མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་ལོ་ ༡༩༧༡ ལོའི་བཱང་ལ་དེ་ཤི་བཅིངས་གྲོལ་དམག་གི་ཁྲོད་མངོན་པར་མི་གསལ་བའི་བོད་ཀྱི་དཔའ་བོ།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཀ་ལོཏ་ཨར་པི། (Claude Arpi)

བོད་སྒྱུར་བ། ཉི་མ་ཚེ་རིང་། བོད་ཀྱི་དུས་བབ་གསར་འགོད་པ།

Special Frontier Force at Chakarta. Image Courtesy: Phantoms of Chittagong by SS Uban

བཱང་ལ་དེ་ཤི་རྒྱལ་ཁབ་བཅིངས་གྲོལ་ཐོབ་སྟེ་ལོ་ངོ་ ༥༠ འཁོར་སྐབས། ད་ལྟ་རྒྱ་གར་གྱི་ཨུཏ་ར་ཁན་མངའ་སྡེ་ནང་ཡོད་པའི་དམག་སྦྱོང་དམིགས་བསལ་ཅན་གྱི་བོད་ཀྱི་བསྟན་སྲུང་དྭངས་བླངས་དམག་མིས་ཅི་ཏ་གཱོང་རི་ལུང་ནང་གི་དམག་འཁྲུག་སྐབས་ལས་དོན་ཆེན་པོ་བསྒྲུབས་ཀྱང་སྦས་གསང་གང་ཐུབ་བྱས་པ་དེ་དྲན་གསོ་བྱེད་དགོས་འདུག

ང་ཚོས་རིང་མིན་ནུབ་པ་ཀི་སི་ཐན་(West Pakistan)གྱི་སྲིད་དབང་སྒེར་འཛིན་པས་བཱང་ལ་དེ་ཤི་(Bangladesh)ཧམ་བཟུང་བྱས་ཡོད་པ་དེ་བཅིངས་གྲོལ་བཏང་སྟེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན། ད་ལྟ་ཨུཏ་ར་ཁན་(Uttarakhand)ལ་རྟེན་གཞིར་བྱེད་པའི་དམག་སྦྱོང་དམིགས་བསལ་ཅན་གྱི་བོད་ཀྱི་བསྟན་སྲུང་དྭངས་བླངས་དམག་མིས་དམག་འཁྲུག་ནང་མཉམ་ཞུགས་བྱས་པ་དེ་རྒྱ་གར་གྱི་སྦས་གསང་ཆེན་པོའི་ནང་གི་གཅིག་ཆགས་བསྡད་ཡོད། ཅི་ཏ་གཱོང་རི་ལུང་གི་བཅིངས་གྲོལ་དམག་འཁྲུག་སྐབས་བཱང་ལ་དེ་ཤི་རྒྱལ་ཁབ་ཀྱི་རང་དབང་འཐབ་རྩོད་པ་མུཀ་ཏི་བཱ་ཧི་ནཱི་(Mukti Bahini)ཞེས་པ་དང་ལྷན་དུ་བོད་ཀྱི་བསྟན་སྲུང་དྭངས་བླངས་དམག་མི་ཚོས་ཀྱང་ཧ་ཅང་གལ་འགངས་ཆེ་བའི་ལས་དོན་བསྒྲུབས་ཡོད།

བོད་ཀྱི་བསྟན་སྲུང་དྭངས་བླངས་དམག་མི་འབྱུང་སྟངས།

རྒྱ་ནག་དམར་གཞུང་གིས་རྒྱ་གར་ལ་སྔོན་བརྡ་མེད་པར་དམག་ཐབས་མ་བྱེད་གོང་གི་བདུན་ཕྲག་ཅིག་གི་གོང་དུ། ཕྱི་ལོ་ ༡༩༦༢ ཟླ་ ༡༡ ནང་བོད་ཀྱི་བསྟན་སྲུང་དྭངས་བླངས་དམག་མི་གསར་དུ་བཙུགས་པ་དང་། དེའི་དམིགས་ཡུལ་ནི་བོད་དེ་རྒྱ་འོག་ནས་བོད་མི་རང་གིས་ཀློད་གྲོལ་ཐུབ་པ་བྱེད་རྒྱུ་དེ་ཡིན།

མདའ་དཔོན་དབྲ་ཕྲུག་ངག་དབང་ནི་བོད་དམག་གི་མགོ་ཁྲིད་བགྲེས་པོ་(ཁོང་ད་ཆ་འདས་གྲོངས་སུ་ཕྱིན་ཟིན་པ་ཡིན།)ཞིག་ཡིན་པ་དང་། ཁོང་གིས་བོད་ཀྱི་བསྟན་སྲུང་དྭངས་བླངས་དམག་མི་ལ་དབྱིན་ཡིག་ཐོག་(Establishment 22)ཡང་ན་ཡོངས་གྲངས་ལ་(Two-twos)ཞེས་པ་དེ་མིང་ཇི་ལྟར་ཐོག་ཚུལ་སྐོར་འགྲེལ་བརྗོད་གནང་ཡོད། བོད་དམག་གི་རུ་དཔོན་དང་པོ་ནི་རྒྱ་གར་གྱི་དམག་དཔོན་བགྲེས་པ་སྐུ་ཞབས་སུ་ཇན་སིང་ཨུ་བན་(Sujan Singh Uban)ལགས་ཡིན་ཞིང་། ཁོང་གིས་རྗེས་སུ་བོད་དམག་གི་དམག་དཔོན་ཡང་གནང་མྱོང་ཡོད།

བོད་ཀྱི་བསྟན་སྲུང་དྭངས་བླངས་དམག་མི་དང་བཱང་ལ་དེ་ཤི་ཡི་དམག་འཁྲུག

FDapon Ratuk Ngawang. Image procured by author

གཞུང་འབྲེལ་གྱི་ལོ་རྒྱུས་ལ་བལྟས་ན། རྒྱ་གར་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱིས་ཕྱི་ལོ་ ༡༩༧༡ ལོའི་དམག་འཁྲུག་གི་རྒྱལ་ཁའི་སྐོར་ཆ་ཚང་ཡིག་ཐོག་ཏུ་བཀོད་ཡོད་ཀྱང་། བོད་དམག་གི་སྐོར་ལ་ཟུར་བརྗོད་ཙམ་ཡང་བྱས་མེད་སྟབས། དེ་རིང་ཁ་སང་བོད་དམག་གིས་དམག་འཁྲུག་དེའི་ཁྲོད་མཉམ་ཞུགས་བྱས་པའི་སྐོར་དཔང་རྟགས་ཀྱི་ཡིག་ཆ་ཧ་ཅང་གི་རྙེད་ཁག་པོ་ཆགས་ཡོད། དེ་ནི་ཕལ་ཆེར་སྦས་གསང་བྱེད་དགོས་པའི་སྐད་ཆ་ཞིག་ཡིན་པའི་ཆ་ནས་ཀྱང་ཡིན་སྲིད།

ལོ་ཤས་གོང་མདའ་དཔོན་དབྲ་ཕྲུག་གིས་བཅར་འདྲི་ཞིག་གི་སྐབས་སུ། བོད་ཀྱི་བསྟན་སྲུང་དྭངས་བླངས་དམག་མི་ལ་ཡོངས་གྲགས་སུ་(Special Frontier Forces)ཞེས་པ་བརྗོད་ཀྱི་ཡོད་པ་དང་། བོད་དམག་གིས་རྒྱ་གར་དམག་མིའི་སྣེ་ཁྲིད་འོག་ལས་དོན་བྱེད་ཀྱི་མེད། དམག་སྡེ་དེ་ནི་ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་བྱུང་རྗེས་གསར་དུ་བཙུགས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་དམག་མིའི་རོགས་རམ་འོག་རྒྱ་ནག་གི་དམག་མི་ལ་འཐབ་རྒོལ་བྱེད་རྒྱུ་དེ་ཡིན། ཐོག་མར་བོད་དམག་བཙུག་སྐབས་ང་ཚོས་དམག་དོན་གྱི་ལས་རིགས་བྱེད་ཡུལ་དེ་རྒྱ་གར་ས་མཚམས་ཉེ་འགྲམ་གྱི་བོད་ཀྱི་ས་ཆ་ལྷུན་རྩེ་རྫོང་ལ་བྱེད་དགོས་དྲན་ཡོད། ང་ཚོའི་འཆར་གཞི་གཞིར་བཟུང་བྱས་ན་བོད་དམག་གསར་དུ་བཙུགས་ཏེ་ཟླ་བ་ལྔའམ་དྲུག་རྗེས་རྒྱ་ནག་དམག་མི་དང་ལྷུན་དུ་དམག་འཐབ་བྱེད་རྒྱུ་དེ་ཡིན། འོན་ཀྱང་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་དེ་ཕྱི་ལོ་ ༡༩༦༢ ཟླ་ ༡༡ ཚེས་ ༢༢ ཉིན་མཚམས་འཇོག་བྱས་ཡོད། དེའི་རྗེས་སུ་རྒྱལ་སྤྱིའི་ནང་རྒྱ་དཀར་ནག་གཉིས་བར་ཞི་བདེ་ལྷིང་འཇགས་ཡོང་དགོས་པའི་གནོན་ཤུགས་སྤྲད་པར་བརྟེན། རྒྱ་ནག་དང་དམག་འཁྲུག་གི་ལས་དོན་མུ་མཐུད་འགྲོ་ཐུབ་མེད། དེར་བརྟེན་ཐོག་མའི་འཆར་གཞི་བཞིན་བོད་ཀྱི་བསྟན་སྲུང་དྭངས་བླངས་དམག་མིའི་ལས་དོན་ཡང་ལམ་ལྷོངས་བྱུང་ཡོད་པ་མ་རེད། ཅེས་བརྗོད་ཡོད།

འོན་ཀྱང་ཕྱི་ལོ་ ༡༩༧༡ ལོར་རྒྱ་གར་དང་ཤར་པཱ་ཀི་སི་ཐན་གཉིས་ཀྱི་བར་དམག་འཁྲུག་བྱུང་སྐབས། སྐབས་དེའི་སྲིད་བློན་ཨིན་ད་ར་གན་དི་(Indra Gandhi)ལགས་ཀྱིས་རྒྱ་གར་གསང་བའི་ལས་ཁུངས་(RAW)འགན་འཛིན་ཨར་ཨེན་ཀཨོ་(RN Kao)དང་གྲོས་བསྡུར་གྱིས། བོད་དམག་རྣམས་རྒྱ་གར་གྱི་ཕྱོགས་གཏོགས་བྱས་ཏེ་དམག་འཁྲུག་དེའི་སྐབས་འཇབ་དམག་རྒྱག་ཕྱིར་མངགས་གཏོང་བྱས་པ་རེད།

དམག་དཔོན་ཨུ་བན་(Uban)ལགས་ཀྱིས་སོ་སོའི་དྲན་ཐོའི་དེབ་(memoirs)ཅི་ཏ་གཱོང་གི་མངོན་པར་མི་གསལ་བའི་སྒྲིབ་གཟུགས་(The Phantoms of Chittagong)ཞེས་པའི་ནང་། རྒྱ་གར་གཞུང་གིས་དམག་འཁྲུག་བྱུང་ལ་ཉེ་སྐབས། ང་རང་འཇབ་དམག་ལ་ཆེད་སྦྱོང་ཡིན་པར་བརྟེན་ཆེད་མངགས་རྒྱ་གར་ས་མཚམས་ཀྱི་གནས་སྟངས་ལ་ཞིབ་འཇུག་དང་། མཐའ་མཚམས་ཁག་གི་མི་རྣམས་ལ་ཐུག་ཕྲད་ཀྱིས་དེ་དག་གི་ཞིབ་ཕྲའི་སྙན་ཐོ་འབུལ་དགོས་ཟེར་བ་ལྟར་དེ་བཞིན་བྱས་པ་མ་ཟད། མཐའ་མཚམས་ལ་ཡོད་པའི་བཱང་ལ་དེ་ཤི་ཡི་གཞོན་ནུ་མགོ་ཁྲིད་ཁ་ཤས་ལ་ཐུག་ཕྲད་ཀྱང་བྱས་པ་ཡིན། ཞེས་བརྗོད་འདུག

ད་དུང་ཁོང་གིས། ས་ཆའི་གནས་སྟངས་དང་ཆགས་དབྱིབས་ལ་ལྟ་སྐོར་འགྲོ་སྐབས་བཱང་ལ་དེ་ཤི་ནི་འཇབ་དམག་རྒྱག་ཤེས་མཁན་ཞིག་ལ་ལྷ་ཡུལ་ལྟ་བུ་ཡིན་པར་ང་རང་སྒེར་ལ་ཚོར་སྣང་བྱུང་། ཤིང་ནག རི་ལུང་། རྒྱུག་ཆུ། ཆུ་ཕྲན། མཚེའུ་སོགས་ས་ཆ་མང་པོ་ཞིག་ལ་ལས་སླ་བོའི་ཐོག་འགྲོ་ཐུབ་པ་མིན་འདུག་ལ། རྒྱུག་ཆུ་དང་མཚེའུ་དེ་དག་གི་ནང་དུ་ཉ་དང་བྱ་བྱིའུ་སྣ་ཚོགས་ཡོད་པ་ཞིག་ཡིན་འདུག་པས། འཇབ་དམག་རྒྱག་མཁན་ཚོ་དཀའ་ཁག་མེད་པར་འཚོ་བ་རང་སྐྱོང་ཐུབ་པ་འདུག ཅེས་མུ་མཐུད་འགྲེལ་བརྗོད་བྱས།

Image Courtesy: Phantoms of Chittagong by Maj Gen SS Uban

དེའི་སྟེང་དུ་ཁོང་གིས། གལ་ཏེ་རྣམ་རྟོག་གི་དྲ་བ་བཅད་དེ་མི་འབོར་ས་ཡ་ ༧༥ ཅན་གྱི་ཁོང་ཁྲོ་ལ་བལྟས་ན། ང་ཚོས་རྒྱལ་ཁབ་དེའི་ཕྱི་ནང་མི་འདྲ་བའི་རྣམ་པ་དེར་སྟངས་འཛིན་བྱེད་ཆེད་དམག་མིའི་སྒྲིག་ཁྲིམས་ལག་བསྟར་བྱེད་དགོས་འདུག་པ་མ་ཟད། པ་ཀི་སི་ཐན་རྒྱལ་ཁབ་ཀྱིས་མ་འོངས་པར་དེ་སྔོན་བཞིན་དམག་འཐབ་ཀྱིས་ཧམ་བཟུང་བྱེད་རྒྱུའི་ཐབས་ཤེས་བྱས་ན། ཁོང་ཚོའི་དམག་མི་དང་དེའི་ནུས་སྟོབས་འབྱུང་ཁུངས་རྩ་བ་ནས་གཏན་མེད་བཟོ་ཕྱིར་འཇབ་དམག་བརྒྱབ་དགོས་ཡོད་པ་དྲན་གྱི་འདུག ཅེས་བརྗོད་ཡོད།

ཨུ་བཱན་གྱིས་ཅཱི་ཏ་གཱོང་གི་རི་ལུང་དུ་པ་ཀི་སི་ཐན་དམག་གི་བཙན་འཛུལ་འགོག་ཐབས་སུ་འཇབ་དམག་བརྒྱབ་དགོས་པའི་བསམ་ཚུལ་བཏོན་པ་རེད། ཁོང་གིས་དྲན་གསོ་བྱས་ཏེ་ཞུས་དོན། དམག་སྤྱི་མཱ་ནེ་ཤའོ་(General Manekshaw)(སྐབས་དེར་རྒྱ་གར་གྱི་དམག་མིའི་དམག་སྤྱི་)ལགས་ཀྱིས་ཀྱང་ང་ལྟ་བུར་དྲན་ནས་བསྡད་འདུག ཉིན་ཞིག་ཁོང་གིས་ང་ལ་དམག་ས་དེར་འཇབ་དམག་བརྒྱབས་ན་ལེགས་འགྲུབ་ཡོང་གི་ཡོད་མེད་ལྟ་བར་བཏང་བྱུང་། ངེད་གཉིས་ཀྱིས་དེ་སྔོན་བསམ་པ་བཞིན་ལག་བསྟར་བྱེད་རྒྱུ་ཁས་ལེན་བྱས། དེ་ནས་ངས་བོད་ཀྱི་བསྟན་སྲུང་དྭངས་བླངས་དམག་མི་ཚོར་ལས་དོན་དེའི་ཆེད་འཁྲིད་རྒྱུ་གྲ་སྒྲིག་བྱེད་པར་ཕྱིན་པ་ཡིན། ངས་བོད་ཀྱི་བསྟན་སྲུང་དྭངས་བླང་དམག་མིའི་འགོ་ཁྲིད་དང་འབྲེལ་ཡོད་རྣམས་ལ་འབྲེལ་བ་བྱས་པར་ཁོང་ཚོས་ལས་དོན་ཡོངས་རྫོགས་གོ་རྟོགས་བྱུང་སྟེ། ཁོང་རྣམ་པས་ཡིག་ཐོག་ནས་གལ་སྲིད་པ་ཀི་སི་ཐན་གྱིས་རྒྱ་གར་ལ་དམག་བརྒྱབས་ན་བོད་དམག་ཀྱང་དམག་འཁྲུག་དེར་མཉམ་ཞུགས་ཀྱིས་རྒྱ་གར་ལ་རོགས་སྐྱོར་བྱ་རྒྱུ་གོ་སྐབས་གནང་དགོས་ལུགས་བརྗོད། ཅེས་ཟེར།

སྐབས་དེར་ཨུ་བཱན་གྱི་འགོ་ཁྲིད་འོག་དམག་མི་མ་འདྲ་གཉིས་ཡོད། དམིགས་བསལ་དམག་སྦྱོང་ཡོད་པའི་བོད་ཀྱི་བསྟན་སྲུང་དྭངས་བླངས་དམག་མི་དང་བྷང་ལ་དེ་ཤི་ཡི་མཱུ་ཇིབ་བཱ་ཧི་ནཱི་(Mujeeb Bahini)ཞེས་པ་དེ་གཉིས་ཡིན།

བོད་ཀྱི་བསྟན་སྲུང་དྭངས་བླངས་དམག་མིའི་མཉམ་ཞུགས།

ཕྱི་ལོ་ ༡༩༧༡ ལོ་སྟོད་དུ་རྒྱ་གར་གྱི་རྒྱལ་ས་ནེའུ་ལྡི་ལི་ལ་རྒྱ་གར་དམག་མིའི་དམིགས་བསལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད། སྐབས་དེར་བོད་ཀྱི་བསྟན་སྲུང་དྭངས་བླངས་དམག་མིས་རྒྱ་གར་དམག་མིའི་རུ་དཔོན་ཨུ་བཱན་ལགས་ཀྱིས་བཱང་ལ་དེ་ཤི་ཡི་བཅིངས་གྲོལ་དམག་འཁྲུག་སྐབས་བོད་དམག་སྣེ་ཁྲིད་བྱ་རྒྱུ་དྭངས་བླངས་ཐོན་པ་གོ་ཐོས་བྱུང་ཡོད། མདའ་དཔོན་དབྲ་ཕྲུག་གིས་དྲན་གསོ་བྱས་ཏེ་ཞུས་དོན། ཚོགས་འདུའི་སྐབས་ཨུ་བཱན་དང་ངའི་གྲོགས་པོ་མདའ་དཔོན་བྱམས་པ་སྐལ་ལྡན་གཉིས་ཀྱིས་དམག་འཁྲུག་ཁྲོད་མཉམ་ཞུགས་བྱ་རྒྱུ་དྭངས་བླངས་ཐོག་ཐག་གཅོད་གནང་སོང་། ཞེས་བརྗོད་ཡོད།

ཡང་དབྲ་ཕྲུག་ལགས་ཀྱིས། རྗེས་སུ་ང་ཚོ་ལ་ཁོང་ཚོའི་འཆར་གཞི་དེ་དག་བཤད་བྱུང་། ཐོག་མར་ངས་ཡོང་གི་མ་རེད་ལབ་པ་ཡིན། བོད་དམག་ནི་རྒྱ་གར་གྱི་ཆེད་དུ་མ་ཡིན་པར་རྒྱ་དམར་གཞུང་ལ་དམག་འཐབ་བྱ་རྒྱུའི་དམིགས་ཡུལ་གཙོ་བོར་བཟུང་ནས་གསར་འཛུགས་བྱས་པ་ཞིག་ཡིན་ཞེས་ལབ་པ་ཡིན། ཞེས་འགྲེལ་བརྗོད་གནང་།

འོན་ཀྱང་མཐའ་མཇུག་ཏུ་རྡ་རམ་ས་ལ་ནས་བཙན་བྱོལ་བོད་གཞུང་གི་བདེ་སྲུང་ལས་ཁུངས་ནས་དེའི་ཐད་བཀའ་ཕེབས་པ་བཞིན་དབྲ་ཕྲུག་གིས་ངོས་ལེན་གནང་འདུག ཁོང་གིས། བདེ་སྲུང་ལས་ཁུངས་ནས་རྒྱ་གར་གྱི་ཆེད་དུ་དམག་འཁྲུག་ནང་མཉམ་ཞུགས་མ་བྱེད་ཐབས་མེད་ཡིན་ཚུལ་གསུངས་འདུག་པ་མ་ཟད། ད་ལྟ་རྒྱ་གར་གཞུང་གནས་སྟངས་ཛ་དྲག་ཆེན་པོ་ཞིག་གི་ནང་དུ་ལྷུང་ཡོད་པ་དང་། ང་ཚོ་བོད་དམག་གིས་དམག་འཁྲུག་ལ་མཉམ་ཞུགས་གནང་ན་རྒྱ་གར་མི་མང་མང་པོའི་ཚེ་སྲོག་སྐྱོབ་ཐུབ་ཀྱི་རེད་བརྗོད་འདུག ཅེས་དྲན་གསོ་གནང་སྟེ་བརྗོད་སོང་། སྐབས་དེ་ནས་དམག་དཔོན་ཨུ་བཱན་བརྒྱུད་བོད་དམག་རྣམས་རྒྱ་གར་གྱི་ཕྱི་སྲིད་གསང་བའི་ལས་ཁུངས་ཀྱི་འགན་འཁུར་བ་ཨར་ཨེན་ཀའོ་ལགས་དང་འབྲེལ་བ་ཐད་ཀར་བྱུང་བ་རེད།

དབྲ་ཕྲུག་གིས། ང་ཚོ་དམག་འཁྲུག་དེར་མཉམ་ཞུགས་བྱ་རྒྱུའི་ཐག་གཅོད་གཙང་མ་བྱུང་རྗེས། མདའ་དཔོན་དོན་གྲུབ་རྒྱ་སྟོད་ཚང་(ཕྱི་ལོ་ ༡༩༧༡ དམག་འཁྲུག་ཁྲོད་ཚེ་སྲོག་ཤོར་)དང་། དམའ་དཔོན་པད་དཀར་འཕྲིན་ལས། དེ་བཞིན་ང་རང་བཅས་བརྩིས་ཏེ་བོད་དམག་སྡེ་ཚན་གསུམ་དུ་བགོས་པ་ཡིན། དམག་འཁྲུག་སྐབས་ང་ཚོ་རེ་རེས་དམག་མི་སྡེ་ཚན་རེ་རེ་འཁྲིད་རྒྱུའི་ཐག་གཅོད་བྱས། སྐབས་དེར་མདའ་དཔོན་བྱམས་པ་སྐལ་ལྡན་ལགས་ལ་དམག་མིའི་ཉམས་མྱོང་ཡོད་ཀྱང་ལོ་ཚད་ཀྱིས་རྐྱེན་པས་དམག་འཁྲུག་ཁྲོད་མཉམ་ཞུགས་བྱས་ཐུབ་ཡོད་པ་མ་རེད། ཁོང་གིས་རྒྱ་གར་གཞུང་དང་བོད་དམག་བར་ལ་འབྲེལ་མཐུད་པ་གནང་བ་རེད། ཅེས་འགྲེལ་བརྗོད་གནང་།

བོད་དམག་གི་ཡིད་འོང་འཕྲོག་པའི་ལོ་རྒྱུས་མུ་མཐུད་དེ་ལྟར་ཕྱིན་པ་རེད། བོད་མི་ཚོས་སོ་སོའི་རྒྱལ་ཁབ་མིན་ཡང་རྒྱ་གར་རྒྱལ་ཁབ་ཆེད་རང་སྲོག་བློས་གཏོང་གིས་དམག་རྒོལ་བྱས་པར་བརྟེན། ཅཱི་ཏ་གཱོང་ཚུར་འཕྲོག་རྗེས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཀའོ་ལགས་ཨུ་ཏར་ཁན་དུ་རྟེན་གཞི་བྱེད་པའི་བོད་ཀྱི་དམག་སྒར་དུ་ཁོང་ཚོ་ཐུག་ཕྲད་ལ་ཕྱིན་ཏེ། དམག་འཁྲུག་ཁྲོད་ཀྱི་བོད་ཀྱི་དཔའ་སྟོབས་ལ་བསྔགས་བརྗོད་དང་གཟེངས་རྟགས་གནང་ཡོད་འདུག 

དམག་རྒོལ་གྱི་གོང་དུ། 

བོད་དམག་རྣམས་དམག་འཁྲུག་དངོས་སུ་མ་འབྱུང་གོང་ནས་ཤར་པཱ་ཀི་སི་ཐན་ནང་ཟླ་ཤས་སྔོན་ནས་སླེབས་ཟིན་ཡོད། འོན་ཀྱང་དེར་ཡ་མཚན་སྐྱེ་དགོས་པ་མེད། མདའ་དཔོན་བྱམས་པ་སྐལ་ལྡན་ལགས་ཀྱིས་ལོ་ཤས་གོང་ང་ཚོ་ལ་བརྗོད་པ་ལྟར་ན། རྒྱ་གར་དམག་མིས་བཱང་ལ་དེ་ཤི་ཡི་འཇབ་དམག་རྒྱག་མཁན་ཁ་ཤས་ལ་ཐོག་མ་ཉིད་ནས་རྒྱ་གར་གྱི་མངའ་སྡེ་ཏཱ་མིལ་ན་ཌུའི་(Tamil Nadu)སོགས་ཀྱི་ནང་དུ་འཇབ་དམག་བརྒྱབ་རྒྱུའི་དམག་སྦྱོང་སྤྲད་ཡོད་ཟེར།

རྒྱ་གར་དམག་མིས་དམག་གྲ་སྒྲིག་མ་བྱེད་གོང་གི་ལོ་གཅིག་སྟེ་ཕྱི་ལོ་ ༡༩༧༠ ཟླ་ ༡༢ པའི་ནང་རྒྱ་གར་གྱི་དམག་མི་ཚོར་དམག་འཁྲུག་འབྱུང་རྒྱུའི་ཉེན་ཁ་ཡོད་པའི་གནས་ཚུལ་སྤྲད་ཟིན་ཡོད། ཕྱི་ལོ་ ༡༩༧༡ ཟླ་ ༣ པའི་ནང་རྒྱ་གར་གྱི་ནུབ་བྷང་གཱལ་(West Bengal)ནང་ཡོད་པའི་སྐྱབས་བཅོལ་བ་ས་ཡ་མང་པོའི་གནད་དོན་རྣམས་སེལ་ཕྱིར། རྒྱ་གར་གྱིས་བཱང་ལ་དེ་ཤི་རྒྱལ་ཁབ་བཅིངས་གྲོལ་གཏོང་བར་ངེས་པར་དམག་འཐབ་བྱེད་དགོས་པའི་གནས་སྟངས་ཆགས་ཡོད། བྱམས་པ་སྐལ་ལྡན་ལགས་ཀྱིས་ཕྱི་ལོ་ ༡༩༧༡ ཟླ་ ༢ པའི་ནང་བོད་ཀྱི་བསྟན་སྲུང་དྭངས་བླངས་དམག་མི་རྣམས་མུཀ་ཏི་བཱ་ཧི་ནཱི་མཉམ་དུ་བཱང་ལ་དེ་ཤི་རྒྱལ་ཁབ་ནང་འཛུལ་ཚར་ཡོད་ཚུལ་བརྗོད་སོང་། ཐོག་མར་དམག་མི་ཚོས་དམག་ས་ལ་རྟོག་ཞིབ་བྱེད་རྒྱུ་ཙམ་ཞིག་ལས་གཞན་འཆར་གཞི་གང་ཡང་མེད། གང་ཡིན་ཟེར་ན། དམག་འཁྲུག་དངོས་དེ་ཕྱི་ཟླ་ ༣ པའི་(ཕྱི་ལོ་༡༩༧༡)ནང་བརྒྱབ་རྒྱུ་ཐག་གཅོད་བྱུང་ཡོད་ཀྱང་། བོད་དམག་ཚོ་ཕྱི་ཟླ་ ༢ པའི་ནང་བཱང་ལ་དེ་ཤི་རྒྱལ་ཁབ་ནང་འཛུལ་ཚར་ཡོད་པ་མ་ཟད། བྱམས་པ་སྐལ་ལྡན་ལགས་དམག་འཁྲུག་གི་ཟླ་བ་གཉིས་གོང་ནས་དམག་སར་སླེབས་ཡོད་ལུགས་ཀྱང་བརྗོད་སོང་།

བྱམས་པ་སྐལ་ལྡན་ལགས་ཀྱིས། མུཀ་ཏི་བཱ་ཧི་ནཱི་ནི་འཇབ་དམག་གི་ཇུས་གཏིང་བར་མཁས་ཤིང་། འཇབ་དམག་གི་རྩལ་ཡོད་མཁན་ཞིག་རེད། དེར་བརྟེན་མུཀ་ཏི་བཱ་ཧི་ནཱི་ལགས་སུ་འཇབ་དམག་གི་འགན་ཡོངས་སུ་སྤྲད་པ་དང་། ཁོང་གིས་འགོ་ཁྲིད་ནས་འཇབ་དམག་བརྒྱབ་རྒྱུ་དང་། ང་ཚོ་ནི་མུཀ་ཏི་བཱ་ཧི་ནཱི་ལགས་སུ་རོགས་སྐྱོར་བྱེད་རྒྱུ་འགན་སྤྲད་པ་མ་ཟད། ཁོང་ཚོར་དམག་འཁྲུག་སྐབས་དཔུང་རོགས་བྱེད་མཁན་ཡིན། དམག་རྒོལ་དངོས་ནི་ཕྱི་ཟླ་ ༣ པའི་ནང་བྱུང་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་སོང་། དམག་འཁྲུག་དེ་ནི་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་བཱང་ལ་དེ་ཤི་རྒྱལ་ཁབ་ཀྱི་དམག་སྤྱི་ཏིཀ་ཀ་( Tikka Khan)ཁན་གྱིས་ཌཀ་ཀ་(Dacca)གྲོང་འཁྱེར་ནང་སློབ་ཕྲུག་མང་པོ་ཞིག་སྡེབས་གསོད་བྱས་པའི་རྗེས་བརྒྱབས་པ་རེད།

རྒྱ་གར་ཀོལ་ཀ་ཏ་(Kolkata)གྲོང་འཁྱེར་གྱི་རྒྱ་གར་དམག་སྡེ་བསྟི་གནས་ཀྱི་དམག་སྤྱི་ཁ་ཤས་ཀྱིས་མ་གཏོགས་ཅཱི་ཏ་གཱོང་རི་ལུང་གི་བོད་ཀྱི་འཇབ་དམག་སྐོར་མ་ཤེས་པའི་རྒྱུ་མཚན་གང་ཡིན་དྲིས་པར། བྱམས་པ་སྐལ་ལྡན་ལགས་ཀྱིས། བོད་དམག་གི་བསྟི་གནས་ནི་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་པ་མ་ཟད། ཅཱི་ཏ་གཱོང་གི་འཇབ་དམག་སྐབས་དམག་སྤྱི་ཨུ་བཱན་དང་ལྷན་དུ་ལས་ཀ་བྱས་པས་ཡོངས་གྲགས་མ་ཆགས་པ་རེད། ཅེས་ཟེར།

རྒྱུ་མཚན་དེ་ལ་བརྟེན་ནས་མང་པོ་ཞིག་གིས་དམག་འཁྲུག་དེར་བོད་དམག་གི་མཉམ་ཞུགས་སྐོར་ལེགས་པར་མ་ཤེས་པ་མ་ཟད། ཅཱི་ཏ་གཱོང་གི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རྗེས་བོད་དམག་རྣམས་རྒྱ་གར་གྱི་དམག་མིའི་ལྷན་དུ་རྒྱལ་ཁའི་རུ་སྒྲིག་གོམ་འགྲོས་ལ་མཉམ་ཞུགས་བྱེད་བཅུགས་མེད་པ་ནི་ཐབས་སྡུག་ཅིག་བྱུང་བ་མ་ཟད། དེ་ནི་ཕྲག་དོག་རང་རེད།

བོད་དམག་ལ་དམག་གི་གནམ་གྲུ་(helicopter)གཅིག་མ་གཏོགས་སྤྲད་མེད། གནམ་གྲུའི་ཁ་ལོ་བ་པཱར་ཝིས་རུས་ཊོམ་ཇི་ཇ་མས་ཇི་(Parvez Rustomji Jamasji)ཟེར་བ་ཞིག་ཡོད་པ་དེས་དམག་མི་ཚོར་ཟས་རིགས་དང་། སྲོག་སྐྱོབ་བྱེད་ཀྱི་ཡོ་ཆས་སོགས་དགོས་མཁོ་ཡོད་ཚད་གནམ་ནས་དམག་སར་གཡུགས་པ་རེད། སྟབས་ལེགས་པ་ཞིག་ལ་རྗེས་སུ་གནམ་གྲུའི་ཁ་ལོ་བ་གཞོན་ནུ་དེར་རྒྱ་གར་གཞུང་གིས་རྒྱ་གར་གྱི་གཟེངས་རྟགས་ཆེ་ཤོས་གྲས་(Vir Chakra)ཞེས་པ་དེ་ཕུལ་ཡོད།

འོན་ཀྱང་བོད་དམག་ཚོས་དམག་འཁྲུག་དེར་མཉམ་ཞུགས་བྱས་པའི་ཐུགས་རྗེ་ལེགས་འབུལ་ཚུལ་དུ་བོད་དམག་ལ་གཞུང་འབྲེལ་གྱི་ཁྱབ་བསྒྲགས་དང་རྔན་པ་གང་ཡང་སྤྲད་ཡོད་པ་མ་རེད།

མཆན། དཔྱད་བརྗོད་འདི་ནི་རྒྱ་གར་གྱི་གསར་ཤོག་(FirstPost)ཞེས་པའི་སྟེང་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༨ ཉིན་བཀོད་ཡོད། དཔྱད་བརྗོད་པ་ཁོང་ནི་རྩོམ་པ་པོ། གསར་འགོད་པ། ལོ་རྒྱུས་སྨྲ་བ། བོད་རིག་པ་སྨྲ་བ། དེ་བཞིན་རྒྱ་ནག་སྐོར་ལ་མཁས་པ་ཞིག་ཡིན། གོང་བརྗོད་དེ་ནི་ཁོང་སྒེར་གྱི་བསམ་ཚུལ་ཡིན།

མ་ཡིག་གི་འབྲེལ་ཐག The Phantoms of Chittagong: The unsung Tibetan heroes of the 1971 Bangladesh liberation war

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༨ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༩ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese