མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཙ་རིའི་ཆུ་རྒྱུན་དུ་གྲོང་གསེབ་ཅིག་གསར་དུ་བསྐྲུན་པར་རྒྱ་གར་གྱིས་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དཀར་ནག་གཉིས་བར་རྩོད་རྙོག་ཏུ་གྱུར་བའི་ཙ་རིའི་ཆུ་རྒྱུན་དུ་རྒྱ་ནག་གཞུང་གིས་གྲོང་གསེབ་ཅིག་གསར་དུ་བསྐྲུན་པར་རྒྱ་གར་གཞུང་གིས་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། ཆེས་ཤུགས་ཚད་མྱུར་བའི་འཕུར་མདེལ་མཚོན་ཆ་ཞིག་ས་མཚམས་སུ་འགྲེམས་འཇོག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་གི་དམག་དོན་དང་བདེ་སྲུང་ཐད་ཀྱི་སྙན་ཐོ་ཞིག་ཨ་རིའི་གྲོས་ཚོགས་ལ་ཕུལ་བའི་ནང་།  ད་ལྟ་རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་ཛ་དྲག་ཏུ་འགྱུར་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་ཏུ་གྱུར་བའི་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་ས་མཚམས་སུ་ཁྱིམ་ཚང་བརྒྱ་ལྡན་པའི་གྲོང་གསེབ་ཅིག་འཛུགས་སྐྲུན་བྱས་ཡོད་པ་གསལ་འདོན་གནང་བ་དང་སྦྲགས། རྒྱ་ནག་གིས་རྒྱ་གར་ལ་བཙན་འཛུལ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག་པ་དང་། དེ་འབྲེལ་ཐད་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས། རྒྱ་ནག་གིས་ཁྲིམས་འགལ་ངང་རྒྱ་གར་གྱི་ས་མཚམས་བདག་བཟུང་བྱས་པར་ངོས་ལེན་མེད་པ་མ་ཟད། རྒྱ་གར་གྱིས་རྒྱལ་འབྲེལ་ཐབས་བྱུས་ཀྱི་ཐོག་ནས་མུ་མཐུད་རྒྱ་ནག་གི་ཁྲིམས་འགལ་གྱི་འགུལ་སྐྱོད་དེའི་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་པའི་ལན་འདེབས་བྱས་ཡོད་པ་རེད།

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ཞིབ་འཇུག་སྙན་ཐོ་དེའི་ནང་། ཕྱི་ལོ་ ༢༠༢༠ ནང་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་ཏུ་གྱུར་བའི་ས་མཚམས་སུ་རྒྱ་ནག་གིས་ཁྱིམ་ཚང་ ༡༠༠ ལྡན་པའི་གྲོང་གསེབ་ཅིག་གསར་བསྐྲུན་བྱས་ཡོད། རྒྱ་ནག་གི་གྲོང་གསེབ་གསར་བསྐྲུན་གྱི་འཛུགས་བསྐྲུན་དེ་དང་རྒྱ་ནག་དཀར་ནག་གི་ས་མཚམས་ཁུལ་གྱི་འཛུགས་བསྐྲུན་གཞན་དག་གིས། རྒྱ་གར་གཞུང་དང་རྒྱ་གར་གྱི་བརྒྱུད་ལམ་ཁག་ལ་ཁོ་ཁྲོང་སློང་གི་ཡོད་ཀྱང་། རྒྱ་ནག་གིས་དེ་ལས་ལྡོག་སྟེ་རྒྱ་གར་གཞུང་ནས་ས་མཚམས་ཁུལ་དུ་འཛུགས་སྐྲུན་རྒྱ་སྐྱེད་ཀྱིས། རྒྱ་དཀར་ནག་གི་ཐིག་མཚམས་ནས་དམག་མིའི་གདོང་ཐུག་བསླངས་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྒྱ་གར་གྱིས་རྒྱ་ནག་གི་ངོས་འཛིན་བྱེད་བཞིན་པའི་ཐིག་མཚམས་ནས་འཛུགས་སྐྲུན་མཚམས་འཇོག་དང་དམག་མི་སོགས་ཕྱིར་འཐེན་མ་བྱས་ བར་དུ་རྒྱ་ནག་གི་དམག་མི་ཕྱིར་འཐེན་བྱ་རྒྱུ་མིན་པ་ནན་བརྗོད་བྱས་ཡོད། ཅེས་བཀོད་འདུག

ཨ་རི་གཞུང་འབྲེལ་གྱི་སྙན་ཐོ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་ཆོས་ཟམ་གྲོང་གསེབ་ཀྱི་ཉེ་འཁྲིས་དང་ནག་ཚལ་གྱི་དཀྱིལ་ན་བཞུར་གྱིན་པའི་ཙ་རིའི་ཆུ་རྒྱུན་དུ་གྲོང་གསེབ་གསར་སྐྲུན་བྱས་ཡོད་པ་དང་། ས་ཁུལ་དེ་ནི་ད་ལྟ་རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་ཏུ་གྱུར་བའི་ཐིག་མཚམས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། ཙ་རི་ཞེས་པའི་གནས་དེ་ནི་བོད་ལྷུན་རྩེ་རྫོང་ཁོངས་སུ་གཏོགས་ཀྱི་ཡོད་ཅིང་། གནའ་སྔ་མོ་དག་པོ་ཤེལ་རི་སོགས་གནས་མཇལ་བྱེད་ཡུལ་ཞིག་ཡིན་པར་བཤད། རྒྱ་གར་ཕྱོགས་ནས་ས་ཁུལ་དེར་(Gelensiniak) ཞེས་འབོད་ཀྱི་ཡོད་པ་དང་ཨ་རུ་ན་ཅལ་ཁུལ་གྱི་ (Upper Subansiri) ཟེར་བའི་རྫོང་ཁོངས་ཡིན་པར་བརྗོད་འདུག

ད་ལྟ་ཙ་རིའི་སྟོད་སྨད་བར་གསུམ་གྱི་ཁུལ་དུ་རྒྱ་ནག་གིས་འཛུགས་སྐྲུན་གྱི་རྣམ་པའི་ཁེངས་ཡོད་པར་བརྟེན། རྒྱ་གར་ཕྱོགས་ནས་ཀྱང་ས་ཁུལ་དེར་ལམ་དང་ཟམ་ཆེན་སོགས་འཛུགས་སྐྲུན་གྱི་ལས་གཞི་སྔར་ལྷག་རྩོམ་མུས་ཡིན་པ་དང་། རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཨ་རན་ཌམ་བྷ་ཆི་ (Arindam Bagchi) ལགས་ཀྱིས། རྒྱ་གར་གཞུང་གིས་འདི་ལོ་ཕྱི་ཟླ་ ༡ ནང་རྒྱ་ནག་གི་གྲོང་གསེབ་གསར་སྐྲུན་གྱི་ལས་གཞི་དེ་ཤེས་རྟོགས་བྱུང་ཡོད་ལ། རྒྱ་གར་གྱིས་རྒྱ་ནག་གི་གྲོང་གསེབ་འཛུགས་སྐྲུན་ཐད་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་མཐའ་མཚམས་བདག་དབང་སྲུང་སྐྱོབ་སྔར་ལྷག་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་རེད།

IAF’s longest BrahMos strike mission: Sukhoi-30 takes off from Punjab, destroys target 4,000 km away

ཡང་རྒྱ་གར་རྒྱལ་སྲུང་དམག་སྤྱི་ཆེན་མོ་བྷི་པིན་ General Bipin Rawat) ལགས་ཀྱིས། རྒྱ་ནག་ནི་རྒྱ་གར་གྱི་བདེ་འཇགས་ལ་ཆེས་ཆེ་བའི་ཉེན་ཁ་དེ་ཡིན་པས། ང་ཚོས་འདས་ལོ་ནས་ཧི་མ་ལ་ཡའི་མཐའ་མཚམས་ཁུལ་དུ་འགྲེམས་འཇོག་བྱས་པའི་དམག་དང་མཚོན་ཆ་སོགས་ཕྱིར་འཐེན་མ་བྱས་བར་དུས་ཡུན་གང་འཚམ་རིང་འཇོག་གི་ཡིན། ཞེས་བརྗོད་ཡོད་པ་དང་། དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་། རྒྱ་གར་གཞུང་གིས་ཧིན་བོད་ས་མཚམས་ཁུལ་དུ་ཧིན་སྒོར་ཀ་རོ་ (Crore) ༡༢༠༠༠  ལྷག་གི་འཛུགས་སྐྲུན་གྱི་ལས་གཞི་སྤེལ་མུས་ཡིན་པར་ཁར། (BrahMos missile) ཞེས་པའི་འཕུར་མདེལ་མཚོན་ཆ་དང་མཚོན་ཆ་གཞན་རིགས་རྒྱ་དཀར་ནག་གི་རྩོད་རྙོག་ཏུ་གྱུར་བའི་ས་མཚམས་ཁུལ་དུ་འགྲེམས་འཇོག་བྱ་འཆར་ཡོད་སྐོར་བསྒྲགས་འདུག

གཞན་ཡང་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་རྒྱ་གར་གྱི་འབྲས་ལྗོངས་ཀྱི་ནུབ་ཕྱོགས་དང་བོད་ཀྱི་གྲོ་མོ་རྫོང་ཁོངས་ཀྱི་ས་མཚམས་སུ་ཚངས་ཐིག་ཅིག་གསར་དུ་བསྐྲུན་ཏེ། རྒྱ་གར་གྱི་ཤར་ནུབ་མངའ་སྡེ་ཁག་རྒྱ་གར་སྤྱི་དང་འབྲེལ་མཐུད་ཡོང་བར་བཀག་འགོག་བྱེད་རྩིས་ཡོད་སྐོར་བརྗོད་ཡོད་པ་དང་འབྲེལ། རྒྱ་ནག་གི་རང་གི་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་རྒྱ་སྐྱེད་ཀྱི་ཐའེ་ཝན་དང་རྒྱ་གར་གཉིས་ལ་དམག་འཁྲུག་རྒྱག་པར་གྲ་སྒྲིག་གསར་པ་བྱེད་ཀྱི་ཡོད་པའི་ཉེན་བརྡའང་བཏང་ཡོད་པ་རེད།

རྒྱ་ནག་གཞུང་གིས་འདས་ལོ་ནས་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་ཏུ་གྱུར་བའི་ལ་དྭགས་ཀྱི་གཙོས་བྱང་ཤར་ཁུལ་གྱི་ཐིག་མཚམས་(LAC) ལས་རྒྱ་གར་གྱི་ཕྱོགས་སུ་དམག་དོན་དང་འབྲེལ་བའི་འཛུགས་སྐྲུན་གྱི་རྣམ་གྲངས་རྒྱ་སྐྱེད་གཏོང་མགོ་བརྩམས་ཏེ། རྒྱ་གར་གཞུང་ལ་གནོད་ཤུགས་སྤྲད་ཡོད་པ་དང་། རྒྱ་གར་གྱིས་ཀྱང་རང་ནུས་གང་ལྕོག་གིས་ལ་དྭགས་དང་བྱང་ཤར་ཁུལ་དུ་དམག་མིའི་གྲངས་འབོར་ཇེ་མང་དུ་བཏང་བ་དང་ལམ་ཁ་སོགས་འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་རྩོམ་མུས་ཡིན་ཡང་། རྒྱ་གར་གྱི་དམག་མི་རྣམས་གྲང་ངར་ཆེ་བའི་ས་མཐོ་གངས་རིའི་ཁྲོད་མུ་མཐུད་གནས་རྒྱུ་ཁག་པོ་ཡིན་སྟབས། ཟླ་སྔོན་མའི་ནང་རྒྱ་དཀར་ནག་གི་བློན་ཆེན་ལྷན་འཛོམས་བགྱིས་ཏེ་ས་མཚམས་ཁུལ་གྱི་དམག་མི་ཕྱིན་འཐེན་ཡོང་བར་གྲོས་མོལ་བྱས་ནའང་རྒྱ་ནག་གིས་ངོས་ལེན་མ་བྱས་སྟབས། ད་ལྟ་ད་དུང་ཡང་ཕྱོགས་གཉིས་བར་ས་མཚམས་དང་འབྲེལ་རྩོད་རྙོག་གི་གནས་སྟངས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༨ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese