR)མེད་ཀྱང་ཆོག་ནའང་། འཛིན་རིམ་བཞི་པ་ཡན་གྱི་སློབ་ཕྲུག་ཚང་མས་དོ་བདག་ལ་ཏོག་དབྱིབས་ནད་རྟགས་མེད་པའི་བརྟག་འབྲས་(RT-PCR)ངེས་པར་དུ་འཕྲིན་ཐུང་ཙམ་མིན་པར་མཉམ་འཁྱེར་དགོས་སྐོར་གསལ་བསྒྲགས་གནང་འདུག

དེ་བཞིན་གངས་སྐྱིད་དཔེ་སྟོན་ཉིན་སློབ་ཀྱི་བརྡ་ཁྱབ་ནང་།  ཧི་མ་ཅལ་མངའ་སྡེ་གཞུང་གིས་སྔོན་འགྲོའི་སློབ་ཕྲུག་གི་འཛིན་གྲྭ་འཚོག་ཕྱོགས་ཀྱི་ཐད་ལ་བཀའ་ཁྱབ་དང་གསལ་བསྒྲགས་གང་ཡང་བྱས་མེད་ཀྱང་། ཕ་མ་རྣམས་ཀྱི་རེ་སྐུལ་བཞིན་ཚེས་ ༡༥ ནས་སྔོན་འགྲོའི་སློབ་ཕྲུག་ཚོར་བདུན་ ༡ ལ་ཚོགས་ཐེངས་གཅིག་རེ་འཚོག་རྒྱུ་ཡིན་པ་དང་། རིམ་པས་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཇེ་ལེགས་སུ་ཕྱིན་ཚེ། ཚོགས་ཐེངས་ཇེ་མང་དུ་གཏང་འཆར་ཡོད་ཀྱང་། འཆམ་ནད་ཕོག་པའི་བྱིས་པ་དང་ཕ་མས་གཏོང་འདོད་མེད་པ་རྣམས་ཡོང་མི་དགོས་ཀྱང་དགོངས་ཤོག་ཅིག་གཏང་དགོས་པ་དང་། སློབ་ཕྲུག་རྣམས་ཕ་མས་སློབ་གྲྭར་བསྐྱལ་དགོས་པ་ལས། སློབ་གྲྭ་གཞུང་གིས་སྤྱི་སྤྱོད་རླངས་འཁོར་གཏོང་རྒྱུ་མིན་སྐོར་གསལ་བརྡ་གནང་འདུག

སྤྱིར་བཏང་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སྐོར་ལ་ཚེ་རིང་དོན་གྲུབ་ལགས་ཀྱིས། རྒྱ་གར་ས་གནས་གང་སར་སམ་བྷོ་ཊའི་སློབ་གྲྭ་མང་པོ་ཞིག་ཡོད་སྟབས། སམ་བྷོ་ཊའི་སྤྱི་ཁྱབ་ཡིག་ཚང་ནས་སློབ་གྲྭ་འཚོག་ཕྱོགས་ཀྱི་ཐད་ལ་དམིགས་བསལ་གྱི་བཀོད་ཁྱབ་གང་ཡང་བཏང་མེད་པར། མངའ་སྡེ་དང་རྫོང་ཁག་སོ་སོས་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ལ་གཞིགས་ཏེ། སློབ་གྲྭ་འཚོག་ཕྱོགས་ཀྱི་ལམ་སྟོན་གནང་བ་གཙིགས་འདོན་བྱེད་ཀྱི་ཡོད་པ་ལྟར། ད་ལྟའི་ཆར་སམ་བྷོ་ཊའི་སློབ་གྲྭ་ཁག་གིས་སོ་སོའི་མངའ་སྡེ་དང་རྫོང་ཁག་གི་བཀའ་ཁྱབ་དང་ལམ་སྟོན་བཞིན་ལག་བསྟར་བྱེེད་མུས་ཡིན་སྟབས། ས་གནས་སོ་སོའི་ཏོག་དབྱིབས་སྔོན་འགོག་གི་ལམ་སྟོན་བཞིན་ཤར་སྐྱོད་བྱ་རྒྱུ་ཡིན་པ་དང་། ད་བར་སམ་བྷོ་ཊའི་སློབ་གྲྭ་ཁག་གི་སློབ་མ་བརྒྱ་ཆ་ ༩༠ ལྷག་གིས་དྲྭ་ལམ་བརྒྱུད་འཛིན་གྲྭ་འཐུས་ཚང་འཚོག་ཐུབ་ཀྱི་ཡོད་ཀྱང་། རྒྱ་གར་བྱང་ཤར་ཁུལ་དུ་ཆགས་པའི་བསྟན་འཛིན་སྒང་ཁུལ་དུ་དྲ་ལམ་ཡག་པོ་མེད་པའི་རྐྱེན་གྱིས་དཀའ་ངལ་ཅུང་ཙམ་བྱུང་སྐོར་དང་། ཧི་མ་ཅལ་མངའ་སྡེ་གཞུང་གིས་བཀོད་ཁྱབ་གཞིར་བཟུང་ནས་རྡ་སའི་ཁུལ་གྱི་དཔེ་སྟོན་སློབ་གྲྭ་སོགས་དངོས་སུ་འཛིན་གྲྭ་འཚོག་འཆར་ཡོད་སྐོར་སོགས་གསུངས་བྱུང་།

ཡང་འདི་གའི་གསར་འགོད་པས་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་སུ་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་ཁག་མགོ་འཛུགས་ག་དུས་གནང་གི་ཡོད་མེད་སོགས་དྲིས་པར་ཁོང་གིས། ཧི་མ་ཅལ་མངའ་སྡེ་གཞུང་ནས་བཀའ་ཁྱབ་གནང་བ་བཞིན་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ལྷན་འཛོགས་ཀྱིས་འཚོགས་འདུ་བསྡུ་འཆར་ཡོད་པ་དང་། འཛིན་རིམ་ ༡༠ དང་ ༡༢ ཀྱི་སློབ་མ་རྣམས་དངོས་སུ་སློབ་ཞུགས་བྱས་ཏེ་སློབ་ཚན་འཚོག་མུས་ཡིན་པ་དང་། འཛིན་གྲྭ་གཞན་རྣམས་ཁྱིམ་ཚང་རེ་རེར་བགོས་ཏེ། ཁྱིམ་ཚང་ནང་གནས་སྡོད་ཀྱིས་འཛིན་གྲྭ་འཚོག་མུས་ཡིན་སྟབས། བོད་ཁྱིམ་སློབ་གྲྭའི་སློབ་མ་རྣམས་ཀྱི་སློབ་ཚན་འཚོག་ཡུལ་བརྗེ་དགོས་པ་ཙམ་ལས་འཛིན་གྲྭ་འཚོག་མུས་ཡིན། ཡིན་ནའང་། སློབ་མ་འབོར་ཆེན་སློབ་གྲྭ་རུ་འཛོམས་མ་དགོས་པ་དང་ནད་རླབས་བསྐྱར་དུ་ཡོང་ཉེན་ལ་སྔོན་འགོག་ཆེད་འཛིན་རིམ་ ༡༡ གི་སློབ་མ་རྣམས་དངོས་སུ་སློབ་གྲྭར་བཅར་མ་དགོས་པ་བྱས་ཏེ་མུ་མཐུད་རང་ཁྱིམ་ནས་དྲ་ལམ་བརྒྱུད་འཛིན་གྲྭ་འཚོག་མུས་ཡིན་ལ། དཀའ་ངལ་གང་ཡང་མེད་སྐོར་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༩ ཙམ་ནས་ཧི་མ་ཅལ་མངའ་སྡེའི་ཁུལ་གྱི་འཛིན་རིམ་ ༩ ནས་ ༡༢ བར་གྱི་སློབ་ཁག་གིས་འཛིན་གྲྭ་དངོས་སུ་འཚོགས་ཡོད་ཀྱང་། བདུན་ཕྲག་གཅིག་གི་རྗེས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཇེ་ཆེར་ཕྱིན་པའི་རྐྱེན་གྱིས། ་ཟླ་དེའི་ཕྱི་ཚེས་ ༢༥ བར་དུ་ཕྱིར་འགྱང་གནང་ཡོད་པ་དང་། དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༡༡ ནས་འཛིན་རིམ་བརྒྱད་པ་ཁག་དངོས་སུ་འཚོགས་ཡོད་འདུག

ཧི་མ་ཅལ་མངའ་སྡེ་གཞུང་དང་ཤེས་ཡོན་ལྷན་ཚོགས་ནས་སློབ་ཁག་བསྐྱར་དུ་མགོ་འཛུགས་དང་འབྲེལ་བའི་ལམ་སྟོན་ནང་། དགེ་སློབ་ཚང་མས་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག་དང་ཉེན་སྲུང་ཚད་ལྡན་བྱེད་དགོས་པ་དང་། སློབ་མ་རྣམས་དངོས་སུ་འཛིན་གྲྭར་ཞུགས་པར་ཕ་མ་སོགས་ཀྱི་ཆོག་མཆན་དགོས་པ་ལས། དེ་མིན་རང་དགར་འཛིན་གྲྭར་ཞུགས་མི་ཆོག་པའི་ཁར། ཕ་མ་སོགས་ཀྱིས་ཆོག་མཆན་ཐོབ་ནས་དངོས་སུ་འཛོན་གྲྭར་ཞུགས་མཁན་རྣམས་ལ་འབྱོར་ཐོ་སོགས་ལེན་དགོས་སྐོར་དང་། སྔོན་འགྲོའི་སློབ་མ་རྣམས་མུ་མཐུད་དྲ་ལམ་ནས་འཛིན་གྲྭ་འཚོག་ཆོག་སྐོར་གསུངས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese