མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་བདུན་ཕྲག་གཅིག་ནང་བོད་མི་ཏོག་དབྱིབས་ནད་པ་ཅུང་ཇེ་མང་དུ་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་བདུན་ཕྲག་གཅིག་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་ཁྲོད་ཏོག་དབྱིབས་ནད་པ་ཇེ་མང་དུ་ཕྱིན་ཏེ་ནད་པ་གསར་པ་ ༤༦ བྱུང་བ་དང་མི་ ༢ རྐྱེན་འདས་སུ་ཕྱིན་ཡོད་འདུག

ཁ་སང་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསར་བསྒྲགས་ཐེངས་ ༨༥ སྤེལ་བ་ལྟར་ན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་ ༡༡ དང་བལ་ཡུལ་གྱི་ས་གནས་གྲངས་ ༡ ནང་རང་ཁྱིམ་ལ་ཟུར་བཀག་ཏུ་སྡོད་མཁན་བོད་མི་ ༦༥ དང་། ཚོགས་སྡེའི་ཟུར་བཀག་ཁང་དུ་མི་གྲངས་ ༢༠༡ བཅས་ཁྱོན་བསྡོམས་ཟུར་བཀག་ཏུ་སྡོད་མཁན་མི་གྲངས་ ༢༦༦ ཡོད་འདུག་ལ། འདས་པའི་བདུན་ཕྲག་གཅིག་ནང་རྒྱ་གར་ལྷོ་ཕྱོགས་ཀྱི་སྦེལ་ཀོབ་དང་ཀོ་ལི་གྷལ། མོན་གྷོ། ལ་དྭགས། ཨོ་ཌི་ཤ། ཏེ་ཛུ། དྷ་རམ་ས་ལ། བལ་ཡུལ་བཅས་ནས་སྐྱེས་པ་གྲངས་ ༣༨ དང་བུད་མེད་གྲངས་ ༨ བཅས་བོད་མི་གྲངས་ ༤༦ ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་པ་དང་། རྐྱེན་འདས་སུ་ཕྱིན་པ་ ༢ ལས་རང་ལོ་ ༥༢ ཡིན་པའི་སྐྱེས་པ་དེ་ལ་གཅིན་སྙི་ན་ཚ་ཡོད་པ་དང་། སྐྱེས་མ་རང་ལོ་ ༩༢ ཡིན་པ་དེར་མཁལ་མའི་ན་ཚའི་རྐྱེན་སོགས་བྱུང་ཡོད་འདུག

གསར་འགོད་གསལ་བསྒྲགས་སྐབས་སྨན་པ་མཚམས་གཅོད་ལགས་ཀྱིས། རྒྱ་གར་མངའ་སྡེ་མང་པོའི་ནང་གཞི་རིམ་དང་འབྲིང་རིམ། མཐོ་རིམ་སོགས་ཀྱི་སློབ་གྲྭ་མགོ་འཛུགས་ཀྱི་ཡོད་པ་རེད། ཉེ་བའི་ཆར་ཧི་མ་ཅལ་ནང་གཞི་རིམ་གྱི་སློབ་གྲྭ་མགོ་འཛུགས་རྒྱུའི་གསལ་བསྒྲགས་སྤེལ་བ་ལྟར། བོད་པའི་སློབ་གྲྭ་ཁག་སྒོ་འབྱེད་ཀྱི་ཡོད་པའི་གནས་སྟངས་ཆགས་ཀྱི་ཡོད་པར་བརྟེན། དམའ་རིམ་སློབ་གྲྭ་སོགས་མགོ་ཚུགས་པའི་སྐབས་ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་ཚན་པ་ཡོངས་ཀྱི་ངོས་ནས་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་གི་ཐབས་ལམ་དང་སྤྱོད་པ་དེ་ཚོའི་ཐོག་ཐུགས་སྣང་གནང་དགོས་སྐོར་དང་། སློབ་ཕྲུག་རྣམས་ལ་གོ་རྟོགས་སྤེལ་རྒྱུ་སོགས་ནི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་མ་ཟད། ཕ་མའི་ངོས་ནས་འགན་འཁུར་ཆེ་ཙམ་བཞེས་དགོས་ཤིང་སློབ་གྲྭར་ཕེབས་པའི་སྐབས་སོ་སོའི་ཕྲུ་གུ་ཚོར་ཁ་རས་དང་དུག་སེལ་སྨན་བསྐུར་དགོས་སྐོར། དེ་བཞིན་ཕྱི་མི་ངོ་མི་ཤེས་པ་རྣམས་དང་མི་ཐུག་པ་སོགས་རྒྱང་ཐག་བཞག་དགོས་པའི་ལམ་སྟོན་གནང་རྒྱུའི་ཐད་ཐུགས་སྣང་གནང་དགོས་སྐོར་སོགས་བརྗོད་སོང་།

ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ད་ལྟའི་ཆར་རྒྱ་གར་ནང་དུ་ (Dengue Fever) ཚ་བ་འབར་རྒྱུ་ཁྱབ་བཞིན་འདུག སྤྱིར་བཏང་ཆར་དུས་ཚར་བ་དང་ན་ཚ་ལངས་ཡོང་གི་ཡོད་ཀྱང་། ད་ལྟའི་ཆར་སྟོན་ཁའི་དུས་སུ་ཁྱབ་ཀྱི་ཡོད་པ་དེ་ཡ་མཚན་པོ་ཞིག་རེད་འདུག ཡིན་ནའང་རྒྱ་གར་ནང་གི་ས་གནས་ར་ཇི་སི་ཐན་ (Rajastjan) ནང་དུ་ (Dengue) ན་ཚའི་གྲངས་ཐོ་མཐོ་ཤོས་ཆགས་ཀྱི་ཡོད་འདུག ད་ལྟ་བར་དུ་ས་གནས་དེར་ (Dengue) ན་ཚ་ར་འཕྲོད་པ་སྟོང་ཕྲག་ ༡༣ ཡོད་པ་དང་མི་ ༥༨ འདས་གྲོངས་སུ་ཕྱིན་འདུག དེ་བཞིན་འདི་ལོར་རྒྱལ་ས་ལྡི་ལི་ནང་མི་གྲངས་ ༢༧༠༨ (Dengue) ན་ཚ་བྱུང་ཡོད་པ་དང་། བདུན་ཕྲག་འདིའི་ནང་མི་གྲངས་ ༡༡༧༠ བྱུང་ཡོད་འདུག མི་ ༩ འདས་གྲོངས་ཕྱིན་འདུག ཅན་དྷི་གྷར་ས་ཁུལ་ནང་ནད་པ་ ༦༩ དང་མི་གྲངས་ ༢ འདས་གྲོངས་སུ་ཕྱིན་འདུག རྒྱལ་ས་ཆེ་ཁག་ནང་དུ་ན་ཚ་འདི་ན་མཁན་མང་བ་འདུག རྒྱལ་ས་ཆེ་ཁག་གི་ནང་དུ་བོད་མི་བཞུགས་མཁན་མང་པོ་ཡོད་པ་དང་ཁ་ཤས་དགུན་ཚོང་དུ་ཕྱིན་ཡོད་པ་རེད། བོད་མི་ཁ་ཤས་ན་ཡོད་པའི་གནས་ཚུལ་གོ་བྱུང་། དེར་བརྟེན་འདིའི་ཐོག་ལ་ཚང་མས་གཟབ་གཟབ་གནང་རོགས། (Dengue) ན་ཚ་ནི་དུག་སྦྲང་བརྒྱུད་ནས་འགོས་ཀྱི་ཡོད་པར་བརྟེན། དུག་སྦྲང་གི་སོ་བརྒྱབ་མ་བཅུག་པ་དེ་གལ་ཆེ་ཤོས་ཡིན་པ་དང་ས་རུབ་པའི་སྐབས་སུ་ཕྱི་ལ་མ་འགྲོ་རྒྱུའི་ལམ་སྟོན་གནང་ཞིང་། འདིའི་ནད་རྟགས་ནི་ཚ་བ་འབར་བ་དང་རུས་ཟུག་བརྒྱབ་པ། དེ་བཞིན་ཁ་ཤས་ལ་འབུར་ཐོག་སིབ་སིབ་འདོན་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད་པ་རེད། སྔོན་འགོག་གི་ཆེད་དུ་ (Insect Repellent) དང་ (Odomos) ཟེར་བ་ལ་སོགས་པ་བྱུགས་ན་ཡག་པོ་ཡོད་སྐོར་དང་འདིའི་ཐོག་ལ་ཚང་མས་ཐུགས་སྣང་གནང་དགོས་པའི་ལམ་སྟོན་གནང་སོང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་མི་གྲངས་ ༨༦༡༥ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༦༦༧ དང་། རྐྱེན་འདས་སུ་ཕྱིན་པ་ ༡༥༧ ། ད་ལྟའི་ཆར་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་ ༥༡ ཡོད་འདུག དེ་བཞིན་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་ ༤༥།༣༡༣ དང་། དང་པོ་བརྒྱབ་ཟིན་པའི་མི་གྲངས་ ༥༠༦༤ ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་ ༦༩༨༠ ཡོད་འདུག དང་པོ་བརྒྱབ་ཟིན་པའི་མི་གྲངས་ ༤༨ ཙམ་ཡོད་པ་རེད་འདུག

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༧ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese