མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་ཚོར་ཁ་པར་ཞིག་སྤྲད་དེ་གསང་ཉན་རྗེས་འདེད་གཏོང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཆབ་སྲིད་བཙོན་ཟུར་ཁག་ཅིག་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བ་ཡིན་ནའང་མུ་མཐུད་ཁོང་ཚོའི་ཁ་པར་ཞིག་སྤྲོད་ཀྱི་ཡོད་པ་དེ་བརྒྱུད་གསང་བའི་ཉན་ཞིབ་དང་འགྲོ་འདུག་སྤྱོད་གསུམ་ལ་རྗེས་འདེད་གཏོང་གི་ཡོད་འདུག

ཚབ་མཚོན་གྱི་པར།

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་ཐོབ་རྗེས་ཀྱང་ཆབ་སྲིད་དང་ཚོང་ལས། རང་དབང་འཚོ་སྡོད་སོགས་ཀྱི་ཐད་དངོས་ཤུགས་བརྒྱུད་གསུམ་ནས་སྟངས་འཛིན་དང་གནོན་ཤུགས་སྤྲོད་བཞིན་ཡོད་པ་མ་ཟད། འགྲོ་འདུག་སྤྱོད་གསུམ་ལ་རྟོག་ཞིབ་བྱེད་ཆེད་བཙོན་པ་ཁག་ཅིག་ཀློད་གྲོལ་ཐོབ་རྗེས། གཞུང་ཕྱོགས་ནས་མི་རེར་ཤུ་ཀུ་ཁ་པར་ ༤ པ་རེ་སྤྲད་ནས་དུས་རྒྱུན་རང་ལུས་དང་འབྲལ་མེད་དུ་བེད་སྤྱོད་གཏོང་དགོས་པ་དང་། སྲིད་གཞུང་གི་ཆོག་མཆན་མེད་པར་ཁ་པར་གཞན་བེད་སྤྱོད་གཏོང་ཆོག་གི་མེད་འདུག

གནས་ཚུལ་མཁོ་སྤྲོད་པས། ང་རང་ལ་མཚོན་ན་ཁ་པར་དེ་སྤྲད་ནས་ལོ་གཅིག་ལྷག་འགྲོ་བཞིན་ཡོད་ཀྱང་ད་དུང་ཉར་དགོས་ཀྱི་འདུག་ལ། ཁ་པར་དེ་རིགས་ནང་དངུལ་གཞུང་ངོས་ནས་སྤྲོད་བཞིན་ཡོད་ན་ཡང་། ཁ་པར་ནང་གསང་ཉན་གྱི་མཉེན་ཆས་བླུག་ཡོད་སྟབས། གཞན་དང་གང་བྱུང་འབྲེལ་བ་བྱེད་ཐབས་མེད་པས་མཚམས་རེར་གྲོགས་པོ་ཚོའི་ཁ་པར་བརྒྱུད་རང་གི་འབྲེལ་བ་བྱ་དགོས་པ་ཚོར་འབྲེལ་བ་བྱེད་བཞིན་ཡོད་པ་དང་། གཞུང་གི་ཁ་པར་དེ་རིགས་ལག་ཏུ་ཡོད་པ་ནས་གནས་ཚུལ་ཚང་མ་ལེན་འགྲོ་བ་ཞིག་ཡིན་ན་ཡང་། ཁྱིམ་དུ་སྡོད་སྐབས་བར་ཐག་ཅུང་ཙམ་རེ་བཞག་པ་ཡིན་ན་ཁྱིམ་དུ་ཡོད་པ་ཤེས་རྟོགས་བྱུང་བ་ལས། ངས་ག་རེ་བྱེད་བཞིན་པ་སོགས་ལ་དེ་ཙམ་ཉེན་ཁ་མེད་པ་ཞིག་ཡིན་སྐོར་བརྗོད་བྱུང་།

གཞན་ཡང། ལོ་ཤས་སྔོན་གཉེན་འཕྲད་ཀྱི་ཡིག་ཆ་རག་ནས་བོད་ནང་ཕྱིན་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ཁོང་ཕ་ཡུལ་དུ་བསླེབས་པ་དང་ས་གནས་གཞུང་གིས་སྐད་བཏང་སྟེ། ང་ཚོས་ཁྱེད་རང་ཕ་ཡུལ་དུ་བསྡད་རིང་ཁ་པར་ཞིག་སྤྲོད་དགོས། དེ་མ་གཏོགས་ཁ་པར་གཞན་བེད་སྤྱོད་གཏོང་ཆོག་གི་མ་རེད་ཅེས་བརྗོད་བྱུང་ལ། ཁ་པར་དེའི་སྐོར་ངས་སྔོན་མ་ནས་མང་པོ་གོ་ཐོས་བྱུང་། ཁ་པར་དེ་རྒྱུན་དུ་ཁ་ཕྱེས་ནས་འདུག་དགོས་པ་མ་ཟད། མཚམས་མཚམས་ལ་སྲིད་གཞུང་གི་མི་སྣས་ཁ་པར་ཡོང་སྟེ་ཁྱེད་རང་གང་དུ་ཡོད། ག་བར་ཕྱིན་པ་ཡིན། རོགས་པ་སུ་ཡོད། གཞུང་ནས་རོགས་པ་བྱེད་དགོས་པ་དེ་འདྲ་འདུག་གམ་ཞེས་སྐད་ཆ་ཡང་ཡང་འདྲི་ཡི་འདུག མཚམས་རེར་ཁ་པར་མ་འཕྲོད་པ་དེ་འདྲ་བྱུང་ན་འདྲི་བ་མང་པོ་གཏོང་གི་འདུག་ཅེས་བརྗོད་བྱུང་།

གནད་དོན་དེའི་ཐད་ལ་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་སྐད་ཆ་དྲིས་པར། རྒྱ་ནག་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་ཁག་ཅིག་ཀློད་གྲོལ་བཏང་རྗེས་ཡུན་རིང་དམ་དྲག་འོག་འཇོག་གི་ཡོད་པ་ལྟར། རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་ཟུར་ཚོར་གཞུང་ངོས་ནས་ཁ་པར་སྤྲོད་བཞིན་པའི་ལས་གཞི་དེ་ཕྱི་ལོ་༢༠༡༤ ཙམ་ནས་འགོ་བཙུགས་ཡོད་པ་དང་། ཁ་པར་དེ་རིགས་ལག་ཏུ་ཡོད་པ་ནས་ཁོ་ཚོའི་འགྲོ་འདུག་སྤྱོད་གསུམ་ཅུང་ཙམ་ལ་ཡང་ལྟ་ཞིབ་དང་སྟངས་འཛིན་བྱེད་བཞིན་ཡོད་པ་མ་ཟད། བཙོན་ཁང་ནས་བཙོན་གྲོལ་ཐོབ་པ་ཙམ་ལས་ད་དུང་རྗེས་འདེད་སོགས་ཀྱིས་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་ཡོད་སྐོར་བརྗོད་བྱུང་།

 

རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

སྐར་མ ༣༩ སྔོན་ལ།
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༢ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese