མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་འཕྲོག་བྱས་པའི་ས་ཆའི་ཆེད་བོད་མིས་ངོ་རྒོལ་བྱས་འདུག  

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp
བོད་སྐྱེ་རྒུ་མདོ་ཁུལ་སྡོམ་མདའ་ཡུལ་ཚོའི་རྫ་དམར་དང་སྐར་ཆེན་སུམ་མདོ་བཅས་སུ་ཟླ་ཤས་གོང་རྒྱ་ནག་གཞུང་གིས་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུ་ཡིན་ལུགས་བརྗོད་དེ་ས་གནས་བོད་མིའི་ས་ཆ་གཞུང་བཞེས་བཏང་སྟེ་ས་རིན་ཆ་ཚང་མ་སྤྲད་པར་བརྟེན་ཡུལ་མིས་ངོ་རྒོལ་བྱས་འདུག

དེ་རིང་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། འདི་ལོར་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ཁུལ་སྡོམ་མདའ་ཡུལ་ཚོའི་རྫ་དམར་དང་སྐར་ཆེན། སུམ་མདོ་བཅས་སུ། རྩྭ་ས་སྲུང་སྐྱོབ་ཆེད་སྤྱི་གླིང་འཛུགས་སྐྲུན་དགོས་པར་ཁ་གཡར་ཏེ་ས་གནས་ཡུལ་མིའི་ས་ཆ་སྤྱི་ལེ་ ༥ ཙམ་གཞུང་གིས་བླངས་ཏེ། ས་རིན་སོགས་རྗེས་སུ་སྤྲོད་དགོས་སྐོར་བརྗོད་ཡོད་ན་ཡང་། ད་ལྟ་བར་དུ་ས་རིན་ཆ་ཚང་སྤྲད་མེད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ས་གནས་ཡུལ་མི་དང་ལས་བྱེད་བར་ཁ་རྩོད་དང་འཁྲུག་འཛིང་སོགས་བྱུང་ཡོད་འདུག

འདི་གའི་གནས་ཚུལ་མཁོ་སྤྲོད་པས། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ས་གནས་ཡུལ་མི་ཁག་ཅིག་ནས་ས་རིན་ཆེད་ས་གནས་སྲིད་གཞུང་གི་ལས་བྱེད་སྐད་བཏང་སྟེ་སྐད་ཆ་བཤད་སྐབས། ལས་བྱེད་པས་ས་རིན་སྤྲོད་མིན་གང་ཡང་མ་བཤད་པར་ས་ཆ་རྒྱལ་ཁབ་ཀྱི་ཡིན་ལུགས་དང་རྒྱལ་ཁབ་ཀྱི་བདག་དབང་ལ་རྩོད་ལེན་བྱས་ན་མཇུག་འབྲས་ལེགས་པོ་མེད་སྐོར་བརྗོད་དེ་སྡིགས་ར་བསྐུལ་ཡོད་པ་མ་ཟད། སྐབས་དེར་པར་བརྒྱག་པ་དང་བརྙན་ལེན་པ་སོགས་གཏན་ནས་མི་ཆོག་སྐོར་བརྗོད་པའི་རྐྱེན་གྱིས། ཕྱོགས་གཉིས་བར་ཁ་རྩོད་དང་འཁྲུག་འཛིང་བྱུང་ཡོད་པ་དང་། མི་མང་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་པ་ལ་བརྟེན་ནས་ད་ལྟའི་ཆར་འཛུགས་སྐྲུན་ལས་གཞི་དེ་མཚམས་བཞག་ཡོད་སྐོར་བརྗོད་བྱུང་།
ཡང་ཁོང་གིས། ས་གནས་ཡུལ་མི་དང་ལས་བྱེད་བར་འཁྲུག་འཛིང་བྱུང་སྐབས་རྨས་སྐྱོན་སོགས་དོན་རྐྱེན་ཆེན་པོ་གང་ཡང་བྱུང་མེད་ན་ཡང་། སྐབས་དེར་ས་གནས་དེར་ཡོད་པའི་ཡུལ་མི་ཚོའི་ཁ་པར་ནང་བླངས་བའི་པར་དང་བརྙན་སོགས་བཙན་གྱིས་བསུབ་བཅུག་ཡོད་པ་དང་། མ་འོངས་པར་བོད་མི་དེ་དག་ལ་གནས་ཚུལ་ག་རེ་བྱུང་མིན་སོགས་ད་ལྟའི་ཆར་ཚོད་དཔག་བྱེད་ཁག་པོ་ཡིན་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ནི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཟེར་བ་ཚོད་ལྟ་ལག་བསྟར་སྔ་ཤོས་དང་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གཅིག་པུ་དེ་ཡིན་ཚུལ་བསྒྲགས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༣ པའི་ནང་བོད་སྐྱེ་རྒུ་མདོ་ཁུལ་གྱི་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་ཟེར་བའི་ལས་གཞི་དེའི་ཆེད་《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》ཟེར་བ་བཀྲམས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་དབུས་གཞུང་གིས་ཆོག་མཆན་སྤྲད་པའི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་དང་པོ་ཟེར་བར་གྱུར་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ཟེར་བ་ཞིག་གི་ལས་བཙུགས་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཟེར་བ་དེའི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ ༣༡་གྲུབ་ཡོད་ལུགས་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འདུ་ཤེས་ཆེན་པོ་ ༩ གཏན་འབེབ། དོ་དམ་མ་ལག ༡༥ ཟེར་བའང་གྲུབ་ཡོད་པར་བཤད་འདུག འདས་ལོར་ས་གནས་བོད་མི་ཁག་ཅིག་ནས་འདི་གའི་གསར་འགོད་པར། ས་གནས་གཞུང་གིས་ཁྱིམ་ཚང་རེ་རེ་བཞིན་གྱི་ལས་མི་ཆེད་གཏོང་དགོས་པའི་བཀའ་བཀོད་བཏང་བ་བཞིན་རྒྱལ་ཁབ་སྤྱི་གླིང་ཟེར་བར་ས་སྙོམས་པ་དང་ལམ་བཟོ་བར་འགྲོ་ཡི་ཡོད་པ་དང་། ལས་མི་མ་བཏང་ན་ཉེས་ཆད་གཅོད་ཀྱི་ཡོད་པས་ལས་གླ་ཆུང་ཆུང་ལས་མེད་ཀྱང་ལས་ཀར་ཉིན་རྒྱུན་འགྲོ་བཞིན་ཡོད་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་ཕྱོགས་ཀྱི་གནས་ཚུལ་ནང་།  མཚོ་བོད་ས་མཐོ་ནི“འཛམ་གླིང་གི་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཡིན། རྒྱལ་ཁབ་ཀྱིས་བོད་ཀྱི་འབྱུང་ཁམས་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། བོད་དུ་བྱང་ཐང་དང་། ཡར་ཀླུང་གཙང་པོའི་རོང་ཆེན། ཇོ་མོ་གླང་མ་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ ༡༡ དང་། རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་ ༤། རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་ ༣། རྒྱལ་ཁབ་ནགས་ཚལ་སྤྱི་གླིང་༩། རྒྱལ་ཁབ་འདམ་རའི་སྤྱི་གླིང་ ༢༢ སོགས་བསྐྲུན་ཡོད་པར་བཤད།
འདི་ལོའི་ཟླ་དང་པོར་གཏན་འབེབ་བྱས་པའི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་མཐོ་ས་གཏོང་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་ནང་།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བ་དང་དེའི་འབྲེལ་ཡོད་ཚན་པས་ཇོ་མོ་གླང་མ་དང་བྱང་ཐང་།  གདང་ལའི་བྱང་ཕྱོགས་བོད་ལྗོངས་ཁུལ་སོགས་རྒྱལ་ཁབ་སྤྱི་གླིང་གི་བཀོད་ཁྱབ་ནང་འཇུག་རྒྱུ་དང་།  མཚོ་བོད་ས་མཐོ་དེ་འཛམ་གླིང་གི་ཤུལ་བཞག་རང་བྱུང་དང་རིག་གནས་ཀྱི་རེ་ཞུའི་རྣམ་གྲངས་ལ་སྐུད་འདེད་གཏོང་རྒྱུ།  ས་གོ་ལའི་གླིང་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་གྲོས་གཞི་བཏོན་ཡོད་ཚུལ་བཤད།
རྒྱ་གཞུང་གིས་བོད་ཁུལ་དུ་འཛུགས་སྐྲུན་སྣ་ཚོགས་བྱེད་བཞིན་པ་ལྟར། ལས་གཞི་དེ་དག་གིས་བོད་ཁུལ་གྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ལོར་དབྱིན་ཇིའི་ཆབ་སྲིད་སློབ་དཔོན་རྩོམ་པ་པོ་ལྕམ་ཧྥི་ན་མེག་ཀཱེ་ཡིས་(FionaMcKay)ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་འཛམ་གླིང་གི་སྤྱི་གླིང་ཆེ་ཤོས་བཟོ་འཆར་ཡོད་འདུག་ཅེས་པའི་ཆེད་རྩོམ་ཞིག་སྤེལ་བའི་ནང་།  གལ་སྲིད་རྒྱ་ནག་གཞུང་གིས་ལས་འཆར་དེ་དངོས་སུ་མགོ་འཛུགས་བྱས་ཚེ། ད་ལྟ་བོད་མི་གནས་སྡོད་བྱེད་ཡུལ་མང་པོ་ཞིག་ལས་གཞི་དེའི་ཁོངས་སུ་ཚུད་རྒྱུ་ཡིན་པ་མ་ཟད། ཡུལ་མི་རྣམས་ཀྱིས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ལས་རིགས་མང་པོ་ཞིག་ཀྱང་མཚམས་འཇོག་དགོས་ཆགས་ངེས་རེད། ཅེས་བརྗོད་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese